མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་ཉིད་ལ་བལྟས་དུས་ཐང་རེ་ཆད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp


རུས་རྐང་ཁྲག་གསུམ་ཆགས་པའི་བཟི་ཉིན་ནས།།
རང་ངོ་རང་གིས་མི་ཤེས་ང་འདྲ་ཚོས།།
རང་གི་འཚོ་བ་ཙམ་ལ་མགོ་འཁོར་ནས།།
རང་རིགས་སྲུ་ཞུ་སྒྲུབ་ལ་སྙིང་རུས་མེད།།

ང་ནི་ང་ལ་བལྟ་བཞིན་ཐང་རེ་ཆད།།
ང་ནི་ང་ཡིས་མཐོང་བཞིན་སྐྱུག་མེར་བླངས།།
ང་ནི་ང་ལ་ཉན་བཞིན་སེམས་ཤུགས་ཆག།
ང་ནི་ང་རང་མིན་པ་འདྲ་ཞིག་ཚོར།།

འདི་དང་འདི་འདྲའི་ཚོར་བ་རྫུན་མ་ཡིས།།
རང་གི་འགྲོ་འདུག་སྤྱོད་གསུམ་རོལ་ཐེངས་རེ།།
ཟིན་པ་མེད་པའི་དུས་ཀྱི་དགོས་མཁོའི་རིགས།།
ཆུད་ཟོས་ཤོར་བ་དག་ལ་ཕྱིར་ལེན་མེད།།

དགེ་སྡུག་ཁ་ལ་གོམ་ནས་ཡུན་རིང་བྱིན།།
རྒྱུ་འབྲས་ལག་པས་མ་འཁྱོང་ཚེ་ཕྱེད་འདས།།
དུག་དང་མཚོན་ཆ་ལྟ་བའི་སེམས་གཤིས་འདིས།།
བྲན་ཏུ་འཚུད་ནས་སྒྱུ་མའི་གཡོག་ལ་རྒྱུགས།།

ཉིན་རེ་རང་གིས་ལུས་ངག་ཡིད་གསུམ་འདི།།
ཅི་བྱེད་ཅི་བསམ་ཅི་འཇོན་ལྟ་དུས་སུ།།
ཁ་ནི་གསོན་པོ་མེ་ལྕེ་འབར་བ་ལས།།
ལག་པས་གང་ཡང་མི་ནུས་མཐོང་དུས་སྐྱོ།།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 18

  1. samkhar says:
    ལོ་ 14 སྔོན།

    དྲ་གྲོགས་ལགས་བཀླགས་ཟིན།
    ཐུགས་རྗེ་ཆེ།
    ཡུལ་ལུང་གཞན་ཞིག་ཏུ་ལྷན་དུ་འཛོམས་ཆོག

    Reply
  2. sha tak ri sim says:
    ལོ་ 14 སྔོན།

    སེམས་དང་བསམ་པ་ཟེར་ནས་བཅོས་རོགས་ཞུ།

    Reply
  3. sha tak ri sim says:
    ལོ་ 14 སྔོན།

    སེམས་པ་བསམ་པ་དཀར་པོའི་ཚོམས་པུ་ཞིག།
    དྲི་མེད་ངག་ནས་བཞུར་བའི་སྙིང་གི་གཏམ།།
    ཡང་དང་བསྐྱར་ཏུ་རྣ་བའི་ཐོས་ཐེངས་རེར།།
    སེམས་དང་གློ་བ་དགའ་བ་སྟོང་གིས་སྨྱོས།།

    བཅོས་མའི་ངག་ཚིག་སྨྲ་ལ་ཉིད་མི་དགའ།།
    མི་ཤེས་ཤེས་འདོག་སྟོན་རྒྱུར་ཉིད་མི་སྤྲོ།།
    རང་གིས་གང་འཇོན་གང་ཤེས་སྤུན་ཟླ་ཚོར།།
    ཁོམ་པའི་དུས་དང་བསྟུན་ནས་ལག་ལེན་བསྟོད།།

    བསེ་རུ་ཟེར་ནས་རང་ལ་མིང་ཞིག་བཏགས།།
    དོན་ལ་གནས་པའི་མིང་འདི་ཁྱེད་ལ་འོས།།
    གང་དུ་བཞུགས་ཡོད་བདག་གིས་མི་ཤེས་ཀྱང་།།
    གང་འདོད་བྱ་བཞག་ཀུན་ལ་བདེ་ལེགས་ཤོག།

    Reply
  4. samkhar says:
    ལོ་ 14 སྔོན།

    ཁྱེད་ཀྱི་མི་གཤིས་དྲང་པོས་ཐོག་མར་བཀུག།
    ཁྱེད་ཀྱི་ཨུ་ཚུགས་གཤིས་ཀས་བར་དུ་བཀུག།
    ཁྱེད་ཀྱི་བག་ཡངས་བློ་ཡིས་མཐའ་མར་བཀུག།
    ང་ནི་ཁྱེད་ཀྱི་མ་འབོད་མགྲོན་པོ་ཡིན།།

    མཁས་ཉམས་རྫིག་ཉམས་སྟོན་པར་ང་མི་དགའ།།
    ང་ཆེ་ང་བཙན་བྱ་བར་ང་མི་མགུ།།
    མེད་པར་ཡོད་མདོག་སྟོན་པར་ང་མི་དགའ།།
    ང་ནི་ཡིག་ནོར་བཅོས་པར་ཅིས་མི་དགའ།།

    Reply
  5. sha tak ri sim says:
    ལོ་ 14 སྔོན།

    འཇམ་པའི་དབྱངས་ཀྱི་སྲས་ཤིག་མ་ཡིན་ཡང་།།
    མགོན་པོ་མཆོག་གིས་རྗེས་བཟུང་ཁྱེད་ཉིད་ཀྱིས།།
    ཡང་ཡང་འདི་རུ་ཕེབས་ནས་གསུང་སྐད་ཅིག།
    བཅོས་མིན་སེམས་ནས་བརྡོལ་བ་ཐུགས་རྗེ་ཆེ།།

    བསེ་རུ་ཉིད་རང་རྒྱུན་ཏུ་འདིར་ཕེབས་ནས།།
    བདག་གི་ཡིག་ནོར་བཅོས་པ་སེམས་གཏིང་ནས།།
    བཀའ་དྲིན་ཞུ་བཞིན་ཞོར་ཏུ་རང་ཉིད་ཀྱིས།།
    ཡིག་ནོར་གང་ཞིག་བྲིས་པ་ཤེས་ཀྱི་འདུག།

    རྗེས་ཀྱང་འདི་ལྟར་ཡང་ཡང་ཁོམ་དུས་སུ།།
    འཛེམ་པ་མེད་པར་འདི་ལྟར་ཟིན་བྲིས་འདིར།།
    ཕེབས་ནས་ཡིག་ནོར་ངོས་འཛིན་བྱེད་རྒྱུ་ནི།།
    ཁ་ལས་ལག་ལེན་བྱས་པ་དགའ་བཞིན་བསྟོད།།

    Reply
  6. samkhar says:
    ལོ་ 14 སྔོན།

    དྲ་གྲོགས་རྣམས་ཀྱི་ཚིག་སྦྱོར་རྩོམ་ལུགས་འདིས།།
    ང་ཡང་སེམས་པའི་ཟས་ཀྱིས་ཚིམས་པར་བྱས།།
    དེ་རིང་མིག་གིས་བཟུང་བའི་ཡིག་ནོར་ཁག།
    མཐེབ་གཞོང་ཁྱར་ཁྱོར་བཀོལ་ཞིང་བཅོས་ཁུལ་བྱས།།

    རྨེ་སྔགས་ཁ་ནས་ཤོར་བའི་བུ་ཆུང་ངར།།
    སྨྲེ་ངག་ཁ་ནས་ཤོར་བའི་བུ་ཆུང་ངར།།

    ཐིགས་པ་རེ་རེ་ཟེགས་པའི་ངང་ཚུལ་ལ།།
    ཐིགས་པ་རེ་རེ་ཟགས་པའི་ངང་ཚུལ་ལ།།

    བུ་ངའི་སེམས་སུ་གཏན་པོར་གཉར་ངེས་ཡིན།།
    བུ་ངའི་སེམས་སུ་གཏན་པོར་ཉར་ངེས་ཡིན།།

    Reply
  7. jamgon says:
    ལོ་ 14 སྔོན།

    ཡང་ཞེས་པ་གསུངས་དབྱངས་བཅོས་རོགས།

    Reply
  8. jamgon says:
    ལོ་ 14 སྔོན།

    རང་ཉིད་རང་ལ་འཁང་བ་མ་བྱེད་ཅིག།།
    རང་གི་ཡིད་ལ་སྒོམ་ཚུལ་མི་འགྲུབ་པ།།
    འཇིག་རྟེན་ཆོས་ཉིད་འདི་ནི་བཟློག་མེད་པས།།
    འཇིག་རྟེན་ཆོས་བརྒྱད་ཡང་ཡང་སྒོམ་པར་མཛོད།།
    རང་སྐྱོན་རང་གིས་མཐོང་བ་མཁས་པའི་གཤིས།།
    གཞན་སྐྱོན་ཐབས་ཀྱིས་འདུལ་བ་དཔའ་བོའི་རྟགས།།
    ཐབས་དང་ཤེས་རབ་འཁོར་ལོ་བསྐོར་བའི་བུ།།
    འཇིག་རྟེན་འདི་ལ་གསུངས་ཡང་ད་དུང་སྒྲོགས།།

    Reply
  9. sha tak ri sim says:
    ལོ་ 14 སྔོན།

    རོང་འབྲོག་གང་ཡིན་སྔ་ནས་མི་ཤེས་ཀྱང་།།
    སྲས་ཀྱི་རིགས་ཤིག་ཡིན་པར་འདི་ནས་ཐོས།།
    རྨེ་སྔགས་ཁ་ནས་ཤོར་བའི་བུ་ཆུང་ངར།།
    འོད་ཀྱིས་གདམས་པ་གནང་བ་བཀའ་དྲིན་ཆེ།།

    ཆུ་བོ་བཞུར་སྒྲའི་ཕྱོགས་སུ་ཡང་ཡང་ཉན།།
    ཐིགས་པ་རེ་རེ་ཟེགས་པའི་ངང་ཚུལ་ལ།།
    སྔོན་ཡང་སེམས་ཤུགས་སྩལ་བ་སེམས་སུ་ཡོད།།
    མོ་ལུས་མེད་ཀྱང་མོ་སེམས་ང་ལ་འདུག།

    གཉའ་ཁྲི་བཙན་པོའི་རིགས་རྒྱུད་མིན་ན་ཡང་།།
    འབྲོང་གི་བུ་ཚ་ཉིད་ཀྱིས་དྲན་སྐུལ་ལ།།
    ཐུ་རུ་མི་མཐོང་རང་གིས་ནུས་ཚོད་ཅིག།
    བུ་ངའི་སེམས་སུ་གཏན་པོར་གཉར་ངེས་ཡིན།།

    བེ་རི་ལག་ཏུ་བཟུང་མིན་བཤད་དཀའ་ཡང་།།
    དཔལ་ལྡན་ལྷ་མོའི་ཐུགས་སྐུལ་འདྲ་བ་འདི།།
    རྣམ་པ་ཀུན་ཏུ་སེམས་ཀྱི་དྲན་ངོས་སུ།།
    རྒྱལ་གྱུར་བོད་ཀྱི་བོད་ལ་འབད་ཁུལ་བྱེད།།

    བསེ་བ་འདྲ་བའི་མེ་ཏོག་སྨན་མཆོག་ཉིད།།
    རུ་སྡེ་གང་ནས་རིག་ཀྱང་འདིར་ཕེབས་ནས།།
    དུས་དང་ནམ་ཀུན་བྱ་ར་བྱེད་ལུགས་འདིས།།
    བུ་ངའི་སེམས་པ་ཉིད་ལ་ཇེ་དུངས་རེད།།

    ལྷ་ཡི་ཡུལ་ནས་ཐོན་མིན་མི་ཤེས་ཀྱང་།།
    ཆབ་གཙང་ལྷད་མེད་གཤིས་ཀའི་ངང་ཚུལ་དེས།།
    སྤྱིན་གཏོང་ཕྱི་ཐག་ཡལ་མེད་བརྩེ་བའི་གྲོགས།།
    པ་སངས་ལྷག་བསམ་ཅན་ཁྱོད་རྟག་ཏུ་དྲན།།

    Reply
  10. lhachapjinpa says:
    ལོ་ 14 སྔོན།

    གྲོགས་པོ་ཤ་ཁྲག་ལགས། ངས་ཀྱང་ཁྱོད་ཀྱི་རྩོམ་ཡིག་བཀླགས་ཚར་སོང༌། ནམ་རྒྱུན་ཁྱེད་ཚང་ལ་ཡོང་སྐབས་བཤད་རྒྱུ་ཞིག་ཡོད་པ་བརྗེད་འགྲོ་ཡི་འདུག དེ་རིང་ངེས་པར་དུ་མ་བརྗེད་པ་བྱས་ནས་བཤད་རྒྱུ་ཞིག་ལ་རྩོམ་ཡིག་འདིའི་ཡིག་ནོར་དག་རྒན་བསེ་རུ་ལགས་ཀྱིས་བཅོས་འདུག་པ་དེ་ལས་མི་འདུག་མོད། ཡིན་ནའང་ཁྱེད་སུ་ཚང་ལ་སོང་ནའང་ང་ཡོང་ནས་འབུད་སོང་ཞེས་འབྲི་བཞིན་འདུག རྗེས་ཕྱོགས་སྐད་ཆ་དེ་བཤད་སྐབས་འབུད་སོང་ཞེས་པའི་སྐབས་ཀྱི་འབུད་དེའི་སྔོན་འཇུག་འ་དེ་གཡུགས་ཞོག ང་བུད་སོང་ཟེར་དགོས། ཨེ་གོ་ཐལ།

    Reply
  11. samkhar says:
    ལོ་ 14 སྔོན།

    དྲ་རྒྱའི་འབྲེལ་མཐུད་ཡང་ཡང་ཆད་པས་མཆན་གཅིག་པོ་དེ་ཐེངས་གཉིས་སྣོན་འདུག་པས་དགོངས་འགལ་མེད་པ་ཞུ།

    Reply
  12. samkhar says:
    ལོ་ 14 སྔོན།

    ང་དྲ་གྲོགས་ཉིད་ལ་རེ་བ་ཆེ་བའི་རྒྱུ་མཚན་གྱིས་ངལ་བར་མ་འཛེམས་པར་འདི་ལྟར་བཅོས་ལ་བྲེལ།

    གོང་དུ་ཡིག་ནོར་རྣམས་ཟུར་འདོན་བྱས་ན་འདི་ལྟར།
    མ་དག་པ། དག་པ།
    ཆགས་པའི། ཆགས་པས།
    སྲུ་ཞུ། སྲི་ཞུ།
    སྐྱུག་མེར་བླངས། སྐྱུག་མེར་ལངས།
    དགེ་སྡུག དགེ་སྡིག
    གོམ། གོམས།
    བྱིན། ཕྱིན།
    མ་འཁྱོང་། མ་འཁྱོངས།
    ལྟ་བའི། ལྟ་བུའི།
    བྲན་དུ་འཚུད། བྲན་དུ་ཚུད།

    གོང་རྣམས་ནི་རང་ཉིད་ཀྱིས་ཐད་ཀར་མཐོང་ཞིང་ཐད་དཀར་བཅོས་ཁུལ་བྱས་པས་བཅོས་ནོར་ཤོར་ཡོད་ན་དྲ་གྲོགས་ཚོས་སླར་ཡང་བཅོས་རོགས།།

    Reply
  13. samkhar says:
    ལོ་ 14 སྔོན།

    ང་དྲ་གྲོགས་ཉིད་ལ་རེ་བ་ཆེ་བའི་རྒྱུ་མཚན་གྱིས་ངལ་བར་མ་འཛེམས་པར་འདི་ལྟར་བཅོས་ལ་བྲེལ།

    གོང་དུ་ཡིག་ནོར་རྣམས་ཟུར་འདོན་བྱས་ན་འདི་ལྟར།
    མ་དག་པ། དག་པ།
    ཆགས་པའི། ཆགས་པས།
    སྲུ་ཞུ། སྲི་ཞུ།
    སྐྱུག་མེར་བླངས། སྐྱུག་མེར་ལངས།
    དགེ་སྡུག དགེ་སྡིག
    གོམ། གོམས།
    བྱིན། ཕྱིན།
    མ་འཁྱོང་། མ་འཁྱོངས།
    ལྟ་བའི། ལྟ་བུའི།
    བྲན་དུ་འཚུད། བྲན་དུ་ཚུད།

    གོང་རྣམས་ནི་རང་ཉིད་ཀྱིས་ཐད་ཀར་མཐོང་ཞིང་ཐད་དཀར་བཅོས་ཁུལ་བྱས་པས་བཅོས་ནོར་ཤོར་ཡོད་ན་དྲ་གྲོགས་ཚོས་སླར་ཡང་བཅོས་རོགས།།

    Reply
  14. samkhar says:
    ལོ་ 14 སྔོན།

    རང་ཉིད་དམན་པར་ལྟ་བ་བོད་པའི་གཤིས།།
    རང་གིས་རང་ཉིད་འཚོལ་བ་མཁས་པའི་གཤིས།།
    རང་ལ་རང་གིས་གཅུན་པ་དགེ་རྒན་མཆོག།
    ང་ཡི་དྲ་གྲོགས་ཐུགས་སེམས་མ་སྐྱོ་རོགས།།

    རིན་ཆེན་དག་ཆའི་སྨན་གྱི་རིལ་བུ་འགའ།།
    སྐུ་ཉིད་ཐུགས་གསོའི་སླད་དུ་འབུལ་ལགས་ན།།
    མྱུར་བར་བཞེས་ཏེ་སེམས་ཁམས་རྨས་མ་དེ།།
    དྲག་བསྐྱེད་མྱུར་བར་ཡོང་བའི་ཐབས་བསྟེན་ཅིག།

    གཤམ་དུ་ཡིག་ནོར་གང་ངོས་བཟུང་ཐུབ་པ་རྣམས་བཅོས་ཡོད།

    རུས་རྐང་ཁྲག་གསུམ་ཆགས་པའི་བཟི་ཉིན་ནས།།
    རུས་རྐང་ཁྲག་གསུམ་ཆགས་པས་བཟི་ཉིན་ནས།།

    རང་རིགས་སྲུ་ཞུ་སྒྲུབ་ལ་སྙིང་རུས་མེད།།
    རང་རིགས་སྲི་ཞུ་སྒྲུབ་ལ་སྙིང་རུས་མེད།།

    ང་ནི་ང་ཡིས་མཐོང་བཞིན་སྐྱུག་མེར་བླངས།།
    ང་ནི་ང་ཡིས་མཐོང་བཞིན་སྐྱུག་མེར་ལངས།།

    དགེ་སྡུག་ཁ་ལ་གོམ་ནས་ཡུན་རིང་བྱིན།།
    དགེ་སྡིག་ཁ་ལ་གོམས་ནས་ཡུན་རིང་ཕྱིན།།

    རྒྱུ་འབྲས་ལག་པས་མ་འཁྱོང་ཚེ་ཕྱེད་འདས།།
    རྒྱུ་འབྲས་ལག་པས་མ་འཁྱོངས་ཚེ་ཕྱེད་འདས།།

    དུག་དང་མཚོན་ཆ་ལྟ་བའི་སེམས་གཤིས་འདིས།།
    དུག་དང་མཚོན་ཆ་ལྟ་བུའི་སེམས་གཤིས་འདིས།།

    བྲན་ཏུ་འཚུད་ནས་སྒྱུ་མའི་གཡོག་ལ་རྒྱུགས།།
    བྲན་ཏུ་ཚུད་ནས་སྒྱུ་མའི་གཡོག་ལ་རྒྱུགས།།

    Reply
  15. beri Palden Namgyal says:
    ལོ་ 14 སྔོན།

    ཐུགས་ཁག་མེད་གྲོགས་པོ།

    Reply
  16. dongthe says:
    ལོ་ 14 སྔོན།

    ཤ་ཁྲག་ལགས་སེམས་ཤུགས་ཆག་མི་ཉན་ཡ།

    Reply
  17. mekor says:
    ལོ་ 14 སྔོན།

    དེ་འདྲ་གང་ལ་ཡིན། བདག་ཉིད་མཉེས་པའི་ལེ་ལོ་དེས་བྱ་བ་ཅི་ཞིག་ཡིན་ཡང་འགོག་ངེས་ཡིན་པས་ནམ་ཡང་འདི་ལྟར་མི་བྱེད་པར་སྤོབས་སེམས་དང་བཅས་ལས་ཀ་བྱེད་དགོས་པ་ཡིན།

    Reply
  18. jigmewoden says:
    ལོ་ 14 སྔོན།

    གྲོགས་པོ་རང་ཉིད་ཀྱི་འཇོན་ཐང་ལ་འཁང་ར་མ་བྱེད།
    ཅི་བསམ་ཅི་འགྲུབ་སྔོན་མའི་ལས་དབང་ལ་ཐུག་འདུག
    སེམས་མ་ཕམ ཡིད་མ་སྐྱོ ཤུགས་རྒྱགས་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist