མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོམ་རིམས་པ་དང་བདག <ཁ་བརྡའི་ནང་གི་མཆན་པུ་འགའ>

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

#

མཆན་པུ་སུམ་བརྒྱ་བཞི་བཅུ་ཞེ་གསུམ་འདུག།
ཀུན་གྱིས་ཁ་དང་ཁོག་པའི་ལབ་གླེང་ནི།།
སྟོང་ཉིད་གཟུགས་ཡོད་ཡིན་མིན་རྩོད་པ་དང་།།
ནང་ཆོས་དགོས་ཕན་ཆེ་མིན་གླེང་བ་སོགས།།
ཁ་བ་ཅན་ལ་འབྲེལ་བ་ཤ་སྟག་རེད།།
ད་ནི་སྤུན་ཟླ་དག་གིས་མཚམས་བཞག་ནས།།
ད་ལྟའི་གཉེན་འཕྲེང་བོད་ཀྱི་ཕྱི་ནང་གཉིས།།
ཇི་ལྟར་བདེན་པའི་རང་དབང་རྩོད་ན་བཟང་།།
ཇི་ལྟར་རང་རང་ནུས་པ་གང་ཞིག་འདུག།
ཇི་ལྟར་བོད་རིགས་ཤིག་གི་ལས་འགན་སོགས།།
ལབ་གླེང་བྱས་ན་ད་ནི་འགྲིག་ས་རེད།།
གྲྭ་ས་ཆུང་ཆུང་ཞིག་གིས་རྩོད་པ་ལྟར།།
ལེན་རྒྱུ་གཉར་རྒྱུ་མེད་པའི་རྒྱུ་རྫས་བཞིན།།
དུས་ཚོད་འགྲོ་འདུག་བར་གྱི་རྩོད་གླེང་འདིས།།
བསམ་བློ་གནད་བཞག་ནས་གླེང་མཁན་ཞིག།
རེ་ཟུང་མ་གཏོགས་འདི་རུ་མི་འདུག་ན།།
སྙིང་ནས་བརྩེ་བའི་བོད་རིགས་སྤུན་ཟླ་ཚོ།།
ད་ནི་རྩོམ་ཡིག་འདི་ཡི་མཆན་སྒྱུར་ནས།།
ད་ལྟའི་གནས་བབ་དགོས་མཁོར་དངོས་ཞུགས་རོགས།།
ངས་ཤེས་ངས་འཇོན་ཟེར་གྱི་གཏན་ནས་མེད།།
ངེད་ཅག་བོད་ལ་མཁོ་བའི་གནད་དོན་ནི།།
ད་ལྟའི་འཆར་ལ་སྟོང་ཉིད་རྩོད་གླེང་མིན།།
དོན་དངོས་མི་ལ་དགོས་པའི་ཆ་རྐྱེན་ཡིན།།

སྒོམ་སྡེ་ལྷ་རམས་པ་ལགས་ཀྱིས།

ཆེས་ཆེར་སྙིགས་ལྔ་བདོ་བའི་དུས་ངན་འདིར།
རྣམ་དག་ཆོས་ཀྱི་བགྲོ་གླེང་བྱེད་པ་ལ། །
ངན་བརྗོད་མི་གཙང་འགོས་པའི་མཛུབ་མོ་འདི། །
མི་འཛུགས་དགའ་བ་བསྒོམ་ན་མི་མཛེས་སམ། །

དོན་གྱིས་སྟོང་པའི་ཚིགས་བཅད་རིང་པོ་དག།
ངས་ཀྱང་རྩོམ་ཤེས་འོན་ཀྱང་སྙིང་པོས་དབེན། །
རྟ་ཕོར་རྒྱུགས་ཉམས་ཡོད་ན་གླེང་སྟེགས་ཀྱི། །
ཐང་ཆེན་འདི་རུ་འགོག་མཁན་སུ་ཡང་མེད། །

ཚིགས་བཅད་ལྕགས་རྩི་བྱུགས་པའི་གཡུ་རལ་འདི། །
བློ་ཆུང་ཝ་མོའི་ཁྲོད་དུ་ངོམས་ན་བྲིན། །
མཁས་པ་སེང་གེའི་ཁྲོད་དུ་མི་སྨྲ་བའི། །
བརྟུལ་ཞུགས་བཟུང་ན་ཤིན་ཏུ་འོས་ཤིང་འཚམ། །

བདག་གིས་ལན་དུ་ཕུལ་བ།

སྒོམ་སྡེ་ལྷ་རམས་ཟེར་བའི་སྟོང་ཉིད་མཁན།།
མི་ཤེས་ཅོལ་ཆུང་བུ་ལོར་ངན་སྨྲས་མཁན།།
གྲགས་པའི་ཆེད་དུ་དམོད་ཚིག་འདོར་མཁན་ཁྱེད།།
སྙིགས་ལྔའི་དུས་ཀྱི་མཁན་པོ་ཡིན་ས་རེད།།
གནའ་ཡང་བོད་མིས་ཆོས་ལུགས་ཁ་བཟུང་དེ།།
ཆབ་སྲིད་དམན་པའི་བོད་མི་རྒྱ་ལ་ཤོར།།
ད་ལྟའི་དུས་འདིར་༧ལྷ་མིའི་རྣམ་འདྲེན་གྱིས།།
བོད་ཀྱི་བདེ་སྡུག་ཆེད་དུ་སེར་མོ་དག།
ང་རང་དགེ་འདུན་ཡིན་ཟེར་ཁུག་ཀྱོག་ནས།།
ཆོས་ལས་ཆབ་སྲིད་མི་དགོས་ཟེར་བ་ནི།།
དོན་ལ་བོད་དོན་འགན་འཁུར་མ་བྱས་པའི།།
བསྐོར་ལ་བཀའ་སློབ་མི་ཉུང་བ་ཞིག།
གསུང་བ་ཉིད་ཀྱིས་ཐོས་འཛིན་བུ་ག་རུ།།
ཞུགས་དེ་སེམས་སུ་བཞག་མྱོང་མེད་ན་ཡང་།།
བོད་མི་ཚར་ཉིན་བོད་ཆོས་སྐྱོང་མཁན་མེད།།
མཁན་ཁོ་ཁྱེད་འདྲར་ཟོལ་འཛུན་སྟོན་མཁན་མེད།།
རང་གིས་ཅུང་ཙམ་སྤྱོང་བའི་ནང་ཆོས་དེ།།
མི་ལ་ངོམ་གསོ་བྱེད་ཆེད་མ་ཡིན་ལ།།
མི་ལ་ངན་སྨྲས་བྱེད་ཆེད་མ་ཡིན་པས།།
ཕྱིས་སུ་ང་འདྲའི་རིགས་ལ་སྡང་ན་ཡང་།།
བོད་མི་སྐྱིད་སྡུག་བོད་མི་ཀུན་ལ་ཡོད།།
དེ་ཉིད་ཐུགས་སུ་བཅིངས་དེ་བོད་དོན་ལ།།
སྐད་ཆ་ཚིག་གཅིག་ཡིན་རུང་ཨེ་འཁྱོངས་ལྟོས།།

བདེན་ནོ་བདེན་ནོ་སྒོམ་སྡེ་ལྷ་རམས་བདེན།།
ནོར་འདུག་ནོར་འདུག་ལྕག་རྩིའི་ཞུགས་མཁན་ང་།།
ཁྱེད་དང་ཁྱེད་འདྲའི་སྙིགས་ལྔའི་མཁན་པོ་ལ།།
ནམ་ཡང་འགྲན་སེམས་བྱེད་རྒྱུར་རྨི་ལམ་མེད།།

དེས་ན་ཕྱིས་སུ་ཉིད་ཀྱིས་གང་འདོད་བྱོས།།
དེས་ན་ཕྱིས་སུ་རང་ཉིད་མཁས་པར་སྒྲོག།
དེས་ན་ཕྱིས་སུ་རང་གི་མཁན་ཐོབ་སྲུངས།།
དེས་ན་ཕྱིས་སུ་བོད་དོན་མ་གླེང་རོགས།།

ང་འདྲ་དག་ནི་སྐྱེད་ཚལ་མཛེས་པའི་ནང་།།
སྐྱེ་བའི་ལྡུམ་རིགས་མཁོ་མེད་ཡིན་པས་ན།།
ཕྱིས་སུ་ཉིད་འདྲའི་མེ་ཏོག་མཛེས་པ་ཚོར།།
གནོད་དང་འཚེ་བའི་བསམ་པ་མི་བྱེད་ལགས།།

