ཁྲིམས་མཐུན་གྱི་དེབ་སྐྱེལ་ཡོད་པའི་ཚོགས་པ་དེ་ཁྲིམས་མཐུན་གྱིས་ལངས་ཐུབ་པ་དང་། ཁྲིམས་མཐུན་གྱིས་འགན་འཁུར་ཐུབ་པ། ཁྲིམས་མཐུན་གྱིས་ཕྱག་ལས་གནང་ཐུབ་པ་ཞིག་དགོས་པ་རེད་ཟེར།
ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་ ༣ བར་ཉིན་གསུམ་རིང་ཧོང་སུར་རབ་རྒྱས་གླིང་དུ་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་ཐེངས་ ༩ དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལོ་འཁོར་ཤས་བདག་ཚོགས་ཆེན་ཐེངས་ ༥ པ་དེ་བསྐོངས་འཚོགས་གནང་བ་དང་། སྐུ་མགྲོན་གཙོ་བོར་བོད་གཞུང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་རྣམ་གཉིས་ཕེབས་ཡོད་འདུག
ཉིན་དེར་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་མཆོག་གིས་གསུང་བཤད་གནང་དོན། བོད་ནང་སྔར་གྱི་སྲོལ་རྒྱུན་ལ་མཉམ་ལས་ཀྱི་ལམ་སྲོལ་བཟང་བོ་ཡོད་ཁར། བཙན་བྱོལ་དུ་འབྱོར་རྗེས་༸གོང་ས་མཆོག་གིས་ཆོས་དང་རིག་གཞུང་གི་གོམས་གཤིས་བཟང་བོ་མི་ཉམས་རྒྱུད་འཛིན་དང་ཡུན་གནས་ཐུབ་ཆེད་བོད་མི་རྣམས་རང་གི་འདོད་མོས་བཞིན་བཟོ་གཞིས་འབྲོག་གསུམ་གསར་འཛུགས་གནང་སྟེ། བོད་མི་མང་ཚོགས་ཀྱི་འཕྲལ་ཕུགས་ཀྱི་འཚོ་བ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཟང་བོ་མི་ཉམས་སླར་གསོ་ཐུབ་ཐབས་ཆེད་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་སྡེ་ཁག་དང་། དུས་རབས་དང་མཐུན་པའི་སློབ་གྲྭ་གསར་འཛུགས། དབུ་མའི་དཔལ་འབྱོར་གྱི་ལམ་སྲོལ་བཟང་བོ་ཞིག་སྤེལ་ཐབས་སུ་བཙན་བྱོལ་བོད་མི་གནས་ཡུལ་གཞིས་སྒར་ཁག་ཏུ་ཡུལ་ཁྲིམས་དང་མཐུན་པའི་བོད་མིའི་མཉམ་འབྲེལ་གསར་འཛུགས་བཀའ་དྲིན་བསྐྱངས་པ་མ་ཟད། ༡༩༦༠ ལོའི་ཟླ་ ༦ ཚེས་ ༢༩ ཉིན་ཌལ་ཧོར་བོད་མི་སེར་སྐྱ་ཡོངས་ལ། ཚང་མས་མཉམ་འབྲེལ་ཐོག་ནས་སྤྱི་སྒེར་ཡོངས་ལ་ཁེ་ཕན་ཡོང་ཐབས་ཀྱི་བློ་རྒྱ་ཆེར་བསྐྱེད་བྱེད་དགོས། དེང་སང་ང་ཚོའི་ཁྱིམ་ཚང་ལྟ་བུའི་རྒྱ་གར་རྒྱལ་ཁབ་འདིར་ཡང་མཉམ་འབྲེལ་གྱི་ཁེ་ལས་རྒྱ་ཁབ་ཏུ་སྤེལ་མུས་བཅས་མཉམ་འབྲེལ་གྱི་ལས་དོན་བྱེད་པ་འདི་ལ་དགེ་མཚན་ཆེན་པོ་ཞིག་ཡོང་ཐག་ཆོད་རེད་ཅེས་སོགས་བཀའ་ཕེབས་བཞིན། རང་གཞུང་གིས་ལས་རིམ་འདི་ཧ་ཅང་གི་གལ་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༧ པའི་དོན་ཚན་ ༩༣ ནང་དུ་ཟུར་དབྱེ་གནང་ཡོད།
མཉམ་འབྲེལ་ནི་སྤྱི་མཐུན་དཔལ་འབྱོར་གྱི་ཁེ་ཕན་ངེས་ཅན་ཞིག་བསྒྲུབ་རྒྱུའི་སླད་རང་དབང་དང་འདྲ་མཉམ་གྱི་སྒོ་ནས་དང་བླངས་ཀྱིས་འཛུལ་ཞུགས་བྱས་པའི་ཚོགས་པ་ཞིག་ལ་མཉམ་འབྲེལ་གྱི་ཚོགས་པ་ཞེས་ལབ་ཆོག་ནའང་། མཉམ་འབྲེལ་གྱི་ལས་གཞིའི་བསམ་བློ་འཁྱེར་སྟངས་གཙོ་བོ་ནི་ཁེ་བཟང་ལ་གཙོ་བོར་དམིགས་པའི་མ་རྩ་རིང་ལུགས་དང་མི་འདྲ་བར་ཤས་བདག་ཚོགས་མི་རྣམས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། འོན་ཀྱང་སྲི་ཚགས་ནི་རང་འཚོ་ཐུབ་པའི་གོམ་པ་དང་བོ་དེ་ཡིན་པར་ངོས་འཛིན་གནང་དགོས་ལ། འཚོ་གནས་ཀྱི་རིན་ཐང་ལ་སྣང་ཆུང་ནམ་ཡང་མི་གཏོང་བའི་ཐོག ཚོང་ལས་མ་ལག་ཆ་ཚང་དཔལ་འབྱོར་སྲི་ཚགས་ཆེ་ཤོས་ཀྱི་ངོས་སུ་འགྲོ་དགོས་པ་ཡང་མཁྱེན་དགོས་ཞེས་སོགས་གསུངས་ཡོད།
སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་དོན། འདས་པའི་ལོ་འགའི་སྔོན་ནས་བཟུང་ང་ཚོས་འདི་ལྟ་བུའི་ལོ་འཁོར་ལས་བསྡོམས་འཚོགས་ཆེན་སྐོང་བཞིན་ཡོད་ནའང་། ལོ་འཁོར་ལས་བསྡོམས་ཚོགས་ཆེན་སྐོང་རྒྱུ་འདི་ཆོ་ག་ཕྱག་ལེན་ལྟ་བུ་མ་ཡིན་པར་འགྲོ་སོང་ཆེན་པོ་དང་བརྡབས་གསིག་ཆེན་པོ། དཀའ་ངལ་ཆེན་པོ་བཅས་ལ་གདོང་ལེན་བྱས་ཏེ་མཐར་གཞིས་ཆགས་གང་རུང་ནང་ང་ཚོ་འདུ་འཛོམས་བྱུང་བ་རེད། ང་ཚོ་འདུ་འཛོམས་བྱུང་བ་བརྒྱུད་ནས་བཙན་བྱོལ་དུ་ཡོད་པའི་བོད་མིའི་མཉམ་འབྲེལ་ཁག་གིས་ལོ་རེ་བཞིན་ཕྱག་ལས་གང་གནང་བཞིན་པ་དག་རང་མགོ་ཐོན་པ་ཞིག་དང་། རང་སྐྱོང་ཚད་ལྡན་ཡོང་བ་ཞིག ཤས་བདག་མང་ཚོགས་ལ་དངོས་སུ་ཕན་ཐོགས་བསྐྲུན་ཐུབ་པའི་ལས་འཆར་གསར་སྤེལ་གནང་དགོས་པ་རེད་ཅེས་གསུངས་པ་དང་། ཡང་ཁོང་གིས་མུ་མཐུད་གསུངས་དོན། དེ་སྔོན་ལྷོ་གཞིས་ཁག་ལྔའི་ནང་མཉམ་འབྲེལ་གྱི་ཚོགས་ཆེན་མགོ་འཛུགས་གནང་སྐབས་མཉམ་འབྲེལ་གྱི་གནས་སྟངས་ཧ་ལས་པའི་སྐྱོ་བོ་རེད་ལ། མགོ་འཛུགས་པའི་སྐབས་མཉམ་འབྲེལ་ཚང་མ་བཀྲཀྲ་ཤིས་ལོ་ལེགས་ཡོད་པ་དང་མཉམ་འབྲེལ་ཚང་མ་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་མགོ་འཛུགས་བྱས་པ་མིན་པར། སྐབས་དེར་མཉམ་འབྲེལ་ཕལ་ཆེ་བ་ཉམས་རྒུད་ཕྱིན་བསྡད་ཡོད། མཉམ་འབྲེལ་གྱི་ཚོང་གི་ལས་དོན་མང་བོ་ཞིག་གོད་ཆག་ཤུགས་ཆེར་བྱུང་བའི་སྐབས་ཤིག་ཡིན་ནའང་། བཙན་བྱོལ་གཞུང་གིས་དེ་ལ་མཐུན་རྐྱེན་སྦྱར་ཏེ། རེ་རེ་བཞིན་ལོ་འཁོར་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སྐོང་བ་ལྟ་བུ་མ་ཡིན་པར་མཉམ་འབྲེལ་ཁག་མཉམ་དུ་འཛོམས་ནས་ཕན་ཚུན་སྦྱང་བཤད་བྱས་ཚེ་ཕན་ཐོགས་ཡོང་གི་རེད་བསམ་ནས་གཙོ་འགན་དེ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་བཞེས་ཏེ། ས་གནས་ཁག་ཏུ་ལོ་གཅིག་ནང་ཐེངས་གཅིག་འཛོམས་པའི་དུས་ཚོད་ཅིག་བཟོས་པ་རེད་ལ། ཚོགས་ཆེན་བསྡུ་བའི་སྲོལ་ཞིག་དར་བ་རེད། སྲོལ་དེ་དར་བ་ནས་བཟུང་ལོ་རེ་བཞིན་མཉམ་འབྲེལ་གྱི་འཛིན་སྐྱོང་དང་ཚོང་གི་ཐབས་ལམ། སྲིད་ཇུས་ལག་བསྟར་བྱེད་ཕྱོགས་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཕྱིན་ཏེ་མཉམ་འབྲེལ་ཁག་གི་གནས་སྟངས་ལོ་རེ་བཞིན་བཟང་དུ་ཕྱིན་ཡོད་ཅེས་གསུངས་སོང་།
གཞན་ཡང་ཁོང་གིས། བཙན་བྱོལ་བོད་གཞུང་གིས་མཉམ་འབྲེལ་དེ་ཚད་ལྡན་གྱི་རང་སྐྱོང་བཟོ་དགོས་དོན་ནི། གཞུང་གིས་འགན་ལེན་མ་དགོས་པར་མཉམ་འབྲེལ་དེ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་མཉམ་འབྲེལ་ཡིན་སྟབས། མཉམ་འབྲེལ་རང་ངོས་ནས་འགན་འཛིན་ལྷན་ཚོགས་ཡོད་པ་དང་ཤས་བདག་མང་ཚོགས་ལ་འགན་ལེན་ཐུབ་པ། མཉམ་འབྲེལ་རང་བདག་ལ་སྟངས་འཛིན་ཡོད་པ་ཞིག་ལ་དགོངས་པ་བཞེས་པ་རེད། མཉམ་འབྲེལ་ནི་གཞན་བརྟེན་གྱི་བསམ་བློ་ཅན་དང་། ག་དུས་ཡིན་ནའང་ གཞུང་ལ་བརྙེས་བསྡད་པ་ཞིག་བྱས་ཚེ། ཤིང་སྡོང་ལ་ཐག་འཁྱུད་འཁྱུད་བ་ལྟར་རེད། ཤིང་སྡོང་གནས་རིང་ཐག་འཁྱུད་གནས་སྲིད་ནའང་། ནམ་ཞིག་ཤིང་སྡོང་ལ་གནོད་སྐྱོན་དང་གོད་ཆག་བྱུང་ན་ཐག་འཁྱུད་ཀྱང་སྡོད་ཐུབ་ཀི་མ་རེད། དེ་ལྟར་མ་ཡིན་པར་ཁྲིམས་མཐུན་གྱི་དེབ་སྐྱེལ་ཡོད་པའི་ཚོགས་པ་དེ་ཁྲིམས་མཐུན་གྱིས་ལངས་ཐུབ་པ་དང་ཁྲིམས་མཐུན་གྱིས་འགན་འཁུར་ཐུབ་པ། ཁྲིམས་མཐུན་གྱིས་ཕྱག་ལས་གནང་ཐུབ་པ་ཞིག་དགོས་པ་རེད། ཅེས་གསུངས་ཡོད།
ཐེངས་འདིའི་ཚོགས་འདུའི་སྟེང་མཉམ་འབྲེལ་ཁག་གི་འགན་འཛིན་རྣམ་པ་དང་དྲུང་ཆེ་རྣམ་པ། ངྷ་ས་དང་སྒང་ཐོག་བོད་ཀྱི་གསོལ་མགྲོན་ཁང་གི་འཛིན་རྣམ་གཉིས་སོགས་འབྲེལ་ཡོད་མི་སྣ་ལྔ་བཅུ་ཙམ་ཚོགས་ཞུགས་གནང་ཡོད།
གོང་དུ། དེང་སྐབས་ང་རང་བདེ་ངང་གནས་ཡོད། ཅེས་པ་དེང་སྐབས་ང་རང་བདེ་ཐང་ངང་གནས་ཡོད་ཅེས་པར་བཅོས་རོགས།
གངས་གླག་ཁྱོད་རང་གིས་སེམས་ཁུར་ཆེན་པོས་ཐོག་ནས་བསམ་ཚུལ་གནང་བ་དགའ་བསུ་ཞུ་གི་ཡོད། དེང་སྐབས་ང་རང་བདེ་ངང་གནས་ཡོད། གནད་དོན་འདི་ང་ཚོ་ཁག་ཅིག་ལ་སེམས་ཁྲལ་ཡོད་མེད་གཙོ་བོ་མ་རེད། ངས་འདི་འདྲའི་གནས་སྟངས་ཤིག་ཡོང་གི་རེད་ཅེས་བརྗོད་ཀྱི་མེད། ཡིན་ནའང་འདི་འདྲ་ཞིག་ཡོང་སྲིད་ཀྱི་མ་རེད་ཅེས་བརྗོད་པར་ང་ལ་སྤོབས་པ་མི་འདུག རེད་དེ། གལ་སྲིད་འདི་འདྲའི་གནས་སྟངས་ཤིག་བྱུང་བ་ཡིན་ན་ང་ཚོས་གང་བྱེད་ཀྱི་རེད། གལ་སྲིད་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་ཇག་པ་ཁ་མཐུན་གྱིས་ཐག་གཅོད་བྱས་པ་ཡིན་ན་སྐབས་དེར་རྒྱ་གར་གྱི་མིག་ནང་བོད་ཀྱི་རིན་ཐང་གང་འདྲ་ཞིག་ཆགས་ཀྱི་རེད། དེང་སྐབས་འཛམ་གླིང་ཧྲིལ་པོ་འདིའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་འགྲིག་མཐུན་དང་ཁེ་ཕན་གཙོ་བོ་བྱེད་པའི་ཕྱོགས་སུ་བསྐྱོད་བཞིན་པ་རེད། དེར་བརྟེན་གནས་སྟངས་འདི་འདྲ་ཡོང་གི་མ་རེད་ཅེས་བརྗོད་པ་ནི་རང་འདོད་ཀྱི་བསམ་ཚུལ་ཞིག་རེད། གལ་སྲིད་གནས་སྟངས་འདི་འདྲ་ཞིག་མི་འོངས་བའི་དབང་དུ་བཏང་རུང་། ང་ཚོ་ལ་སྡུག་སའི་གྲ་སྒྲིག་གཅིག་དགོས་ཀྱི་རེད་བསམ་གྱི་འདུག གལ་སྲིད་སྡུག་སའི་གྲ་སྒྲིག་མེད་ན་ཉིན་མོ་འདི་འདྲ་ཞིག་ང་ཚོའི་མདུན་དུ་ལྷག་པ་ཡིན་ན་གང་བྱེད་ཀྱི་རེད། སྐབས་དེར་བལྟ་རྒྱུ་ཡིན་ཟེར་ན་ཏག་ཏག་སྡོད་ཀྱི་མི་འདུག་སྙམ།
བསམ་ཚུལ་གནང་བར་དགའ་བསུ་ཡོད།
hi Jikzal tenzin la
How are you in these days??? nice to see your comment, but here i have some thing really can not agree with you. You said that the Exile government may will have a day to close it,and from your comment i also came to know that you are pretty worry about it. here i would like to tell you that as long as our Tibetans are here in India with Refugee status, our Exile Government would never have to close it, there are two possibilities which can make it to close.1,we got our demands from China and go back to Tibet. 2 all of us got Indian citizenship status, only these two are the possibilities that can be touched upon your worry. therefore, I suggest you to think more on subjective matter but not in so objective way. I know you are quite active and enthusiastive person specially in Tibet issue, so hope you can carry it on .take care
མཉམ་འབྲེལ་གྱི་ཚོགས་འདུའི་ཐོག་བྱུང་བའི་གནས་ཚུལ་འདི་ལ་དོ་སྣང་བྱེད་དགོས་པ་གཅིག་མཐོང་བྱུང་། དེ་ནི་གནས་ཚུལ་གཞན་མ་ཡིན་པར་། ནམ་ཞིག་བཙན་བྱོལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་འདི་སྒོ་རྒྱབ་དགོས་པའི་ཉིན་མོ་ཞིག་འཆར་སྲིད་པ་དང་། གལ་སྲིད་དེ་འདྲའི་གནས་ཚུལ་ཞིག་ལྷག་པ་ཡིན་ན་བོད་མི་ཚོ་མུ་མཐུད་བཙན་བྱོལ་དུ་གནས་དགོས་རྒྱུ་ཡིན་སྟབས། སྐབས་དེར་བོད་མི་ཚོས་མཉམ་འབྲེལ་ལ་བརྟེན་ནས་ལངས་དགོས་པ་དེ་རེད། འདི་ནི་བཙན་བྱོལ་བོད་གཞུང་གིས་སྡུག་སའི་འཆར་འགོད་ཅིག་རེད། ད་ལན་གནས་ཚུལ་འདི་གསལ་པོ་བཟོས་འདུག་པས་བོད་ཀྱི་དུས་བབ་གསར་འགོད་པར་བཀའ་དྲིན་ཆེ་ཞུ་བ་ཡིན།
མཉམ་འབྲེལ་གྱི་ཚོགས་འདུའི་ཐོག་བྱུང་བའི་གནས་ཚུལ་འདི་ལ་དོ་སྣང་བྱེད་དགོས་པ་གཅིག་མཐོང་བྱུང་། དེ་ནི་གནས་ཚུལ་གཞན་མ་ཡིན་པར་། ནམ་ཞིག་བཙན་བྱོལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་འདི་སྒོ་རྒྱབ་དགོས་པའི་ཉིན་མོ་ཞིག་འཆར་སྲིད་པ་དང་། གལ་སྲིད་དེ་འདྲའི་གནས་ཚུལ་ཞིག་ལྷག་པ་ཡིན་ན་བོད་མི་ཚོ་མུ་མཐུད་བཙན་བྱོལ་དུ་གནས་དགོས་རྒྱུ་སྟབས། སྐབས་དེར་བོད་མི་ཚོས་མཉམ་འབྲེལ་ལ་བརྟེན་ནས་ལངས་དགོས་པ་དེ་རེད། འདི་ནི་བཙན་བྱོལ་བོད་གཞུང་གིས་སྡུག་སའི་འཆར་འགོད་ཅིག་རེད། ད་ལན་གནས་ཚུལ་འདི་གསལ་པོ་བཟོས་འདུག་པས་བོད་ཀྱི་དུས་བབ་གསར་འགོད་པར་བཀའ་དྲིན་ཆེ་ཞུ་བ་ཡིན།