མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕག་གི་ཆམ་ནད་འགོས་ཚད་ཇེ་མགྱོགས་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་བ་བཞིའི་སྔོན་དུ་ཕག་གི་ཆམ་ནད་མགོ་བཙུགས་པ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་མི་ ༧༠༠ ལྷག་འདས་གྲོངས་སུ་སོང་ཡོད་པ་རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པས་བཤད་འདུག

འདས་པའི་བདུན་ཕྲག་གསུམ་གྱི་ནང་དུ་ཕག་གི་ཆམ་ནད་ཕོག་པའི་མི་གྲངས་ལྡབ་གཉིས་འཕེལ་ཡོད་པ་མ་ཟད། འདི་ནི་ཆེས་མགྱོགས་ཤིང་འགོག་ཐབས་བྲལ་བའི་ནད་ཡམས་ཤིག་ཡིན་པ་ཡང་བཤད་འདུག་པ་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་འདུག

འཛམ་གླིང་ཁྱོན་ཡོངས་སུ་བརྟག་དཔྱད་བྱས་ཏེ་ནད་རྟགས་དངོས་སུ་ཐོན་པའི་མི་ ༡༢༥༠༠༠ ཡོད་པའི་གནས་ཚུལ་སྤེལ་ཡོད་ན་ཡང་། དངོས་ཡོད་ཀྱི་གྲངས་ཀ་དེ་ལས་ལྡབ་འགྱུར་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Margaret Chan མར་གྷ་རེ་ཊ་ ཆན་ གྱིས་འདི་ནི་སྔོན་ཆད་མཐོང་མ་མྱོང་བའི་ཆམ་པའི་ནད་ཡམས་ཆེ་ཤོས་ཤིག་ཆགས་རྒྱུ་རེད་ཟེར།

རྒྱ་གར་ནང་དུ་ཟླ་འདིའི་ཚེས་ ༡༦ བར་ཕག་གི་ཆམ་ནད་ཡོད་པའི་མི་ ༢༥༡ ལ་ཟིན་ཡོད་པ་རེད། མི་འདི་དག་མང་ཆེ་བ་ཨ་རི་དང་དབྱིན་ཡུལ། མ་ལེ་ཤི་ཡ། ཧོང་ཀོང་། ཨིན་ཌོ་ནེ་ཤི་ཡ་ནས་ཡོང་བའི་རྒྱ་གར་བ་རྣམས་ཡིན་འདུག རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། མི་ ༡༢༩༣ ལ་ནད་འདི་ཡོད་མེད་བརྟག་དཔྱད་བྱས་ཡོད་པ་དང་། དེའི་ནང་ནས་མི་ ༢༥༡ ལ་ཕག་ཆམ་གྱི་ནད་རྟགས་ཐོན་འདུག

བོད་ནང་དུ་སྤྱི་ཟླ་གསུམ་པ་དང་ལྔ་བའི་ནང་དུ་ཕྱི་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་དང་རྒྱ་མི་ཁ་ཤས་ཤིག་ལ་ནད་རྟགས་ཐོན་ཡོད་པ་ལས། དེའི་རྗེས་སུ་མི་སུ་ལའང་ནད་རྟགས་ཐོན་ཡོད་པའི་གནས་ཚུལ་མེད་ན་ཡང་། ད་ལྟ་རྒྱ་ནག་ཏུ་དངོས་སུ་ནད་རྟགས་ཡོད་པའི་མི་ ༢༠༠༠ ལྷག་ཡོད་འདུག