ནང་ཆོས་ཡག་པོ་ང་ཡིས་མི་ཤེས་ཀྱང་།།
ནང་ཆོས་ཁ་ལ་འཁྱེར་ནས་སྡུག་མྱོང་མེད།།
ནང་ཆོས་ཁ་ལ་འཁྱེར་ནས་གཡོ་སྒྱུ་མེད།།
ནང་ཆོས་ཁ་ལ་འཁྱེར་ནས་བོད་བཙོང་མེད།།
ནང་ཆོས་ཤེས་མཁན་ཡིན་ཟེར་རེ་ཟུང་གིས།།
ནང་ཆོས་ཁ་རུ་འཁྱེར་ནས་གོ་ལོག་བྱེད།།
ནང་ཆོས་ཁ་རུ་བཟུང་དེ་ཕྱོགས་རུས་བྱེད།།
ནང་ཆོས་ཁ་རུ་གླེང་དེ་ནང་དཀྲུགས་བྱེད།།
ནང་ཆོས་ཁ་ནས་བཤད་དེ་སྲོག་གཅོད་བྱེད།།
ནང་ཆོས་ཁ་རུ་བཤད་ཞོར་གཞན་དོན་བརྗེད།།
ནང་ཆོས་ནང་ཆོས་ཟེར་ནས་རང་རློམ་ལྕི།།
ནང་ཆོས་ནང་ཆོས་ཟེར་ནས་ནང་ལ་སྡང་།།
ང་ནི་ནམ་ཡང་ནང་ཆོས་སྡང་མཁན་མིན།།
ང་ནི་ནམ་ཡང་ནང་ཆོས་བཙོང་མཁན་མིན།།
ང་ནི་ནམ་ཡང་ནང་ཆོས་གསུང་མཁན་མིན།།
ང་ནི་ནམ་ཡང་ནང་ཆོས་ཁ་འཁྱེར་མིན།།
ཡིན་ཡང་ནང་བའི་མི་རིགས་ཤིག་ལ་སྐྱེ།།
བཟང་སར་སེམས་དང་བསམ་པའི་གུས་བརྩི་ཡོད།།
ངན་སར་སེམས་དང་བསམ་པའི་ངོ་རྒོལ་ཡོད།།
འདི་ནི་ནང་ཆོས་ཁྲོད་ཀྱི་ཉམས་ལེན་ཡིན།།
འདི་ནི་བདག་གིས་རྙེད་པའི་གནས་ལུགས་ཡིན།།

དེ་ནས་ཁོང་གིས་འདི་འདྲ་ཞིག་གསུང་འདུག

ལྷ་ཀླུ་གཉན་གསུམ་ཟེར་བའི་ཅོལ་ཆུང་ཁྱོད། །
ཁྱོད་ནི་བྱིས་པའི་ནང་ནས་བྱིས་པ་སྟེ། །
ཆོས་གྲྭར་ཆོས་དང་གཞས་རར་གཞས་ཀྱི་དཔེ། །
སྔོན་ཆད་ཁྱོད་ཀྱིས་རྣ་བས་མ་ཐོས་སམ། །



ཆོས་ལས་ཆབ་སྲིད་མི་དགོས་སུ་ཡིས་ཟེར། །
ཆོས་ལས་རང་བཙན་མི་དགོས་སུ་ཡིས་ཟེར། །
ཆོས་ཀྱི་གོ་ས་སྲིད་ཀྱིས་བཀག་པ་འདི། །
ལས་ངན་ཁྱོད་འདྲའི་བསམ་ཚུལ་ལོག་པས་ནོངས། །

རང་བཙན་ལོན་པའི་ཐབས་ཀྱི་དམ་པའི་ཕུལ། །
ནང་ཆོས་ཡིན་པ་ཁྱོད་ཀྱིས་མ་ཤེས་སམ། །
དེས་ན་ཁྱོད་ནི་རྒྱ་ལས་བླུན་པ་སྟེ། །
རྒྱས་ཀྱང་ཤེས་ནས་ནང་ཆོས་བསྣུབ་ལ་བྲེལ། །

ནང་ཆོས་མེད་ན་བོད་མིའི་ངོ་བོ་མེད། །
ནང་ཆོས་མེད་ན་བོད་མིའི་བླ་སྲོག་མེད། །
ནང་ཆོས་མེད་ན་རང་བཙན་ལོན་ཀྱང་འཆོར། །
ནང་ཆོས་མེད་ན་རྒྱ་དང་ཁྱད་པར་ཅི། །

ནང་ཆོས་མེད་ན་ཕྲུག་གུས་ཁ་ལོག་བྱེད། །
ནང་ཆོས་མེད་ན་རྒན་རབས་བསྙེན་བཀུར་མེད། །
ནང་ཆོས་མེད་ན་ཡ་རབས་བཟང་སྤྱོད་མེད། །
ནང་ཆོས་མེད་ན་བོད་འདི་ཀླ་ཀློ་ཡིན། །

