སྤྱིར་བོད་པ་ཚོ་ཕྱི་ནང་གཉིས་ཀྱི་གཙོ་བའི་འཛམ་གླིང་གི་ཡུལ་གྲུ་མི་ཉུང་བ་ཞིག་ལ་ཁ་འཐོར་ནས་བསྡད་ཡོད་དུས་ཀྱི་སྐབས་འདི་འདྲ་ཞིག་ལ་ངེད་ཅག་ལ་འབྲེལ་ཐག་ཞིག་ཡོད་པ་ནི་ཡི་གེ་ཤེས་མཁན་དག་ལ་གློག་ཀླད་ཀྱི་ཁྲོད་ནས་ཡི་གེ་ཕར་གཏོང་ཚུར་གཏོང་གི་འབྲེལ་བ་ཞིག་ཡོད་ལ་ཡི་གེ་མི་ཤེས་མཁན་དག་ལ་ཐུན་རྐྱེན་གང་ཙམ་ཡོད་མཁན་ཚོས་ཁ་པར་གྱི་འབྲེལ་ལམ་བརྒྱུད་དེ་རང་རང་གི་ཕ་མ་དང་ཉེ་དུ། སྤུན་ཟླ་དང་གྲོགས་པོ། སྙིང་ཉེ་དང་མཛའ་མོ། བཟའ་ཚང་སོགས་ལ་སྙིང་གཏམ་གླེང་ས་ཞིག་ཡོད་པ་ནི་ཁ་པར་ཡིན།
དེ་ཡང་ཐུན་རྐྱེན་ཡོད་མཁན་ཞིག་མིན་ན་དེ་ཡང་དཀའ་ལས་ཁག་པོ་ཆགས་ནས་མི་ལོ་མང་བོ་ག་ཚོད་བྱིན་ཡང་རང་གི་བུ་ཕྲུག་དག་གིས་རང་གི་ཕ་མ་དག་གི་ཤི་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་ཐུབ་ཀྱི་མེད་པ་རེད་ལ། ཕ་མ་དག་གིས་རང་གི་བུ་ཕྲུག་དག་གི་ཤི་གསོན་ཡང་ཤེས་ཐུབ་ཀྱི་མེད་པ་རེད། ཡིན་ཡང་། དེབ་སྐབས་བརྡ་འཕྲིན་གྱི་དུས་རབས་འདི་ལ་མང་ཤོས་ཤིག་ལ་ཤི་གསོན་གྱི་གནས་ཚུལ་མི་ཤེས་པའི་དཀའ་ངལ་མི་ཤེས་པའི་གནས་ཚུལ་དེ་ནི་མེད་ཟེར་ནས་བརྗོད་ཆོག་ཀྱང་། རང་རང་གི་གང་བཤད་འདོད་པ་དག་བཤད་ཐུབ་མིན་དེ་ཡང་གནས་ཚུལ་གཞན་ཞིག་དང་གནད་དོན་གཞན་ཞིག་ཆགས་ཡོད་པ་རེད།
ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྡོད་མཁན་དག་གིས་རང་རང་གི་ཕ་མ་དང་ཉེ་དུ་ལ་སྐད་ཆ་ལྷོད་ལྷོད་ཅིག་བཤད་འདོད་ཡོད་ཀྱང་། གཞིས་གཞུགས་ཕ་མ་དང་སྤུན་ཟླ་དག་གིས་དེ་དག་ལ་ཉན་ཐུབ་མིན་དེ་ཡང་གནད་དོན་ཆགས་ཡོད་ལ། གཞིས་བཞུགས་ཕ་མ་དང་ཉེ་དུ་དག་གི་གནས་ཚུལ་གསལ་བོ་ཞིག་ལེན་རྒྱུ་དེ་ཡང་བསམ་བློ་བཏང་ནས་འདྲི་དགོས་པ་ཞིག་ཆགས་ཡོད་པ་རེད།
དེའི་སྟབས་ཀྱིས་འུ་ཅག་ལ་ཁ་པར་ཡོད་ཀྱང་ཁ་བརྡ་ལྷོད་ལྷོད་ཅིག་གི་དུས་ཚོད་དང་སྒོར་མོ་ཉུང་ངུ་རེ་ཡོད་ཀྱང་། སྒོར་མོ་ཡོད་པ་དང་དུས་ཚོད་ཡོད་པ་དེ་ཙམ་གྱིས་འུ་ཅག་གི་གནད་དོན་དེ་ནི་སེལ་ཐུབ་ཀྱི་མེད་པ་རེད་ལ། གནས་ཚུལ་དེ་དག་ཡང་ཤེས་ཐུབ་ཀྱི་མེད་པ་རེད། དེ་ནི་འུ་ཅག་བོད་ལ་སྐྱེ་བའི་ནག་ཉེས་ཡིན་ནམ། འུ་ཅག་གིས་བོད་སྐད་བཤད་ཤེས་པའི་ཡིན་ནམ། འུ་ཅག་གིས་རྒྱ་སྐད་ལ་བརྩི་བཀུར་དང་རྒྱལ་ཞེན་མེད་སོང་བའི་ཡིན་ནམ། གང་ལྟར། འུ་ཅག་ནི་དོན་དངོས་སུ་བོད་ལ་སྐྱེ་བ་ནོར་སོང་བ་ནི་ཡིན་རྒྱུ་མ་རེད།
བོད་པའི་བོད་སྐད་ཤེས་པ་ནི་ནོར་མེད་པར་རེ་བ་ཡོད་ལ། བོད་པས་བོད་སྐད་ཤེས་ཀྱི་བོད་མི་ཡིན་པས་གལ་ཆེན་ཏུ་ངོས་འཛིན་བྱེད་ཀྱི་ཡོད། བོད་པས་བོད་པ་ལ་ཁ་བརྡ་བྱས་པ་དེ་ཡང་ནག་ཉེས་ཤིག་མིན་ངེས་ཡིན་ལ། རྒྱ་མིས་རྒྱ་ལ་ཁ་བརྡ་བྱས་པ་ཡང་ནག་ཉེས་དང་ཁྲིམས་འགལ་ཏུ་དགྱའི་སྲིད་གཞུང་གིས་རྩ་ཁྲིམས་ནང་དུ་ཡང་བཀོད་མེད་ངེས་རེད། དེ་ལྟར་ཡིན་དུས་འུ་ཅག་གིས་བོད་སྐད་བཤད་ཤེས་པ་དེ་ཡང་ནག་ཉེས་ཡིན་མི་སྲིད། དེས་ན་འུ་ཅག་གིས་ཁ་པར་ལས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་མི་ཆོག་དོན་ཡོད་རྒྱུ་མ་རེད། གནས་ཚུལ་ཞིག་བཤད་རྒྱུ་དེ་ཡང་དོན་དངོས་ལ་འགལ་མེད་ངེས་རེད།
མ་ཤི་ན་ཐུག་གི་རེད་ཟེར་བས་སྐད་ཆ་དེ་ཙམ་གྱིས་འུ་ཅག་གིས་ཕན་ཚུན་ལ་སེམས་གསོ་བྱེད་བཞིན་ཡོད། དོན་དངོས་སུ་འུ་ཅག་གིས་རང་རང་གི་ཤི་གསོན་ནི་རང་རང་གི་ལག་པར་མེད་པ་ནི་འགྲོ་བ་མི་ཡོད་ཚད་ཀྱིས་ཤེས་གསལ་རེད། དེས་ན་འུ་ཅག་གིས་འུ་ཅག་ལ་གནད་དོན་ཞིག་བཤད་དགོས་ཀྱི་ཡོད་ལ་གནས་ཚུལ་ཞིག་ཀྱང་ཤེས་དགོས་ཀྱི་ཡོད་པ་རེད། དེ་ཡང་བོད་ལ་སྐྱེ་བའི་བོད་མི་ཞིག་གིས་རང་གི་རིགས་ལ་རང་གི་རིག་གཞུང་དང་སྲོལ་རྒྱུན་གླེང་རྒྱུ་ནི་མི་རིགས་སུ་ཞིག་ཡིན་ན་དགྱའི་རྩ་ཁྲིམས་ནང་དུ་རང་དབང་ཡོད་པར་བཀོད་ཡོད་པ་རེད། ངེད་ཅག་གིས་དེ་དག་ལག་ལེན་བྱེད་པ་ལ་ནག་ཉེས་ཤིག་ཡོད་མི་སྲིད་པ་རེད།
མ་ཤི་ན་ཐུག་ངེས་རེད་ཟེར་ནས་ཁ་པར་གྱི་ཁྲོད་ནས་ངས་རང་གི་ཨ་ཞང་ཞིག་ལ་དེ་ལྟར་བཤད་པ་ཡིན་ལ། སྐྱེ་ས་གང་ནས་ཡིན་ན་ཤི་ས་ཡང་དེ་ནས་ཉན་ལོས་དགོས་ཟེར་ནས་བཤད་པ་ཡིན། ཨ་ཞང་ནི་སློབ་ཆུང་ཞིག་གི་འགན་འཛིན་དང་དགེ་རྒན་གཅིག་ཅོག་ཡིན་སྟབས། ཁོས་ཀྱང་ངས་བཤད་པས་སྐད་ཆ་དེ་ཐོས་ནས་དགའ་ཡི་ཡོད་ཟེར་ནས་གསུང་ལན་གནང་སོང་ལ། ངས་ཀྱང་ཨ་ཞང་ཁྱེད་ནི་དངོས་ནས་མི་རིགས་ཤིག་ལ་མཚོན་ན་རླབས་ཆེན་གྱི་མི་སྣ་ཆགས་ཡོད་པ་རེད། དེ་ལས་ལྷག་པའི་རླབས་ཆེན་གྱི་ལས་ཀ་ནི་དངོས་ནས་ཡོད་པ་མ་རེད་ཅེས་སེམས་བསམ་པའི་སྐད་ཆ་ཞིག་ཁོང་ལ་ཞུས་དུས། ཨོ་ཡ་་། བཤད་རྒྱུ་ནི་དེ་འདྲ་ཟེར་ནས་བཤད་པ་རེད་མོད། དེང་སྐབས་དགེ་རྒན་དག་ལ་དེ་འདྲའི་ཐོངས་ཆེན་བྱེད་མཁན་དཀོན་ནི་རེད་ལ། དམིགས་བསལ་གྱིས་བོད་ཡིག་དགེ་རྒན་ང་འདྲ་བ་ཚོ་ལ་བརྩི་མཐོང་དང་ཤ་ཞེན་ཡོད་མཁན་ནི་ཇེ་ཉུང་རེད། འདི་ནི་དངོས་ནས་བློ་ཕམ་བྱེད་ཅིག་རེད་མ་གཏོགས། ང་ནི་རང་གི་ལས་ཀ་འདི་ལ་དངོས་ནས་དགའ་ཞེན་ཡོད་ལ་རང་གིས་བུ་ཕྲུག་མི་ཉུང་བ་ཞིག་ལ་བོད་ཀྱི་སྐད་ཡིག་འདི་ཉིད་སློབ་ཐུབ་ཀྱི་ཡོད་པ་ནི་དངོས་ནས་རང་ཉིད་སེམས་བསམ་པའི་གཏིང་ནས་དགའ་བཞིན་ཡོད་ཟེར་ནས་གསུང་སོང་། དེ་ལྟར་ངེད་གཉིས་ཀྱི་ཆུ་ཚོད་གཅིག་ལྷག་གི་རིང་དུ་ཁ་བརྡ་བྱས་ཀྱང་། གནད་དོན་དངོས་ནས་དེ་གླེང་ཐུབ་ཀྱི་མི་འདུག་ལ་གནས་ཚུལ་དངོས་ནས་ཤིག་ལེན་ཐུབ་ཀྱི་མི་འདུག འདི་ནི་འུ་ཅག་གིས་བོད་སྐད་ཤེས་པའི་ལན་པ་མིན་པར་རེ་བ་ཡོད་ལ། འདི་ནི་འུ་ཅག་བོད་ལ་སྐྱེ་བའི་ནག་ཉེས་ཤིག་མིན་པར་དེ་བས་ཀྱང་རེ་བ་ཆེན་པོ་ཡོད། མཇུག་མཐར་ངས་ཁོང་ལ་སླར་ཡང་འདི་ལྟར་བཤད་པ་ཡིན། མ་ཤི་ན་ཐུག་གི་རེད་ཟེར་ནས་ཞུས་པ་ཡིན། ཁོས་ཀྱང་དངོས་ནས་སྐད་ཆ་དེ་གོ་ནས་དངོས་ནས་དགའ་ནི་ཡིན་གསུང་།
དོན་དངོས་སུ་འུ་ཅག་བོད་པ་འདི་ཚོ་ལ་རང་གིས་བསྡོད་ས་ནས་ཁ་རོག་གེར་བསྡད་ཡོད་ཀྱང་། སྒོ་བརྡུང་མཁན་ཚོ་ཚུར་སླེབས་ནས་བསྡོད་དུ་མི་འཇུག་པའི་སྐབས་འདིར། འུ་ཅག་གིས་ད་དུང་ཁོང་ཚོས་རེ་འདོད་བཞིན་བོད་མིས་བོད་ཡིག་མི་སྤྱོང་བ་དང་བོད་མིས་བོད་སྐད་མི་བཤད་པ། བོད་མིས་རང་གིས་སྲོལ་རྒྱུན་ལ་བརྩི་སྲུང་མི་བྱེད་པ་སོགས་བྱས་པ་ཡིན་ན་ཁོང་ཚོས་འུ་ཅག་ཁ་རོག་གེར་བདེ་ས་རུ་འདུག་གི་འཇུག་རྒྱུར་ཡིད་ཆེས་བྱེད་ཆོག་གི་ཡོད་དམ། སྤུན་ཟླ་ཚོ་ཁྱེད་ཅག་གིས་ག་རེ་དྲན།
༣༠།༧།༠༩
ཡ་་་་་་་་་་་་་་་་་གྲོགས་པོ་ཚོ
thank um so much
བཀྲ་ཤིས་བདེ་ལེགས
ལོ་ངོ་ལྔ་བཅུའི་རྗེས་སུ་ད་ལྟའི་བྱེས་པ་ཚང་གི་གནས་སྟངས་འདི་ལ་འགྱུར་བ་ཞིག་མ་སོང་བར་མུ་མཐུད་དུ་འདི་ལྟར་བྱིན་པ་ཡིན་ན་བོད་ནི་འགྲེམ་སྟོན་ཁང་ཞིག་ལས་གང་ཡང་མེད་པར་ལུས་འགྲོ་ངེས་ཡིན།
དེ་རིང་ཁྱེད་དང་ངེད་གཉིས་ཀྱི་གླེང་མོལ་ཉིད་ཀྱི་ཟིན་བྲིས་སུ་བྱས་པ་འདིར་མཚམས་བཞག་པ་ཡིན།
དྲི་བ་དང་པོའི་ལན་དེར།
ངའི་ལྟ་ཚུལ་ལྟར་ན་གློ་བུར་གྱི་དབང་གིས་རྒྱ་ནག་མི་མང་སྡེབ་ལངས་སོགས་བྱས་ཏེ་རྒྱ་ནག་ལ་འཕོ་འགྱུར་ཆེན་པོ་ཞིག་མ་བྱུང་བ་ཡིན་ན། ད་ལྟའི་ང་ཚོའི་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དང་། ང་ཚོའི་ལས་འགུལ་སྤེལ་སྟངས་ཀྱི་ཐབས་ལམ་དང་། ལས་འགུལ་གྱི་ནུས་ཤུགས། ལས་འགུལ་གྱི་ངོ་བོ། རྒྱ་ནག་གཞུང་ཕྱོགས་ཀྱི་ལྟ་ཚུལ་དང་། རྒྱ་ནག་གི་བྱེད་བབ་དེ་ཚོར་བལྟས་ན་ད་དུང་ང་ཚོ་མི་ལོ་ལྔ་བཅུ་ཙམ་འདི་ལྟར་སྐྱབས་བཅོལ་དུ་གནས་རྒྱུ་ཡིན་པ་ངས་ཚོད་དཔགས་བྱེད་བཞིན་ཡོད།།
ལགས་སོ་སྐུ་ཉིད་ཀྱིས་གསུང་བ་ལྟར་ཡིན། ཁྱེད་ཚང་ལ་ཡོང་གི་ཡོད།
ངེད་ཅག་གིས་དམིགས་དཔེ་ལྟ་ས་དང་རྣ་བ་ཉན་ས་ཡང་༧གོང་ས་མཆོག་གི་གཙོ་བའི་ཤེས་ཡོན་ཅན་དང་རང་ཚུགས་ཅན། རང་ཞེན་ཅན་དག་བྱེད་ཆོག་གི་ཡོད་སྟབས། ངེད་ཅག་གིས་རང་རང་གི་རྣམ་དཔྱོད་ཕྲ་མོ་འདི་བེད་སྤྱོད་གཏོང་སའི་མགོ་འཛུགས་ས་ཡང་རང་རང་གི་བླ་མ་དང་དགེ་རྒན། ཕ་མ་དང་སྤུན་མཆེད་སོགས་ཡིན་ངེས་ན། དེ་དག་གིས་འཇོན་པ་ཞིག་ངེད་ཅག་གིས་མི་འཇོན་ཡང་། ངེད་ཅག་གིས་དེ་དག་གིས་གཞུག་ནས་འགྲེངས་རྒྱུར་འབད་བརྩོན་བྱེད་དགོས་པར་སྐུ་ཉིད་ཀྱིས་དགོངས་ཀྱི་མི་འདུག་གམ་ལགས།
ང་གཉིས་ཇ་ཁང་འདི་གཅིག་པུའི་ནང་དུ་གཏམ་གླེང་མང་དྲགས་ན་མཐའ་འཁོར་གྱི་ཇ་འཐུང་མཁན་ཚོ་ཉོབ་ཀྱི་རེད་སྙམ་གྱི་འདུག དེ་ལས་བསེ་རུའི་ལྡུམ་རར་གླེང་གཞི་གཞན་ཞིག་གི་ཐོག་ཏུ་གླེང་མོལ་གནང་བར་ཕེབས་ན་གང་འདྲ་འདུག་གམ།
ད་ལྟ་ནས་བརྩིས་པའི་འབྱུང་འགྱུར་ལོ་ག་ཚོད་ཙམ་གྱི་ནང་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཚོད་རྩིས་གནང་གི་ཡོད་དམ།
ལོ་ངོ་ག་ཚོད་ཅིག་གི་རྗེས་སུ་ཡིན་མིན་ནི་ཐག་གཅོད་དངོས་ནས་བྱེད་ཁག་པོ་ཞིག་རེད། རེ་བ་ཞིག་ཡོད་པ་དེ་ནི་ལས་འགུལ་གང་ཞིག་མགོ་བརྩམས་ཡོད་པ་དེ་དག་ལ་ཉིན་མཚན་བསྟུད་མར་སྤེལ་མཁན་ཞིག་བྱུང་བ་ཡིན་ན་ད་གཟོད་བོད་དུ་ལོག་རྒྱུར་མང་ན་ལོ་ངོ་བཅུ་དང་ཉུང་ན་ལོ་ངོ་ལྔ་ནས་གསུམ་བར་རེད་ཟེར་ཆོག
བོད་བྱེས་བཞུགས་ཚོའི་ལས་འགན་གཙོ་བོ་གང་ཡིན་ནམ།
བྱེས་པ་དག་གིས་ལས་འགན་གཙོ་བོ་དེ་ནི་བོད་རིགས་ཀྱི་ཁོར་ཡུག་ཡོད་ས་དག་ནས་བོད་རང་གི་སྐད་ཡིག་ལ་ཤེས་མཁན་དག་བསྐྱེད་སྲུང་བྱེད་རྒྱུ་དང་། བོད་ནང་ལོག་གི་ཚེ་སྲོག་ལ་འགན་ཆགས་པའི་ལས་འགུལ་གོང་ནས་བཤད་པ་ལྟར་ཉིན་མཚན་མེད་པར་སྤེལ་མཁན་གྱི་ཚོགས་པ་ཁག་གིས་འགན་ལེན་གཙང་མ་ཞིག་བྱེད་ཐུབ་དགོས་ཀྱི་འདུག དེ་ནི་བྱེས་པ་དག་གིས་ཁ་ནས་གླེང་བ་དེ་དག་ཚོགས་པ་ཁག་གིས་འགན་འཛིན་དག་གིས་རང་ཉིད་ཀྱིས་མགོ་འཁྲིད་དེ་ལས་འགུལ་མཚམས་འཇོག་མི་བྱེད་རྒྱུ་དེ་རེད།
བོད་གཞིས་བཞུགས་ཚོའི་ལས་འགན་གཙོ་བོ་གང་ཡིན་ནམ།
གཞིས་བཞུགས་སྤུན་ཟླ་དག་གིས་གང་བྱེད་དགོས་མིན་དེ་ནི་བྱེས་པ་དག་ལས་གལ་ཆེན་ཆགས་ཡོད། ཁོང་ཚོས་བོད་དོན་བསྐོར་གླེང་སློང་བྱས་པ་ཡིན་ན་ཐ་ན་རང་གིས་ཚེ་སྲོག་ཡིན་ཡང་ཤོར་བཞིན་ཡོད། ད་ནི་གཞིས་པ་དག་གིས་རྒྱའི་འདོད་ཐོག་ལ་བཞག་ནས་བོད་དོན་གླེང་ནས་རང་གི་ཚེ་སྲོག་རྒྱ་ལག་ཏུ་མི་འཇོག་པར་རང་ས་གཏན་པོར་སྲུང་དེ་རང་གི་ཁོར་ཡུག་སྲུང་སྐྱོབས་དང་། རང་གི་གོམས་གཤིས་སྲུང་སྐྱོབས་བྱེད་རྒྱུ་ལས་བོད་རང་དབང་གི་བསྐོར་ལ་སྐད་རྒྱག་དགོས་ཀྱི་མེད་ལ། བོད་ཀྱི་ས་ཁུལ་ཁག་ནས་རང་ཁ་རང་གསོ་ཐུབ་པའི་ལས་གཞི་བྱེད་དགོས་པ་དང་བོད་པ་དག་གིས་བོད་མི་དག་ལ་ལས་ཀ་སྤྲོད་པ་དང་བོད་མིས་བོད་མི་ལ་ཤ་ཞེན་ཡོད་པའི་སྒོ་ནས་ཚོང་ལས་གཉེར་བ་སྐད་ཡིག་ཁོར་ཡུག་གང་ཡོད་པ་དེ་དག་གོ་སྐབས་དང་བསྟུན་ནས་བསྐྱེད་སྲུང་བྱེད་རྒྱུ་དང་རང་གི་ཚེ་སྲོག་ལ་གནོད་འཚེ་མི་ཡོང་བས་ཐབས་ཤེས་གང་ཡོད་པ་དེ་དག་ལ་བརྩོན་རྒྱུ་དེ་རེད་སྙམ།
བོད་གཞིས་བྱེས་གཉིས་ཀྱི་ཐུན་མོང་གི་ལས་འགན་གཙོ་བོ་གང་ཡིན་ནམ།
ཐུན་མོང་གི་འགན་ནི་དྲང་བདེན་ལ་གཞི་བཅོལ་བ་ལས་རང་ཚུགས་མེད་པའི་རྗེས་འབྲངས་མི་བྱེད་རྒྱུ་དེ་རེད། དེ་ལྟར་གཞི་ལ་བཅོལ་ན། ༧གོང་ས་མཆོག་གིས་དགོངས་གཞི་གཅིག་པོ་མིན་པར་བོད་མི་མང་གིས་སྐད་ཡིག་རིག་གཞུང་གི་སྲོག་རྩ་ལ་ཡང་བདག་སྐྱོང་ཐུབ་ངེས་ཡིན།
དྲ་གྲོགས་ལགས།
དུས་ཁོམ་ཡོད་ན་ངའི་ཟིན་བྲིས་སུ་ཕེབས་དང་། ང་གཉིས་ངལ་གསོའི་ལྡུམ་རར་ཕེབས་ཏེ་སྙན་ངག་གི་མེ་ཏོག་རེ་འཐུ་རུ་འགྲོ།
མིང་རྟགས་སམ་མཚན་རྟགས་བོད་ཡིག་ཐོག་བྲིས་ན། ནོར་འཁྲུལ་རེད་ཅེས་སུ་གང་གི་ཤོད་དབང་མེད། དེ་མི་རིགས་ཤིག་གི་ངོ་བོ་མཚོན་པའི་སྐད་ཡིག་གི་ཐོབ་ཐང་རེད། རང་མི་རིགས་ཀྱི་སྐད་ཡིག་མི་རིགས་རང་ཉིད་ཀྱི་སྤྱོད་མི་ཆོག་ཟེར་བ་ནི་བཙན་དབང་རང་རེད། མིང་རྟགས་དེ་གནད་དོན་ཆུང་ཆུང་ཞིག་ཏུ་མཐོང་སྲིད་ཀྱང་། ངས་བལྟས་ན་དེ་ནི་གནད་དོན་ཆེན་པོ་དང་དེ་བས་ཆབ་སྲིད་ཀིྱི་ཐོག་ནས་བཤད་ན་དེ་ནི་གལ་འགངས་ཧ་ཅང་ཆེ་བའི་གནད་དོན་ཞིག་རེད།
དཔེར་ན། ངས་བོད་ཡིག་གི་ཐོག་ཏུ་ས་ཡིག་བརྒྱབས་ན་རྒྱལ་སྤྱིའི་ཁྲིམས་དང་། གྲགས་ཅན་གྱི་མི་སྣ། འཛམ་གླིང་གི་མི་མང་སུ་འདྲ་ཞིག་གིས་ཀྱང་དེ་ལ་ཁྱད་གསོད་དང་མཐོང་ཆུང་བྱས་མི་ཆོག་ལ། དེའི་ཚབ་ཏུ་དབྱིན་ཡིག་ལྟ་བུའི་སྐད་ཡིག་བྱེ་བྲག་པ་སྤྱོད་དགོས་ཞེས་པའི་བཙན་བཀའ་གཏོང་དབང་དེ་བས་མེད། བོད་མི་ཞིག་ཡིན་ན་ས་ཡིག་དེ་བོད་ཡིག་ཐོག་ངེས་པར་རྒྱག་དགོས། ༸གོང་ས་མཆོག་དང་། བཀའ་བློན་ཁྲི་པ་སོགས་ཀྱིས་བོད་ཡིག་ཐོག་མཚན་རྟགས་བསྐྱོན་གྱི་ཡོད་ཅེས་པ་དེ་རྒྱུ་མཚན་དུ་དྲངས་ཀྱི་མེད། དེ་ལྟར་རྒྱག་དགོས་པ་ནི་ང་ཚོའི་འོས་འགན་རེད་ལ། ང་ཚོའི་ཐོབ་ཐང་ཡང་རེད།།
བཤད་ནས་ཉན་མཁན་ཡོད་ན་ཅི་མ་རུང་།།
ཉན་ནས་སྒྲུབ་མཁན་བྱུང་ན་ཅི་མ་རུང་།།
གསུང་མཁན་ངེད་ཅག་བོད་པ་ཚང་ལ་ཡོད།།
ཉན་མཁན་ངེད་ཅག་བོད་པ་ཚང་ལ་ཡོད།།
སྒྲུབ་མཁན་ངེད་ཅག་བོད་པ་ཚང་ལ་དཀོན།།
དཀོན་པ་དེ་ཡི་གྲལ་ཏུ་འུ་གཉིས་འདུག།
ད་ནི་སྐུ་ཉིད་དེ་ཡི་ཕྱོགས་སུ་ག་རེ་དགོངས།།
སེམས་གསོ་ཕན་ཚུན་བྱས་པ་ཡག་པོ་རེད།།
བདག་གིས་ཉིད་ཀྱི་སེམས་གསོར་བཀའ་དྲིན་ཞུ།།
ད་ལྟ་ནས་བརྩིས་པའི་འབྱུང་འགྱུར་ལོ་ག་ཚོད་ཙམ་གྱི་ནང་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཚོད་རྩིས་གནང་གི་ཡོད་དམ།
བོད་བྱེས་བཞུགས་ཚོའི་ལས་འགན་གཙོ་བོ་གང་ཡིན་ནམ།
བོད་གཞིས་བཞུགས་ཚོའི་ལས་འགན་གཙོ་བོ་གང་ཡིན་ནམ།
བོད་གཞིས་བྱེས་གཉིས་ཀྱི་ཐུན་མོང་གི་ལས་འགན་གཙོ་བོ་གང་ཡིན་ནམ།
རྒྱུ་མཚན་དེའི་སྟབས་ཀྱིས་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་གྱིས་བོད་བྱེས་པ་དག་ལ་ཁོར་ཡུག་བསྐྲུན་ཡོད་ཀྱང་། ཁོར་ཡུག་དེ་ནས་འཚོ་བསྡོད་བྱེད་མཁན་དག་གིས་རང་གི་ཁོར་ཡུག་ལ་རང་གིས་གཅེས་ཞེན་བྱེད་མ་ཐུབ་པར་དགོངས་ཀྱི་མེད་དམ། དཔེར་ན་ས་ཡིག་ལྟ་བུ་རེད། བོད་ཡིག་ཤེས་མཁན་ཞིག་གིས་བོད་ཡིག་བྲིས་པ་ལ་ས་ཡིག་བོད་ཡིག་ལས་དབྱིན་ཡིག་སྤྱོད་དགོས་ཟེར་མཁན་ཕལ་ཆེར་ད་སྔ་བྱུང་མེད་ཚོད་ཡིན་སྙམ། ༧གོང་ས་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གང་སར་ཕེབས་ནས་ས་ཡིག་བརྒྱབ་པ་ཚང་མ་བོད་ཡིག་གི་སྟེང་ནས་ཏྰ་ལའི་བླ་མ་ཟེར་ནས་བརྒྱབ་ཡོད་པ་རེད་ལ་ང་རང་གིས་ཀྱང་ས་ཡིག་གང་ནས་བརྒྱབ་ན་བོད་ཡིག་འབྲི་བཞིན་ཡོད་ལགས། དེ་ལ་གང་ཡང་ཟེར་མཁན་མི་འདུག་ལགས། དེ་འདྲ་ཞིག་མ་རེད་དམ།
གོང་དུ་བཀོད་པའི་ནང་ གནས་ལུགས་ཤུགས་མ་རེད།
གནས་ལུགས་ཤིག་རེད་དོ།།
ས་མཐའི་ཁེར་རྐྱང་འཚོ་བའི་མནར་གཅོད་དེ།།
ཁྱེད་དང་ངེད་གཉིས་ཙམ་གྱིས་མྱོང་བ་མིན།།
མ་བུ་ཁ་བྲལ་སོང་བའི་གཞིས་བྱེས་ཀྱི།།
སྤུན་ཟླ་ཡོངས་ལ་ཡོད་དོ་ཤ་ཁྲག་ལགས།།
ངའི་བསམ་པར་ཁོར་ཡུག་ཤུགས་རྐྱེན་དེ་ཨང་དང་པོ་ཆགས་ཀྱི་འདུག་སྙམ།
དཔེར་ན། བོད་ནས་གསར་དུ་འབྱོར་མ་ཐག་པའི་སྦིར་དང་གསོག་སྒར་ལྟ་བུའི་སློབ་བུ་གསར་བུ་བ་དག་ལ་མཚོན་ན། བོད་ཡིག་གི་གནས་ཚད་གང་འཚམ་ཡོད་ཀྱང་། དབྱིན་ཡིག་A B C D ཡིག་ངོ་ཆོད་མི་ཆོད་ཙམ་ནས་རང་ཉིད་ཀྱི་ས་ཡིག་གམ་མིང་རྟགས་སམ། མཚན་རྟགས་ཞེས་པ་དེ་དབྱིན་ཡིག་ཐོག་འབྲི་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་དེ་གཅིག་པུའི་ཐོག་ནས་གནས་ལུགས་ཤུགས་བསྟན་གྱི་འདུག་སྙམ།
ལོ་ནི་གཅིག་ཤོར་གཉིས་ཤོར་འཆི་བར་ཐག་ཇེ་ཉེ།།
སེམས་ནས་ཇེ་སྡུག་ཇེ་སྡུག་གངས་ཅན་བོད་མི་དང་།།
ནང་དགོས་༧གོང་ས་མཆོག་ཉིད་དགུང་ལོ་ཇེ་མཐོ་རེད།།
འདི་ཉིད་བསམ་ན་སེམས་སུ་ཟུག་རྔུ་མཐའ་མེད་ཅིག།
འདྲིས་ནས་གཤིབ་ན་འདོད་པའི་སྙིང་གི་དགའ་ས་ཞིག།
འདུས་པའི་མཐར་ནི་བྲལ་ནས་མི་ལོ་མང་ཙམ་ཕྱིན།།
ད་ནི་སྐད་སྐུར་ཙམ་ཡང་ཐོས་རྒྱུ་མེད་ས་རུ།།
རང་གི་གྲུབ་མ་རང་གིས་འགྲོག་ནས་སེམས་གསོ་བྱེད།།
སྤྱིར་བཏང་ང་རང་གིས་ཆུང་དུས་ནས་སུམ་རྟགས་དག་གསུམ་སྤྱོང་མྱོང་མེད་སྟབས། ང་རང་ལ་དག་ཆ་གཏན་ནས་ཡག་པོ་ཞིག་མེད་ལགས། ང་རང་འཚར་ལོངས་བྱུང་སྟངས་དེ་ཡང་སྤུན་ཟླ་དག་གིས་རྩོམ་ཡིག་དང་སྙན་ངག དུས་དེབ་དང་ཚགས་ཤོག་སོགས་བཀླགས་ནས་འཚར་ལོངས་བྱུང་བ་ཡིན།
དེའི་སྟབས་ཀྱིས་རང་གིས་གང་འབྲི་འདོད་པ་ཐམས་ཅད་པོ་འབྲི་ཐུབ་ཀྱི་མེད་ལ་བྲིས་པ་དེ་དག་ལ་ཡང་ཡིག་ནོར་ཤོར་ཡོད་པ་ནི་རང་གིས་ཚོད་ཐིགས་ཀྱི་ཡོད། དུས་བབ་དྲ་ཚིགས་འདི་ལ་ཡིག་ནོར་ཟེར་ནས་གླེང་མཁན་ནི་ཆེས་མང་བོ་ཞིག་ཡོད་ཀྱང་ལག་ལེན་ཏུ་འདེབས་མཁན་ནི་ཁྱེད་ཉིད་ལས་ཕལ་ཆེར་མི་འདུག་ཟེར་ནས་གླེང་ཆོག་པ་འདྲ་ཞིག་རེད་ལ། ལྷག་པར་་ཏུ་ཉིད་ཀྱིས་བདག་གི་ཡིག་ནོར་དག་བཅོས་སྟངས་རེ་ང་རང་ལ་དགའ་སྣང་དང་རང་གིས་འབྲི་བཞིན་པ་དག་ལ་སྤུན་ཟླ་དག་གིས་དོན་སྣང་སྤྲོད་བཞིན་འདུག་ལ། རང་ཉིད་ལ་ལྟ་སྐྱོང་བྱེད་མཁན་གྱི་ལྷག་བསམ་འགྱུར་མེད་ཀྱི་སྤུན་ཟླ་དགེ་རྒན་ལྟ་བུ་ཡང་འདུག་སྙམ་པའི་ཚོར་སྣང་སྐྱེ་བཞིན་འདུག་ལགས། འདི་ནི་ཉིད་ཀྱིས་བདག་གི་ཡིན་ནོར་བཅོས་པའི་ཁྲོད་ཀྱི་དགའ་སྣང་དང་ཚོར་བ་རེད་ལགས།
དྲ་གྲོགས་ལགས་སྐུ་ཉིད་བོད་ནས་འབྱོར་ཏེ་ལོ་ངོ་ག་ཚོད་འདས་སོང་། ཁེར་རྐྱང་གི་དྲན་གདུང་གིས་མནར་བའི་ཚོར་འདུ་རྣམས་ཡིག་ཐོག་ཏུ་ཕབ་སྟེ།
ཚིགས་བཅད་གཅིག་གཉིས་རྩོམས་དང་།
ལགས་སོ་དེའི་ཐད་དུ་འོག་ནས་ལན་འདེབས་བྱེད་ཆོག ཉིད་ཀྱིས་འདི་ལ་དྲི་ལན་ཞིག་འདེབས་རོགས་ཞུ།
ལྷག་པར་ཏུ་བོད་ཕྱི་ནང་གཉིས་སུ་བོད་པ་ཚང་གི་ལོ་ཆུང་མི་ཉུང་བ་ཞིག་ལ་ཕྱི་རྒྱལ་དང་རྒྱ་རིགས་དགའ་ཞེན་བྱེད་ཀྱི་ཡོད་པ་དང་དེ་དག་གི་སྐད་ཡིག་ལས་རང་གི་སྐད་ཡིག་ལ་དགའ་ཞེན་མེད་པའི་གནད་དོན་ཞིག་ཡོང་གི་ཡོད་པ་རེད་ལགས། གནད་དོན་འདིས་འབྱུང་ཁུངས་གཙོ་བོ་དེ་ནི་གང་ལ་ཐུག་འདུག་དགོངས་ཀྱི་ཡོད་ལགས།
སྐུ་ཉིད་ཀྱི་ཟིན་བྲིས་སུ་ཁོ་བོས་ཡིག་ནོར་བཅོས་སྐབས་ཀྱི་ཐོག་མའི་ཚོར་སྣང་དང་། ངའ་ིཕྱོགས་ནས་གླེང་སྟངས་དང་མཆན་བུ་འདེབས་སྟངས་སོགས་ཀྱི་ཐོག་དགོངས་ཚུལ་གང་ཡོད་གསུངས་རོགས།
དེའི་སྟབས་ཀྱིས་ངེད་ཅག་གིས་ཉེན་ཁ་འདི་ཉིད་ལས་ཐར་ཐབས་ཤིག་ཡོད་པ་ནི་དབལ་འབྱོར་ལ་དང་དོད་བྱེད་མི་དགོས་ཟེར་ནས་གླེང་གི་མེད་ཀྱང་། དབལ་འབྱོར་ལ་བརྟེན་ནས་རང་རིགས་ལ་ཞེན་ཁོག་ཞེན་སྟངས་ཤིག་ཀྱང་ཡོད་པ་རེད། འོན་ཀྱང་། སྤྱིར་འགྲོ་བ་མི་ཞིག་ལ་མཚོན་ན་རང་གི་རིགས་ལ་རིགས་ཞེན་བྱེད་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པར་དགོངས་ཀྱི་ཡོད་དམ། དགོངས་ཀྱི་མེད་ན་ནི་འུ་ཅག་གིས་རིགས་ཞེན་བྱས་པ་དེ་ནག་ཉེས་ཤིག་མིན་བཞིན་ཏུ་འུ་ཅག་ལ་ད་དུང་དྲང་བདེན་གྱི་རྒྱབ་དབུང་བྱེད་མཁན་གྱི་རྒྱའི་སྲིད་གཞུང་ནང་དུ་ལས་བྱེད་བསམ་ཡོད་རེ་ཟུང་མེད་དོན་གང་ལ་ཐུག་འདུག་དགོངས་ཀྱི་ཡོད་དམ།
དཔལ་འབྱོར་གྱི་འགྲན་རྩོད་བྱས་ན་འགྲིག་ཀྱང་དཔལ་འབྱོར་གྱི་བྲན་གཡོག་ཏུ་འགྱུར་ན་ཉེན་ཁ་དེ་བས་ཆེ། ཉིད་ཀྱིས་གསུངས་པ་བཞིན་སྐད་ཡིག་ཙམ་མ་ཟད་ཐ་ན་རང་ཉིད་ཀྱི་ཤ་ཁྲག་གཅིག་ལས་ཆད་པའི་སྤུན་ཉེ་དང་ཕ་མ་ཚུན་ནས་ཚོང་རྫས་སུ་སྤྱོད་ཉེན་ཆེ་བའི་གནས་སྟངས་ཤིག་ཏུ་མི་འགྱུར་བའི་ངེས་པ་གཏན་ནས་མེད།
ང་ཚོའི་སྤྱི་ཚོགས་འདིར་བཤད་རྒྱུན་ཞིག་ལ། ཕྱུག་པོ་ལ་ཡོན་ཏན་མེད། ཤེས་ཡོན་ཅན་ལ་དཔལ་འབྱོར་མེད། གཉིས་ཀ་ཡོད་པ་ལྷག་བསམ་མེད་ཅེས་པའི་གཏམ་འདིར་བདེན་པའི་ཆ་ག་ཚོད་ཙམ་ཡོད་དམ། ངས་བལྟས་ན་ཤེས་ཡོན་གྱི་སྡེ་ཁག་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་རྐྱེན་གྱིས་ཤེས་ཡོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག སེམས་བསམ་པར་བར་སྣང་ལ་རྟ་རྒྱུགས་ཀྱང་། དོན་དངོས་པོ་ལག་མཐིལ་ལ་སོ་མི་ཐེབས། ཅེས་པའི་དཔེ་རུ་འགྲོ་གིན་མེད་དམ་སྙམ་པའི་དོགས་འཆར་ཡོང་གི་འདུག
ཉིད་ཀྱིས་གླེང་མོལ་འདི་ནས་བྱེད་ཟེར་སྟབས་ངས་འདི་ནས་སྒུག་བསྡད་ཡོད་ལགས།
ང་རང་གིས་ལྟ་ཚུལ་ནི་བོད་གཞིས་བྱེས་གཉིས་ཀྱི་ཉེན་ཁ་ཆེ་ཤོས་དེ་ནི། བོད་མི་དག་གིས་དཔལ་འབྱོར་ལ་འགྲན་རྩོད་བྱེད་རྒྱུའི་བསམ་བློ་ཤུགས་ཆེན་ཞིག་ཡོང་བཞིན་པ་འདི་རེད་སྙམ་གྱི་ཡོད། གལ་སྲིད་འདི་ལྟར་དབལ་འབྱོར་གྱི་འགྲན་རྩོད་ཁོ་ན་ལ་འཐམ་ནས་བསྡད་དུས་བོད་པ་ཚང་གི་སྐད་ཡིག་གི་རིན་གོང་དེ་ཡང་ཇེ་དམའ་ནས་ཇེ་དམའ་རུ་འགྲོ་རྒྱུ་ཡིན་པ་ནི་གདོན་མི་ཟ་བར་འདོད་ལགས།
ང་ཉིད་ཀྱིས་ཁྱེད་ཚང་ལ་བོས་པ་ལྟར། དེ་རུ་སོང་དེ་མཆན་ཞིག་བཏབ་དེ་སྒུག་པ་ཡིན། སྐུ་ཉིད་ཕྱིར་འདི་རུ་སླེབས་འདུག་ལགས།
ཤ་ཁྲག་ལགས་ཅི་ཞིག་གནང་གིན་ཡོད་དམ།
ད་ལྟའི་ཆར་བོད་གཞིས་བྱེས་གཉིས་སུ་ཉེན་ཁ་ཆེ་ཤོས་དེ་ག་རེ་གཟིགས་ཀྱི་འདུག་གམ།
ངས་གོང་དུ་བཤད་པའི་ཡིག་རྒྱུགས་ཞེས་པ་དེ་རྩེད་མོའི་ཚུལ་དུ་སྨྲས་པ་ཡིན།
གོང་གི་དྲི་བ་དེའི་ལན་འདེབས་དེ་ངའི་ཟིན་བྲིས་སུ་བཏབ་ཟིན་པ་ཡིན་པས་དེ་རེིང་ངེད་གཉིས་གླེང་མོལ་གནང་ས་དེ་རིང་ཉིད་ཀྱི་ཟིན་བྲིས་ནང་དུ་ཡིན།
བསེ་རུ་ལགས། དེང་སང་ངེད་ཅག་བོད་མི་མི་ཉུང་བ་ཞིག་བོད་ཡིག་གི་དྲ་རྒྱ་དག་ལ་འཛུལ་ནས་རང་རང་གི་བསམ་ཚུལ་གླེང་བཞིན་ཡོད་པ་རེད་མོད། འདིའི་ཐད་ལ་གྲུབ་འབྲས་གང་ཞིག་ཡོད་མེད་ཐད་དུ་སྐུ་ཉིད་དགོངས་ཚུལ་ག་འདྲ་ཡོད། ངེད་ཅག་གིས་དྲ་ཐོག་ནས་གླེང་བ་ལས་ཚགས་ཤོག་དང་གསར་ཤོག་འདོན་སྤེལ་བྱེད་བཞིན་པ་དེ་དག་ཇེ་མང་དུ་བཏང་ནས་དེ་རུ་སྤེལ་བ་གཉིས་ལ་གང་ནུས་པ་ཡོད་པ་དང་མི་མང་གིས་ཤེས་རྒྱུར་དགེ་ཕན་མཐོང་གི་འདུག་ལགས།
ངེད་ཅག་དྲ་ཚིགས་འདི་ན་ཡོད་མཁན་མང་ཤོས་བོད་ནང་ཡོང་མཁན་ཆགས་ཡོད་པ་རེད་ལགས། ངས་ཉིད་ལ་ཡིག་རྒྱུགས་གཏོང་རྩིས་མིན་ལགས། ནམ་རྒྱུན་རང་གིས་སེམས་ཁོང་གི་འདྲི་ན་འདོད་པའི་དྲི་བ་དེ་དག་སྐུ་ཉིད་ལ་བཀའ་འདྲི་དང་གླེང་མོལ་བྱེད་བཞིན་ཡོད་ལགས།
དེ་རིང་ཤ་ཁྲག་རུས་གསུམ་ལགས་ཀྱིས་བསེ་རུར་ཡིག་རྒྱུགས་ཆེན་པོ་ཞིག་གཏོང་རྩིས་ཡོད་པ་འདྲ།
ངས་རང་ནུས་ལ་དཔགས་པའི་ལན་འདེབས་རེ་བྱས་ཆོག བརྒྱ་ཆ་མ་ལོན་ཡང་ང་ལ་འགྱོད་པ་མེད། ངའི་ཟིན་བྲིས་སུ་ཕེབས་དང་།
དེས་ན་དྲི་བ་གཞན་ཞིག་ནས་གླེང་ན། བསེ་རུ་ལགས། དེང་སང་ངེད་ཅག་བོད་མི་མི་ཉུང་བ་ཞིག་བོད་ཡིག་གི་དྲ་རྒྱ་དག་ལ་འཛུལ་ནས་རང་རང་གི་བསམ་ཚུལ་གླེང་བཞིན་ཡོད་པ་རེད་མོད། འདིའི་ཐད་ལ་གྲུབ་འབྲས་གང་ཞིག་ཡོད་མེད་ཐད་དུ་སྐུ་ཉིད་དགོངས་ཚུལ་ག་འདྲ་ཡོད། ངེད་ཅག་གིས་དྲ་ཐོག་ནས་གླེང་བ་ལས་ཚགས་ཤོག་དང་གསར་ཤོག་འདོན་སྤེལ་བྱེད་བཞིན་པ་དེ་དག་ཇེ་མང་དུ་བཏང་ནས་དེ་རུ་སྤེལ་བ་གཉིས་ལ་གང་ནུས་པ་ཡོད་པ་དང་མི་མང་གིས་ཤེས་རྒྱུར་དགེ་ཕན་མཐོང་གི་འདུག་ལགས།
དགོངས་འགལ་མེད་པ་ཞུ།
ང་ཆུ་ཚོད་ལྔ་པ་ཏག་ཏག་ལ་དྲ་ཁང་དུ་སླེབས་ཡོད་ཀྱང་།
འདིར་གློག་གི་དཀའ་ངལ་འཕྲད་དེ་དུས་ཡུན་གང་འཚམ་ཆུད་ཟོས་སུ་སོང་འདུག
སྨྱུག་མིང་སྤྱོད་མཁན་དང་མི་སྤྱོད་མཁན་གཉིས་ནི་རང་གི་འདོད་མོས་ལྟར་འདི་ལྟར་གཏན་ལ་ཕབ་པ་ཞིག་རེད།
དངོས་མིང་སྤྱོད་མཁན་ཚོའི་ཁྲོད་ན་ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་དེ་ཅུང་ཉུང་བ་དང་། སྨྱུག་མིང་འོག་གབ་པའི་འགན་ཁུར་མེད་པའི་སྐད་ཆ་ཤོད་མཁན་དེ་ཅུང་མང་བ་འདུག་སྙམ། སྤྱིར་ང་རང་དྲ་ཁང་དུ་འཛུལ་བ་ཉུང་ཞིང་། འཛུལ་ནས་ཀྱང་དྲ་རྒྱའི་ནང་ནས་རྩོམ་ཡིག་བཀླགས་པ་དེ་དེ་ལས་ཀྱང་ཉུང་བའི་རྐྱེན་གྱིས་ཞིབ་ཚགས་པོ་ཞིག་ཤོད་ཐུབ་ཀྱི་མི་འདུག
དངོས་མིང་སྤྱོད་མཁན་ཚོ་ཡ་རབས་དང་དྲང་བདེན་ཡིན་པ་དང་སྨྱུག་མིང་སྤྱོད་མཁན་ཚོ་མ་རབས་དང་ཐ་ཤལ་རེད་ཅེས་ཁ་ཚོན་གཅད་རྒྱུ་ནི་དེ་བས་ཀྱང་ཤོད་མི་ཐུབ་པ་ཞིག་རེད།
སྨྱུག་མིང་སྤྱོད་མཁན་དང་མི་སྤྱོད་མཁན་གཉིས་ནི་རང་གི་འདོད་མོས་ལྟར་འདི་ལྟར་གཏན་ལ་ཕབ་པ་ཞིག་རེད།
དངོས་མིང་སྤྱོད་མཁན་ཚོའི་ཁྲོད་ན་ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་དེ་ཅུང་ཉུང་བ་དང་། སྨྱུག་མིང་འོག་གབ་པའི་འགན་ཁུར་མེད་པའི་སྐད་ཆ་ཤོད་མཁན་དེ་ཅུང་མང་བ་འདུག་སྙམ། སྤྱིར་ང་རང་དྲ་ཁང་དུ་འཛུལ་བ་ཉུང་ཞིང་། འཛུལ་ནས་ཀྱང་དྲ་རྒྱའི་ནང་ནས་རྩོམ་ཡིག་བཀླགས་པ་དེ་དེ་ལས་ཀྱང་ཉུང་བའི་རྐྱེན་གྱིས་ཞིབ་ཚགས་པོ་ཞིག་ཤོད་ཐུབ་ཀྱི་མི་འདུག
དངོས་མིང་སྤྱོད་མཁན་ཚོ་ཡ་རབས་དང་དྲང་བདེན་ཡིན་པ་དང་སྨྱུག་མིང་སྤྱོད་མཁན་ཚོ་མ་རབས་དང་ཐ་ཤལ་རེད་ཅེས་ཁ་ཚོན་གཅད་རྒྱུ་ནི་དེ་བས་ཀྱང་ཤོད་མི་ཐུབ་པ་ཞིག་རེད།
ཉིད་རང་ལ་དུས་ཚོད་གཅིག་ཏག་ཏག་ལ་སྒུག་ནས་ད་ནི་སླེབས་སོང་། སྐུ་ཉིད་ཀྱིས་གོང་གི་དྲི་ལན་དེ་དག་ལ་ལན་ཞིག་གནོངས།
ཤ་ཁྲག་རུས་གསུམ་ལགས་ང་སླེབས་ཡོད།
བསེ་རུ་ལགས།
དུས་ཚོད་བཟོས་པ་ལྟར་ཏུ་ཉིད་ལ་སྒུག།
སྒུག་ནས་འདུག་རྒྱུ་དཀའ་ལས་མེད་ན་ཡང་།།
སྒུག་ཚོད་ཅི་ཙམ་ཡིན་མིན་མི་ཤེས་ཀི།
དེ་རིང་ཉིད་ལ་ཁོམ་ལོངས་མ་བྱུང་བས།།
ལན་ཞིག་སློག་རྒྱུ་མེད་པ་ཡིན་ངེས་རེད།།
རྗེས་སུ་ཉིད་ལ་ཁོམ་ལོང་བྱུང་དུས་དང་།།
དུས་ཚོད་སྟབས་ཀ་འགྲིག་པའི་ཉིན་མོ་ཞིག།
སླར་ཡང་འཛོམ་ནས་གླེང་མོལ་བྱེད་ངེས་ཡིན།།
བསེ་རུ་ལགས། གླེང་མོལ་དང་དྲི་བ་ཁ་སང་གི་གཞུག་ཡིན། ཉིད་ཀྱིས་སྨྱུག་མིང་སྤྱོད་མཁན་ལ་དགེ་མཚན་ག་འདྲ་ཞིག་མཐོང་གི་ཡོད་དམ། སྤྱིར་ན་སྨྱུག་མིང་སྤྱོད་མཁན་དང་དངོས་མིང་སྤྱོད་མཁན་གཉིས་ཀྱི་བར་ན་དགེ་མཚན་དང་ལེགས་ཆ་ག་རེ་འདུག་གམ།
བསེ་རུ་ལགས། ཉིད་རང་རྒྱ་གར་ཆུ་ཚོད་ལྔ་ཏག་ཏག་ལ་འདི་རུ་ཕེབས་ན་ངས་འདི་ནས་ཉིད་ལ་སྒུག་ནས་འདུག དེ་རིང་ང་ལ་ལས་ཀ་མེད། ནམ་ཁོམ་དུས་བྱུང་ན་དེ་དུས་བརྡ་ལན་ཞིག་སྤྲོད་དང་འུ་གཉིས་ཀྱིས་གླེང་མོལ་ཞིག་བྱེད་ཆོག དེ་དུས་སྤུན་ཟླ་གཞན་དག་རེ་ཟུང་ཡང་ངེད་གཉིས་ཀྱིས་གླེང་མོལ་ཁྲོད་དུ་ཞུགས་སྲིད་ངེས་ཡིན། ངེད་ཅག་གིས་ལྷོད་ལྷོད་ཅིག་གླེང་མོལ་བྱེད་ཆོག དེ་ཡང་དོགས་པ་རྣམ་དོག་མེད་པ་དང་སེམས་ཐག་ཉེ་བོའི་སྒོ་ནས་གླེང་གི་ཡིན། དེ་ཡང་རང་གིས་གང་ཤེས་པ་དང་རང་གིས་གང་དྲན་པ་དག་ཐད་ཀར་ལན་གསལ་བོ་འདེབས་རྒྱུར་སྔོན་ཆད་ཀྱི་གླེང་མོལ་ལྟར་ཡིན་ལགས། ཨོ་རེད། སྐུ་ཉིད་ཀྱིས་བདག་གིས་བྲིས་ནོར་དང་ཡིག་ནོར་ཤོར་བ་དག་ལ་སླར་ཡང་འཛུབ་སྟོན་གནང་བ་དེར་ཐུགས་རྗེ་ཆེ་ཞུ་བ་ཡིན།
རྒྱ་གར་གྱི་ལུང་པའི་ཆུ་ཚོད་ལྔ་དང་ཕྱེད་ཀར་ཁྱེད་དྲ་ཐོག་ཏུ་ཕེབས་ན་གང་འདྲ་འདུག ང་རང་ཨ་རིར་ཉིན་གྱི་ལས་ཀའི་དུས་ཚོད་ཡིན་ན་ཡང་ཁྱེད་ལ་བསྒུག་ཆོག
མ་ཤི་ན་ཐུག་གི་རེད་ཅེས་པའི་ཚིག་དེས་ངའི་སྙིང་ལ་ཡང་ན་ཟུག་གིས་མནར་གྱི་འདུག དེ་དང་དེ་འདྲ་བའི་ཡུལ་གྱར་སྤུན་ཟླ་ག་ཚོད་ཙམ་ཞིག་ཡོད་དམ།
ན་ནིང་གི་ལོ་ནས་ང་ཡང་ནང་དུ་ཁ་པར་གཏོང་མཚམས་ཆད་སོང་།
དེ་ལྟར་ཆད་དོན་ནི་ཕ་མ་གཉིས་ཀྱིས་སྐུ་མཁྱེན་ཁ་པར་བཏང་མ་ཡོང་རོགས་ཟེར།
འདི་ནི་ངས་རྫུན་བཟོ་བྱས་ཏེ་བཤད་མེད། དོན་ངོ་མའི་གནད་དོན་ཞིག་རེད།
སྐབས་དེ་ནས་བཟུང་ང་ཚོ་ཡུལ་གྱར་སྤུན་ཟླ་ཚོར་རང་དབང་ལུང་པར་གནས་ཡོད་ཀྱང་། རང་ཉིད་ལ་རང་དབང་མེད་པའི་ཚོར་སྣང་ཞིག་ཀྱང་ཤུགས་ཆེན་བྱུང་། གང་ལགས་ཤེ་ན། ང་ལ་རང་གི་ཕ་མ་སྤུན་མཆེད་མཉམ་དུ་འབྲེལ་ལམ་བྱེད་པའི་རང་དབང་དེ་བརླགས་ཚར་འདུག ང་ལ་དེའི་ཐོག་རང་དབང་མི་འདུག ང་ལ་དགའ་སྐྱོ་ཆགས་སྡང་གི་སྙིང་གཏམ་རང་ཉིད་ཀྱི་ཕ་མར་ཤོད་པའི་རང་དབང་མི་འདུག དྲ་གྲོགས་ཚོ་དེ་ལྟར་ཨེ་རེད།
དྲ་གྲོགས་ལགས་ཟིན་བྲིས་གསར་དུ་སྤེལ་བར་རྗེས་སུ་ཡི་རངས་དང་སྦྲྒགས་ང་ལ་ཇུས་མེད་ཇུས་གཏོགས་ཤིག་འཁྲི་ཡོད་པ་ནི་ཁྱེད་ཀྱི་ཡིག་ནོར་ངས་གང་མཐོང་བ་རྣམས་བཅོས་རྒྱུ་དེ་ཡིན།
མ་དག་པ། དག་པ།
ཐུན་རྐྱེན། མཐུན་རྐྱེན།
བྱིན་ཡང་། ཕྱིན་ཀྱང་།
དེབ་སྐབས། དེང་སྐབས།
བསྡོད་མཁན། སྡོད་མཁན།
གཅིག་ཅོག གཅིག་ལྕོགས།
ཐོངས་ཆེན། མཐོང་ཆེན།
བསྡོད་ས། སྡོད་ས།
ཉིད་ལ་དྲན་སྐུལ་ཞུ་རྒྱུར། ཉིད་ཀྱི་སྐད་ཀྱི་གཤིས་ཀས་ཡིན་ནམ་ཅི་ཕྱིན་ཅེས་པར་བྱིན་བྲིས་པ་མང་པོ་ཐོན་གྱི་འདུག དེ་ལ་ཐུགས་སྣང་ལྷག་པར་དགོས་གལ་ཆེ།
བོད་སྐད་ཀྱི་ནང་དུ་བྱ་ཚིག་གི་སྟེང་ནས་མིང་ཆགས་པའི་རིགས་དཔེར་ན།
བསྡད་བྱ། སྡོད་བྱེད། བསྡད། སྡོད།
བསྐྱང་བྱ། སྐྱོང་བྱེད། བསྐྱངས། སྐྱོངས།
བསྒྲིག་བྱ། སྒྲིག་བྱེད། བསྒྲིགས། སྒྲིགས།
བསླབ་བྱ། སློབ་བྱེད། བསླབས། སློབས།
བསྐུལ་བྱ། སྐུལ་བྱེད། བསྐུལད། སྐུལད།
བསྐྲུན་བྱ། སྐྲུན་བྱེད། བསྐྲུནད། སྐྲུནད།
འདི་རིགས་སོགས་ལས་མིང་བྱུང་བའི་རིགས་རྣམས་དུས་ལྟ་བ་ནས་མིང་བཅོས་པ་ཤས་ཆེ་ཞིང་། དུས་མ་འོངས་པ་དང་འདས་པ་ནས་མིང་བཟོས་པའི་དབང་དུ་བཏང་ན་བྱ་བ་བྱ་རྒྱུའམ་བྱ་བ་བྱས་ཟིན་པའི་དོན་དུ་འགྲོ་ཉེན་ཆེ་བས་ད་ལྟ་བ་ནས་མིང་བཟོས་ན་ཧ་ཅང་འཐད་པར་མཐོང་བས་དོན་ལག་ལེན་གྱི་སྟེང་དུ་ཡང་བྱེད་ཚིག་ད་ལྟ་བའི་མིང་མང་བའི་ཕྱིར་རོ།།
དཔེར་ན། གོང་གི་བྱ་ཚིག་ཁག་ནས་མིང་བྱུང་བའི་རིགས།
སྡོད་མཁན། སྡོད་ས། སྡོད་ཤག སྡོད་གནས། སྡོད་དུས། སྡོད་ཚེས། སྡོད་མི།
བྱམས་སྐྱོང་། འཛིན་སྐྱོང་། རང་སྐྱོང་། ཆོས་སྐྱོང་།
སྒྲིག་གཞི། སྒྲིག་ཁྲིམས། སྒྲིག་བཤེར། སྒྲིག་འཛུགས། རྩོམ་སྒྲིག
སློབ་གཞི། སློབ་ཚན། སློབ་དགེ། སློབ་སྦྱོང་། སློབ་གསོ། སློབ་འབྲིང་།
སྐུལ་ལྩག། སྐུལ་མ། སྐུལ་སློང་། སྐུལ་མ། སྐུལ་མཁན། འབོདསྐུལ། གཞེན་སྐུལ།
ྶསྐྲུན་མཁན། འཛུགས་སྐུན། དཔེ་སྐྲུན། པར་སྐྲུན་སོགས་ཀྱིུས་རིགས་འགྲེ་སྟེ་རྟོགས་པར་འགྱུར་རོ།།
འདི་ནི་ངའི་ལྟ་ཚུལ་དང་ཉམས་མྱོང་ཐོག་ནས་ཞུ་གིན་ཡོད་དོ།།