བཙན་བྱོལ་སྤྱི་ཚོགས་སུ་ད་ལྟ་ཕག་གི་ཆམ་ནད་ཀྱི་ནད་རྟགས་ཐོན་མེད་ན་ཡང་། རྡ་སའི་ས་ཁུལ་འདི་ནི་ཕྱི་ནས་ཡོང་བའི་ཡུལ་སྐོར་བའི་ལྟེ་གནས་ཤིག་ཡིན་སྟབས། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ཆེད་དུ་གངས་སྐྱིད་བདེ་ལེགས་སྨན་ཁང་དུ་སོང་སྟེ་སྨན་པ་ཚེ་རིང་དོན་གྲུབ་ལ་ཁོང་ཚོར་ནད་རིགས་འདི་སྔོན་འགོག་གི་བྱ་འགུལ་གང་ཡོད་དྲིས་པའི་ལན་དུ་ཁོང་གིས་གསུངས་དོན། ང་རང་ད་ལྟ་གུང་གསེང་ནས་ཕྱིར་སླེབས་ཙམ་ཡིན། འགན་འཛིན་དང་སྨན་པ་རྣམས་ཀྱིས་འདིའི་ཐོག་ལ་བསམ་བློ་ཏན་ཏན་བཏང་ཡོད་པ་རེད་བསམ་གྱི་འདུག ཡིན་ན་ཡང་། འདི་ང་ཚོ་གཅིག་པུས་བསྒྲུབ་རྒྱུ་ཁག་པོ་རེད། སྤྱིར་བཏང་ཆམ་པ་ལ་རིགས་མང་པོ་ཡོད་པ་རེད། དེའི་ནང་ནས་ལམ་སེང་འདི་ཕག་གི་ཆམ་ནད་རེད་ཟེར་རྒྱུ་ཁག་པོ་རེད། ཆམ་ནད་ཡོད་པའི་མི་མང་པོ་རེད། དེའི་སྟེང་དུ་ནད་འདིའི་ནད་རྟགས་ཆམ་ནད་གཞན་དང་མི་འདྲ་བ་ཞེ་དྲག་ཡོད་པ་མ་རེད།
སྔོན་འགོག་གི་ཐབས་ལམ་གང་ཡོད་དྲིས་པའི་ལན་དུ་ཁོང་གིས། ལག་པ་ཡང་ནས་ཡང་དུ་འཁྲུ་དགོས་པ་དང་། མི་ཚོགས་མང་པོའི་དཀྱིལ་དུ་མི་འགྲོ་བ། སོ་སོ་ལུ་གིན་ཡོད་ན་ལུད་པ་གང་སར་མི་གཡུག་རྒྱུ་གལ་ཆེན་པོ་རེད། ཁ་ལག་ཡག་པོ་ཟས་ཏེ་གཟུགས་པོ་ཡག་པོ་ཡོད་ན་ནད་ཚ་འདིའི་རིགས་ལ་སྨན་ཟ་མི་དགོས་པར་རང་ཤུགས་ཀྱིས་དྲག་འགྲོ་བ་ཞིག་རེད་ཟེར།

བོད་གཞུང་སྨན་རྩིས་ཁང་གི་ནད་རིགས་ཉམས་ཞིབ་སྡེ་ཚན་གྱིས་བོད་ལུགས་སྨན་པ་རིག་འཛིན་བཟང་མོ་ལ་སྨན་རྩིས་ཁང་ལ་ནད་ཡམས་འདིའི་ཆེད་དུ་དམིགས་པའི་བྱ་འགུལ་ཡོད་མེད་ཀྱི་སྐོར་ལ་དྲིས་པའི་ལན་དུ་ཁོང་གིས་གསུངས་དོན། ང་ཚོ་ནད་རིགས་ཉམས་ཞིབ་སྡེ་ཚན་གྱི་ངོས་ནས་བྱ་འགུལ་དེ་འདྲ་གང་ཡང་མེད། གང་ཡིན་ཟེར་ན། ནད་ཡམས་འདི་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་བསླེབས་ཡོད་པ་མ་རེད། རིལ་སྲུང་དེ་ག་དུས་ཡིན་ནའང་ཡོད་ཡོད་པ་རེད། རིལ་སྲུང་འདིས་འགོ་བའི་ཆམ་ནད་ཀྱི་རིགས་ཚང་མར་ཕན་གི་རེད། རིལ་བུ་འདི་སྐེ་ལ་བཏགས་ཏེ་དྲི་མ་རྔུབ་རྒྱུ་ཞིག་རེད། མི་ཁ་ཤས་ཀྱིས་ཟོས་པའི་ལོ་རྒྱུས་ཀྱང་གོ་རྒྱུ་འདུག

འདིའི་ཐད་གཟབ་དགོས་པའི་གནད་གང་ཡོད་དྲིས་པའི་ལན་དུ་ཁོང་གིས། ཕག་གི་ཆམ་ནད་འདི་ཧ་ཅང་འགོ་སླ་བོ་ཞིག་རེད། ཁ་རླངས་བརྒྱུད་ནས་འགོ་བ་དང་ཕག་ཆམ་ཡོད་མཁན་གྱིས་ལག་པ་འཆིངས་པའི་ཅ་དངོས་ནས་འགོ་སྲིད་པ་རེད། གཙང་སྦྲ་བྱེད་རྒྱུ་གལ་ཆེན་པོ་རེད་ཟེར།

སྤྱིར་བཏང་ཕག་ཆམ་འདི་མི་ལ་མང་བོར་མི་འགོ་ཞིང་། འགོས་ཀྱང་ནམ་རྒྱུན་ཕག་གི་བཟོ་གྲྭའི་མི་རྣམས་ལ་འགོ་བ་ཞིག་ཡིན་འདུག

ལོ་འདིར་བྱུང་བའི་ཕག་ཆམ་འདི་ཐོག་མར་སྤྱི་ཟླ་བཞི་བའི་ནང་དུ་མེག་སི་ཀོ་ནས་ངོས་འཛིན་ཐུབ་འདུག དེ་ནས་ཕྱོགས་ཡོངས་སུ་ཁྱབ་པར་བརྟེན། རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པས་སྤྱི་ཟླ་དྲུག་པའི་ཟླ་མགོར་འདི་ནི་ནད་ཡམས་ཤིག་ཡིན་པའི་ཁྱབ་བསྒྲགས་བྱས། དུས་ཚིགས་དེ་ནི་འཛམ་གླིང་ལྷོ་ངོས་ལ་དགུན་ཁ་ཡིན་ཞིང་ཆམ་ནད་ཕོག་པའི་དུས་ཚོད་ཡིན་སྟབས། དེར་ཡོད་པའི་རྒྱལ་ཁབ་ཚོའི་ནང་དུ་ཁྱབ་པ་རེད། རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པས་ལོ་འདིའི་ལོ་མཇུག་བར་དུ་ཕག་ཆམ་སྔོན་འགོག་གི་ཁབ་འགྲུབ་རྒྱུ་མིན་པའི་ཚོད་དཔག་བྱས་ཡོད་ན་ཡང་། དབྱིན་ཡུལ་དུ་སྔོན་འགོག་ཁབ་སྤྱི་ཟླ་བརྒྱད་པའི་ཟླ་མགོ་བར་འགྲུབ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད། ད་ལྟ་ཨོ་སི་ཊོ་ལི་ཡའི་ནང་དུ་དང་བླངས་བ་མི་སུམ་བརྒྱ་ལྷག་ལ་ཕག་ཆམ་སྔོན་འགོག་གི་ཁབ་ཅིག་ཚོད་ལྟ་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. འཕྲིན་ལས says:
    ལོ་ 17 སྔོན།

    རྭ་ལོ་ལགས་ཁྱོད་ཀྱིས་ཕག་ཤ་ཟོས་དང་སྐྱོན་མེད། ནད་རིགས་འདི་དང་པོ་ཕག་ནས་བྱུང་བ་ཞིག་ཡིན་ཡང་། ད་ལྟ་མི་བརྒྱུད་ནས་འགོས་ལས་ཕག་ལ་ཡོད་པའི་སྐད་ཆ་ཨེ་ཤེ་ཡའི་ཡུལ་དུ་མེད།

    Reply
  2. རྭ་ལོ། says:
    ལོ་ 17 སྔོན།

    དབྱིན་ཇིའི་རྒད་པོ་ཚོ་མགོ་བདེ་བོ་ཡོད་པ་རེད་དེ། འདི་འདྲའི་ཁ་བདེ་བོ་ཞིག་ཡོད་པ་ད་བར་མ་ཤེས།

    Reply
  3. ནད་པ says:
    ལོ་ 17 སྔོན།

    ཕག་ཆམ་འདི་ནད་གཞི་ཧ་ཅང་གི་ཛ་དྲག་ཅིག་མིན་པ་འདྲ། དེ་ལ་ཡང་བཅོས་ཐབས་ཤིག་ཡོད་པ་འདྲ། ཡིན་ནའང་ང་ཚོས་སོ་སོའི་འཕྲོད་བསྟེནལ་ངེས་པར་དུ་དོ་སྣང་བྱེད་དགོས།

    དབྱིན་ཇིའི་གཏམ་དཔེ་གཅིག་ལ་ Health is wealth ཞེས་གཟུགས་གཞི་བདེ་ཐང་ནི་དོན་དངོས་ཐོག་རྒྱུ་ནོར་ཞིག་ཡིན་པ་བསྟན་ཡོད།

    Reply
  4. རྭ་ལོ། says:
    ལོ་ 17 སྔོན།

    ཕག་ཤ་ཟ་ཉན་མི་ཉན་ཤེས་སམ། ང་ནི་ཕག་ཤ་ཟ་རྒྱུར་དགའ་བོ་ཡོད། སྔོན་མ་བྱ་ནད་བྱུང་དུས་བྱ་ཤའང་མི་ཟ་བ་དང་། ཐ་ན་བྱ་མང་པོ་གསོད་ཀྱིན་པ་མཐོང་བྱུང་། སྐུ་མཁྱེན་ལམ་སྟོན་ཞིག་གནང་རོགས། དེ་མིན་དུས་ཕག་ཤ་ཟས་ཏེ་ང་ལའང་ཕག་ནད་ཕོག་རྒྱུ་ཡིན་པ་འདྲ།

    Reply
  5. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    ནད་འདིའི་རིགས་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་དང་མི་མང་རང་ངོས་ནས་ཀྱང་ཉིན་རེའི་འཚོ་བའི་ནང་དངས་ལེན་བྱེད་རྒྱུ་གལ་ཆེན་ཡིན།
    མ་གཞི་ཆམ་ནད་རིགས་སྣང་མེད་དུ་འཇོག་རྒྱུའི་གོམས་སྲོལ་ཞིག་འུ་ཅག་ལ་ཡོད་མུས་ཡིན།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་པ་ནད་པ་ཇི་རྙེད་པ། མྱུར་ཏུ་ནད་ལས་ཐར་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese