རྒྱ་གར་གྱི་མཁས་དབང་སོམ་ཕེ་རན་ཆན་ Som P Ranchan མཆོག་གིས་བརྩམས་པའི་ཏཱ་ལའི་བླ་མ་ཞེས་པའི་ཕྱག་དེབ་གསར་བ་དབུ་འབྱེད་གནང་འདུག
བོད་གཞུང་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ཕྱི་ཟླ་ ༧ པའི་ཚེས་ ༢༤ རེས་གཟའ་པ་སངས་ཉིན་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་རུ་རྒྱ་གར་གྱི་མཁས་དབང་སྐུ་ཞབས་སོམ་སྤི་རན་མཆན་ Som P Ranchan མཆོག་ནས་བརྩམས་གནང་མཛད་པའི་ཏཱ་བླའི་བླ་མ་ཞེས་པའི་ཕྱག་དེབ་དེ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཕུ་རེམ་ཀུ་མར་ཌུ་མལ་ prof.Prem Kumar Dhumal ་མཆོག་ནས་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར། མངའ་སྡེའི་བློན་ཆེན་མཆོག་ནས་ཕྱག་དེབ་འདི་རྩོམ་གནང་མཛད་མཁན་གྱི་རྩོམ་པ་པོར་བསྔགས་བརྗོད་ཞུས་པ་དང་འབྲེལ་རྒྱ་ཆེའི་ཀློག་པ་པོ། དེ་མིན་ནང་པའི་ལྟ་གྲུབ་ཐོག་ཉམས་ཞིབ་གནང་མཁན་ཡོངས་ལ་དེབ་འདི་ངོ་སྤྲོད་དང་མ་འོངས་པར་དེབ་འདིས་སྔར་ལས་ལྷག་པའི་མཁྱེན་རྒྱ་སྐྱེད་པ་དང་ཕན་རླབས་ཆེ་བའི་དགོངས་ཚུལ་བརྗོད་ཡོད་པ་མ་ཟད། ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་དུས་ཚོད་གང་འཚམ་ཞིག་ལ་མཉམ་སྡོད་ཀྱི་གོ་སྐབས་བྱུང་བ་ནི་ཁོང་གི་རྨི་ལམ་མངོན་འགྱུར་བྱུང་བ་ལྟ་བུའི་ཚོར་སྣང་བྱུང་ཚུལ་བརྗོད་ཡོད་པ་རེད། མཁས་དབང་སོམ་ པེ་ རན་ཆན་ Som P Ranchan ལགས་ཀྱིས་བརྩམས་གནང་མཛད་པའི་ཏཱ་བླའི་བླ་མ་ཞེས་པའི་དེབ་དེའི་ནང་གི་བརྗོད་དོན་གཙོ་བོ་ནི། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་སྒོས་སུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ཀྱི་་མཛད་འཕྲིན་ཞིབ་ཕྲ་བཀོད་པའི་ཕྱག་དེབ་ཞིག་ཡིན་འདུག
ཨོ་ཁ་དྲོ་རྒྱུ་ཚོ།
གནས་ཚུལ་ཡག་པོ་རེད།
རྨི་ལམ་དེ་མངོན་གྱུར་བྱུང་བར་རྟེན་འབྲེལ་ཞུ་དགོས་བ་ཞིག་རེད།
ང་ཚོ་བོད་པས་རང་ཉིད་མི་ལོ་ལྔ་བཅུ་ལྷག་ཙམ་རྒྱ་གར་ནང་དུ་གནས་སྡོད་བྱས་ཡོད་ཀྱང་རང་ཉིད་རྒྱ་གར་གཞུང་དང་གཞུང་འཛིན་མི་སྣ་དང་མི་མང་ཉུང་ཤས་ཀྱིས་མ་གཏོགས་མི་མང་ཚང་མས་ངོ་ཤེས་པ་ཞིག་བཟོ་ཐུབ་མི་འདུག དེའི་དཀའ་ངལ་དེ་སེལ་བར་ཡང་ཕྱག་དེབ་དེས་ཕན་ཐོགས་ངེས་ཅན་ཡོང་ངེས་པ་ཡིན།
མཁས་དབང་སོམ་པི་རན་ཅན་མཆོག་ནས་༸ ཏ་ལའི་བླ་མ་ཞེས་པའི་དེབ་གཅིག་བརྩམས་གནང་བ་དེར་བསྔགས་བརྗོད་ཞུ།
དེས་རྒྱ་གར་བའི་མི་རབས་གསར་པ་ཚོར་ཡ་རབས་དང་། གཤིས་སྤྱོད། མཛའ་མཐུན། ཞི་བདེ། ཀུན་ཁྱབ་ཀྱི་བྱམས་བརྩེ། འོས་འགན་སོགས་ཕྱོགས་ཡོངས་ལ་མིག་དཔེ་བཟང་པོ་བལྟ་ཐུབ་རྒྱུའི་རེ་འབྲས་མངོན་འགྱུར་ཡོང་རྒྱུར་གདོན་མི་ཟ།