ནང་ཆོས་མེད་ན་གཡོ་སྒྱུ་ཁྲམ་གསུམ་འཕེལ། །
ནང་ཆོས་མེད་ན་རྐུ་འཕྲོག་བཅོམ་གསུམ་འཕེལ། །
ནང་ཆོས་མེད་ན་གསོད་སྡིགས་གཤེ་གསུམ་འཕེལ། །
ནང་ཆོས་མེད་ན་བོད་འདི་ཀླ་ཀློ་ཡིན། །

ནང་ཆོས་མེད་ན་ཕ་ཡིས་བུ་ལ་བགྲོད། །
ནང་ཆོས་མེད་ན་མ་ལ་བུ་ཡིས་བགྲོད། །
ནང་ཆོས་མེད་ན་ཕ་ནོར་བུ་ཡིས་འཕྲོག །
ནང་ཆོས་མེད་ན་བོད་འདི་ཀླ་ཀློ་ཡིན། །

ནང་ཆོས་མེད་ན་རྒན་རྒོན་ཕྱི་རུ་འབུད། །
ནང་ཆོས་མེད་ན་རྒན་རྒོན་རྒོལ་རྡུང་གཏོང་། །
ནང་ཆོས་མེད་ན་ཕ་མ་རྒན་གསོར་འཇུག །
ནང་ཆོས་མེད་ན་བོད་འདི་ཀླ་ཀློ་ཡིན། །

ནང་ཆོས་མེད་ན་རྐུ་ཐུབ་ཁེ་བཟང་ཡིན། །
ནང་ཆོས་མེད་ན་གསོད་ཐུབ་དཔའ་བོ་ཡིན། །
ནང་ཆོས་མེད་ན་གཡོན་ཅན་འཇོན་པོ་ཡིན། །
ནང་ཆོས་མེད་ན་བོད་འདི་ཀླ་ཀློ་ཡིན། །

ནང་ཆོས་མེད་ན་བོད་མི་སྤྲང་པོ་ཡིན། །
ནང་ཆོས་མེད་ན་བོད་འདི་སྟོང་པ་ཡིན། །
ནང་ཆོས་མེད་ན་བོད་འདི་ས་རྡོའི་ཡུལ། །
ནང་ཆོས་མེད་ན་བོད་འདི་ཀླ་ཀློའི་ཡུལ། །

ནང་ཆོས་མ་ཤེས་ཁྱེད་རང་སྡུག་གྱོང་རེད། །
ནང་ཆོས་མ་ཤེས་རློམ་སེམས་ཅི་ལ་བྱེད། །
ནང་ཆོས་ཤེས་ན་ཆོས་པར་སྡང་དོགས་མེད། །
ནང་ཆོས་ཤེས་ན་འདི་འདྲ་སྨྲ་དོགས་མེད། །

ནང་ཆོས་མི་དགོས་རང་བཙན་དགོས་ཟེར་བའི། །
ཅོལ་ཆུང་ཁྱོད་འདྲ་ཇེ་མང་སོང་གྱུར་ན། །
ནམ་ཞིག་བོད་འདི་ཀླ་ཀློའི་ལུང་པ་རུ། །
མི་འགྱུར་སོམས་ཉི་བདག་ལ་ཅུང་ཟད་མེད། །

ལུང་རིགས་རྩལ་གྱིས་མི་ཐུབ་མཐོང་བ་ན། །
དམོད་ཚིག་རལ་གྲི་ཁྱེར་ནས་ཤོར་བ་འདི། །
བླུན་པོ་རྣམས་ལ་ངོ་མཚར་སྐྱེ་མོད་ཀྱིས། །
ཡ་རབས་དམ་པ་རྣམས་ལ་ཁྲེལ་བའི་རྒྱུ། །

དམ་པའི་ཆོས་ལ་ཅུང་ཟད་བགྲོ་བ་ཡི། །
གོ་སྐབས་རྙེད་འདི་སྐལ་བ་བཟང་མོད་ཀྱི། །
བདུད་ཀྱི་བྱིན་རླབས་སེམས་ལ་ཞུགས་པ་ཡི། །
སྐལ་ངན་རྣམས་ལ་མིག་ལ་རྡུལ་ཞུགས་འདྲ། །

སྒོམ་སྡེ་ལྷ་རམས་པ་ ལགས། ཅོལ་ཆུང་ངས་ཉིད་ལ་མཐོལ་ལོ་གཤེགས་སུ་གསོལ་ཟེར་བཞིན་ཡོད། ང་ནི་གང་ཡང་མི་ཤེས་མཁན་བླུན་པོ་ཞིག་ཡིན་སྟབས། ཉིད་ལ་ཚིག་ཁ་ཤས་ཤིག་བཤད་ནོར་ཐེབས་སོང་ཡོད་པ་འདྲ་ལ། ཉིད་ནི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་པར་གླེང་གི་འདུག ད་ནི་ཅོལ་ཆུང་ང་འདྲའི་སྐད་ཆ་ཐུགས་ལ་གནོད་དགོས་དོན་མེད་ལགས།
རྗེས་ཕྱོགས་སྐུ་ཉིད་གང་ དུ་ཕེབས་ཀྱང་ནང་ཆོས་ཁ་ནས་སྒྲོག་པ་ཙམ་གྱིས་མི་ཡོང་བ་མཁྱེན་གྱི་ཡོད་སྟབས། སྐུ་ཉིད་ཀྱིས་ཁ་ནས་ཤེས་པ་དེ་དག་དོན་ལ་ལག་ལེན་རང་དུ་ཁུངས་འཁྱོལ་མཁན་ཞིག་ཡིན་ པར་རེ་བ་ཡོད་ལགས།

ལྷ་ཀླུ་གཉན་གསུམ་ལགས།

ང་ནི་ཁྱེད་ཀྱིས་བསམས་པ་ལྟར་དགེ་བཤེས་ཆེན་པོ་དེ་འདྲ་གང་ཡང་མིན། ང་ནི་གྲྭ་ལོག་ཐེབས་ཆག་ཅིག་ཡིན།
འོན་ཀྱང་ཁྱེད་ལ་ཐུགས་རྗེ་ ཆེ་ཞུ་བ་དང་ཆབས་ཅིག་ངེད་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞེན་ཁོག་ཚ་དྲགས་ པའི་རྐྱེན་གྱིས་ཚིག་རྩུབ་འགའ་ཐལ་སོང་བར་དགོངས་འགལ་མེད་པ་ཞུ།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    མོ་རིགས་ཀུན་ལ་ཞེ་སེམས་མ་འདྲིས་ཀྱང་།།
    སྔོན་ཆད་རང་གི་དགའ་སའི་བུ་མོ་རེ།།
    ཐིགས་ཚད་བརྒྱབ་མྱོང་ཡོད་མེད་གསུང་ཐུབ་ན།།
    ཆུ་ཆེན་ཕར་ཚུར་གཉིས་སུ་གསན་མཁན་ཡོད།།

    Reply
  2. mekor says:
    ལོ་ 17 སྔོན།

    ཧཧཧཧ་དངོས་གནས་ཡག་པོ་བྲིས་འདུག

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ཆུ་བོ་བཞིན་དུ་བཞུར་འདོད་ཆེ་ན་ཡང་།།
    ཐིགས་པ་རེ་རེ་བསགས་རྒྱུ་དེ་ལས་གཞན།།
    སྔོན་ཆད་མ་བྱུང་ཕྱིས་ཀྱང་མི་འབྱུང་སྟབས།།
    མོ་ལུས་དྲིན་ཆེན་ཚང་ལ་བཀའ་དྲིན་ཞིག།
    ང་དང་ཁྱོད་ཀྱིས་ལོས་ཞུ་ཨ་མའི་བུ།།

    Reply
  4. mekor says:
    ལོ་ 17 སྔོན།

    ཧཧཧཧཧ་་དངོས་གནས་ཡག་པོ་ཞིག་བྲིས་འདུག ངས་དེང་སྐབས་ཁྱེད་རང་བྲེལ་འཚུབ་ངང་ཡོད་པ་ལས་རྩོམ་ཡིག་འབྲི་རྒྱུའི་དུས་ཚོད་ཅིག་ཡོད་རྒྱུ་མ་རེད་བསམ་ཡོད། ཡིན་ནའང་ཉིད་ཀྱིས་རྩོམ་ཡིག་འབྲི་རྒྱུ་དེ་ཅི་འདྲའི་བྲེལ་འཚུབ་ཆེ་ཡང་མཚམས་མི་འཇོག་པ་དེ་གོམས་གཤིས་སུ་འཇགས་པ་ཡིན་པས་དགའ་བསུ་བྱེད་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese