མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་དང་པོ་ལི་ཤིའི་ལས་དབང་གླེང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

རང་དབང་གིས་ཐོབ་ཐང་སྤྲོད་ཀྱིན་ཡོད་ལ། ཁྱེད་ཚོས་ངེས་པར་དུ་ཚོར་དགོས་པ་ཞིག་ནི་དེ་ལྟ་བུའི་ཐོབ་ཐང་ལའང་བྱ་གཞག་དང་། འོས་འགན་གཉིས་ཡོད་པ་ཤེས་དགོས་ཀྱི་རེད།

ཕྱི་ཚེས་ ༢༧ ཉིན་༸གོང་ས་མཆོག་རྒྱ་གར་ནས་མུ་ནི་ཆུ་མཁའ་ལམ་བརྒྱུད་ཉིན་དེའི་དགོང་མོར་པོ་ལན་ཌིའི་རྒྱལ་ས་ཝར་སཱོ་ཡི་གནམ་ཐང་དུ་བདེ་བར་ཕེབས་འབྱོར་གནང་ཡོད་ལ། ཝར་སྭོ་གྲོང་ཁྱེར་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཇཱ་རོ་སུ་ལོ་ཇོ་རྫུ་ཝིག་མཆོག་དང། པོ་ལི་ཤིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མས་བྷེ་ཊ་བྷུ་བྷེལ་ཝི་རྫུ་མཆོགདེ་བཞིན་དབྱིིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་འཛིན་ཚེ་རིང་བཀྲ ཤིས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེའི་རྗེས་ཁོང་མགྲོན་ཁང་དུ་སྤྱན་དྲངས་པ་དང། མགྲོན་ཁང་གི་སྦྱིན་བདག་གཙོས་ཡུལ་མི་དང་བོད་མི་རྣམས་ཀྱིས་འཚམས་འདྲིའི་ཕེབས་བསུ་ཞུས་ཡོད། ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་ཝར་སྭོ་གཙུག་ལག་སློབ་གཉེར་ཁང་དུ། མཐོ་སློབ་དེའི་ངེས་སྟོན་པ་མཁས་དབང་ཀ་ཏར་ཛེ་ནཱ། ཇ་ལ་སིན་ཀ མ་ཀུ་ཀོ་མཆོག་དང། མཛད་གཙོ་རྣམ་པ། དེ་བཞིན་དམིགས་བསལ་སྐུ་མགྲོན་ལྷན་དུ་མཇལ་འཕྲད་གནང་ཡོད་པ་དང། མཐོ་སློབ་དེར་ “ཤེས་ཡོན་གྱི་རིན་ཐང་དང་རྒྱལ་སྤྱིའི་འགན་འཁུར།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ལ།   ཝར་སྭོའི་ས་གནས་འགོ་འཛིན་དང། ཝར་སོའི་གྲོང་འཁྱེར་ལྷན་ཁང་གི་གཙོ་འཛིན་མ་གཉིས་ནས་རེ་འདུན་ཞུས་པ་བཞིན་གཞུང་འབྲེལ་གྱི་གུང་ཚིགས་སུ་ཕེབས་ཡོད།  དེའི་རྗེས་སུ་པོ་ལན་ཌིའི་རང་དབང་དོན་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་སྟོང་ཕྲག་མང་པོར་དྲན་རྟེན་དུ་བསྐྲུན་པའི་ཝེ་སྭོ་གྱེན་ལངས་འགྲེམས་སྟོན་ཁང་དུ་ཆིབས་བསྒྱུར་དང་འབྲེལ། བོད་དང་པོ་ལན་ཌིའི་མི་རིགས་ཀྱི་ལས་དབང་མཚུངས་ཆོས་སྐོར་ནས་བཀའ་སློབ་གནང་དོན། ཕྱི་ལོ་ ༡༩༤༤ ལོའི་ཝར་སྭོའི་གྱེན་ལངས་ནང་ཇར་མི་ནིའི་ནཱ་ཛི་མི་རིགས་ཚོས་ཇི་ལྟར་གཉའ་གནོན་བྱས་ཡོད་པ་ཇི་བཞིན། རྒྱ་མིས་ ༡༩༥༦ ལོར་བོད་ཀྱི་ས་ཁུལ་ཁག་ཏུ་འབར་མདེལ་གཡུག་པ་དང། གནམ་གྲུ་བེད་སྤྱད་པ་སོགས་བྱུང་ཡོད། ཅེས་དང། སྔར་པོ་ལི་ཤིའི་ཉིན་ ༦༣ རིང་གི་གྱེན་ལོག་གི་ནང་དུ་ནཱ་ཛི་མི་རིགས་ཚོས་མི་སེར་དཀྱུས་མ་ ༢༠༠།༠༠༠ དང་། གྱེལ་ལངས་པ་ ༡༨།༠༠༠ ཙམ་དམར་གསོད་བཏང་ཡོད། དེའི་དྲན་རྟེན་གྱི་ཚུལ་དུ་རྩིག་ངོས་ནག་པོ་ཞིག་བཟོས་ཡོད་པའི་ཐོག་ཏུ་དེ་དག་ཚང་མའི་མིང་བཀོད་ཡོད་པ་ཞིག་ལ་༧གོང་ས་མཆོག་ནས་མཆོད་མེ་སྒྲོན་ཡོད་པ་དང། འགྲེམས་སྟོན་ཁང་གིི་དྲིལ་བུ་དཀྲོལ་ཞོར་རྟེན་འབྲེལ་མཚོན་བྱེད་ཀྱི་མཇལ་དར་དཀར་པོ་ཡུག་གཅིག་སྒྲོན་ནས་གསུངས་དོན། ངོས་ནས་དུས་རྒྱུན་ཏུ་པོ་ལི་ཤི་མི་རིགས་ཚོའི་སེམས་ཤུགས་ལ་ཡི་རངས་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། རང་དབང་གི་འདུན་པ་དེའང་ངོས་ནས་རྟོགས་ཐུབ་ཀྱིན་འདུག གང་ལྟར་ཡང་སྟབས་མི་ལེགས་པ་ཞིག་ལ་དགྲ་བོ་གཅིག་ཕྱིན་རྗེས་དགྲ་བོ་གཞན་ཞིག་ཡོང་རྒྱུ་ཡོད་པ་ནི་འགྲེམས་སྟོན་ཁང་འདིའི་ནང་ནས་མངོན་གསལ་དོད་པོས་མཐོང་ཐུབ་ལ། ད་ཆ་པོ་ལི་ཤི་ཁྱེད་ཚོར་དོན་དམ་གྱི་རང་དབང་ཐོབ་ཡོད་ཅིང། རང་དབང་དེས་ཐོབ་ཐང་སྤྲོད་ཀྱི་ཡོད་ལ། ངའི་ཚོར་བར་ཁྱེད་ཚོས་ངེས་པར་དུ་ཚོར་དགོས་པ་ཞིག་ནི་དེ་ལྟ་བུའི་ཐོབ་ཐང་ལའང་བྱ་གཞག་དང་། འོས་འགན་གཉིས་ཡོད་པ་ཤེས་དགོས་ཀྱི་རེད་ཅེས་བཀའ་སློབ་གནང་ཡོད་པ་དང།

ཉིན་འདིའི་སྔ་དྲོར་ཁོང་གིས་ཝར་སཱོ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོར་ད་ལྟའི་དཔལ་འབྱོར་ཉམས་རྒུད་ཀྱི་སྐོར་ནས་གསུངས་དོན། ད་ལྟའི་དཔལ་འབྱོར་ཉམས་རྒུད་འདིས་མི་རྣམས་ལ་སྒོར་མོ་ཕུད་པའི་རིན་ཐང་གཞན་པའི་སྐོར་ལ་བསམ་བློ་གཏོང་དགོས་པའི་བསླབ་བྱ་ཞིག་སྤྲད་ཡོད་པ་རེད། དཔལ་འབྱོར་ཉམས་རྒུད་འདི་ནི་སྟབས་ཉེས་པའི་ཆག་སྒོ་ཞིག་རེད། མི་རྣམས་ལ་སྒོར་མོའི་གནད་དོན་གྱི་ཐད་ནས་བདེན་པ་དང་དྲང་ཚུགས་དགོས་པ་རེད། ཅེས་དང་། ཁོང་གིས་དཔལ་འབྱོར་གྱི་ཕྱོགས་ནས་གང་ཤེས་པ་དེ་ནི་མི་རྣམས་ལ་སྒོར་མོ་མེད་ན་འཚོ་ཐབས་མེད་པ་དེ་ཡིན་ཞེས་ཀྱང་གསུངས་འདུག

ཡང་ཁོང་གིས་གསར་འགོད་པའི་ལྷན་དུ་མཇལ་འཕྲད་གནང་དུས་བཀའ་སློབ་གནང་དོན། ངོས་རང་དུས་རྒྱུན་གསར་འགོད་པ་དང་བརྒྱུད་ལམ་གྱི་མི་དེ་འདྲར་ཐུག་དུས་བཤད་ཀྱིན་ཡོད། ཁྱེད་ཚོ་གསར་འགོད་པ་ཚོ་དུས་རྒྱུན་དུ་ནས་རྒྱལ་ཁབ་ཀྱི་བདེ་དོན་གྱི་ཆེད་དུ་གནས་ཚུལ་འཚོལ་ཞིབ་བྱེད་དུས་ཁྱེད་ཚོར་གླང་ཆེན་གྱི་སྣ་ཞགས་རིང་པོ་ལྟར་རྒྱབ་མདུན་གཉིས་ཀའི་དྲི་མ་སྣོམ་ཐུབ་མཁན་ཞིག་དགོས་པ་གལ་ཆེན་པོ་རེད། རྒྱ་གཞུང་གི་དཔོན་རིགས་ཚོས་ཀྱང་གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུའི་རང་དབང་སྤྲོད་དགོས། སྲིད་དབང་སྒེར་འཛིན་གྱི་རྒྱ་ནག་ལྟ་བུར་མཚོན་ན། བཀག་སྡོམ་མང་དྲག་པས་གནས་ཚུལ་གྱི་རང་དབང་མེད། དེ་ནི་ཀུན་སྤྱོད་ཀྱི་ཆ་ནས་ནོར་བ་ཙམ་དུ་མ་ཟད་ལག་ལེན་གྱི་ཆ་ནས་ཀྱང་མཐའ་མ་དབུལ་ཕོངས་ཆགས་རྒྱུའི་རྒྱུ་རུ་འགྱུར་གྱིན་ཡོད། གནས་ཚུལ་ཚང་མར་དམ་དྲག་དང་འགོག་སྡོམ་བྱས་ན་ཡིད་ཆེས་ཀྱི་རྩ་བ་ཇི་ལྟར་བསྐྲུན་དགོས། ཡིད་ཆེས་མེད་ན་འཆམ་མཐུན་དང་མཛའ་མཐུན་ནི་ཇི་ལྟར་ཡོང་བར་བྱེད་དགོས་པ་རེད། ཡོང་མི་སྲིད་པ་ཞིག་རེད་ཅེས་བཀའ་སློབ་གནང་ཡོད།

ཕྱི་ཚེས་ ༢༩ ཉིན་གྲོང་ཁྱེར་རྙིང་པའི་ལོ་རྒྱུས་ལྡན་པའི་ས་ཚིགས་རྒྱལ་པོའི་ཕོ་བྲང་ནས་ཁོང་ལ་མི་སེར་མཚན་མཐོང་དེ་འབུལ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 1

  1. བསེ་རུ། says:
    ལོ་ 17 སྔོན།

    མིག་གིས་གང་མཐོང་བ་དེ་རྣམས་བཅོས་ཡོད།

    མ་དག་པ། དག་པ།

    གྲོང་འཁྱེར། གྲོང་ཁྱེར།
    གྱེལ་ལངས། གྱེན་ལངས།
    འགྲེམས་སྟོན། འགྲེམ་སྟོན།
    ཆིབས་བསྒྱུར། ཆིབས་སྒྱུར།
    མང་དྲག་པ། མང་དྲགས་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese