མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེས་དྲན་རྡོ་རིང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༤ ཉིན། བོད་མི་མང་སྤྱུ་འཐུས་ལྷན་ཚོགས་ཀྱིས་འདི་གའི་གསར་ཁང་ལ་གསལ་བསྒྲགས་བཏང་འབྱོར་བྱུང་བ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༤ བའི་ཚོགས་དུས་བདུན་པའི་ཡིག་ཆ་ཨང་ ༧༨ པའི་དགོངས་དོན། སྔར་ལོ་བོད་ནང་གི་ཞི་རྒོལ་ཁྲོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་གི་ཆེད་དུ། འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་དཔའ་མཛངས་སྙིང་སྟོབས་རྗེས་དྲན་གྱི་རྡོ་རིང་ཞིག བཞུགས་སྒར་ངྷ་རམ་ས་ལར་བཞེངས་གཏན་འཁེལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ལེན་ཐོག ཐེངས་འདིར་རྗེས་དྲན་རྡོ་རིང་བཞེངས་སྐྲུན་བྱེད་ཕྱོགས་དང་བཟོ་བཀོད། མཚན་བྱང་། རི་མོ་བཅས་ཀྱི་ཐད། རྒྱ་ཆེའི་མང་ཚོགས་ལ་དགོངས་འཆར་བསྡུ་རྒྱུ་ཡིན་པ་དང་། རྣམ་དཔྱོད་རྩལ་གྱིས་སྐྲུན་པའི་དགོངས་འཆར་ཁག ཕྱི་ཟླ་ ༩ ཚེས་ ༥ སྔོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྗེས་དྲན་རྡོ་རིང་བཞེངས་སྐྲུན་ལས་དོན་ཚོགས་ཆུང་ལ་འབྱོར་བ་དག་ལས་ལེགས་འདེམས་བྱས་ཏེ། རྩེད་ཕུད་ལ་ཧིན་སྒོར་ལྔ་སྟོང་ ༥༠༠༠ གི་བྱ་དགའ་ལེགས་གསོལ་དང་བཅས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་གཏན་འཁེལ་བྱ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. བདེ་བ་ཅན། says:
    ལོ་ 17 སྔོན།

    རྡོ་རིང་དེ་ནི་རིན་ཆེན་དང་པོ་གསེར་ལས་གྲུབ་པའི་མཆོད་ཀོང་ ཞིག་དགོས་པ་དང༌། གཤོངས་ཚད་མར་ཁུ་ཀི་ལོ་བཅུ་གཤོགས་བ་ ཞིག་དགོས་ཤིང༌། དེའི་སྟེང་ཕྱི་ལོ་ 2008་ཟླ་ 3་ཚེས་ 10་འཁོད་དགོས་པ་དང༌། གངས་རི་གསུམ་བརྐོས་དགོས། ཞབས་མཐིལ་དུ་དཔའ་བོའི་གསེར་ཀོང་ཞེས་བཏགས་ཏེ་གཙུག་ལག་ཁང་ནང་བཙུགས་དགོས། དེ་ཡང་གཙུག་ལག་ཁང་སྤྱན་རས་གཟིགས་དང་གུ་རུའི་སྐུ་བརྙན་སྐུ་མདུན་དུ་བཙུགས་དགོས། དེ་འདྲ་བྱས་ཚེ་ཚེས་བཟང་དུས་བཟང་ཙམ་མ་ཡིན་པར་མཆོད་འབུལ་བྱ་མཁན་ཚང་མས་ག་དུས་ཡིན་ནའང་ཚེས་གྲངས་འདི་མིག་མདུན་དུ་མཐོང་སྐབས་དུས་ཚོད་དེ་དྲན་གསོས་ཟིན་ལ། ཉིན་ལྟར་མཆོད་འབུལ་བྱེད་པ་འདི་འདས་པོ་ཚོའི་ཐུགས་འདུན་མཐའ་དག་ལྷག་བསམ་དཀར་བའི་ཕྱོགས་སུ་གྲུབ་རྒྱུར་དགེ་གྲོགས་ཡོང་ཐུབ་ལ། ང་ཚོའི་མི་རིགས་ཀྱི་རིག་གཞུང་གོམས་སྲོལ་དང་ཡང་མཐུན་པ་འདུག དཔེར་ན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལྟ་བུ་སོགས་ལྷ་རྒྱལ་རིར་རྡོ་རིང་དེ་འདྲ་བཙུགས་ཚེ་བོད་པ་ཚོ་ལོག་ཚར་རྗེས་ཆོས་ལུགས་གཞན་པ་དེ་ཚོས་ས་གནས་འདིར་བདག་བཟུང་བྱས་ཏེ་བོད་པ་མ་བསྡད་པའི་ཉིན་ཞིག་ཏན་ཏན་རྩ་བསྐོག བཏང་སྟེ་རྗེས་སུ་ང་ཚོའི་གཞོན་སྐྱེས་ཚོ་སླར་ཡང་དེ་སྔ་ང་ཚོའི་དྲན་རྟེན་རྡོ་རིང་ ཞིག་ཡོད་པ་དེ་གཏོར་བཤུལ་ཙམ་ཡང་མཐོང་རྒྱུ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད་ལ། དེ་ལས་སྐུ་ུབརྙན་དེ་དག་བཤིགས་བསྒྲོལ་གྱིས་བོད་ལ་འཁྱེར་གཏན་འཁེལ་ཡོད་སྟབས་དྲན་རྟེན་མཆོད་ཀོང་དེ་ཡང་འཁྱེར་འགྲོ་རྒྱུ་ཡོད་པས་དེ་འཕྲལ་ཕུགསགཉིས་ཀར་ཕན་ཐོགས་ཡོད་པ་མཐོང་གི་འདུག རྡོ་རིང་དེ་འདྲ་ཞིག་ཁྲིམས་ཐོག་ནས་ཀྱང་རྗེས་སུ་བརྟན་པོ་ཡོང་མི་སྲིད་པ་ཐག་ཆོད་པ་རེད་དོ༎

    Reply
  2. གངས་རླུང་། says:
    ལོ་ 17 སྔོན།

    གྲོགས་པོ་ཚོ། འདི་ནི་ང་ཚོས་འོས་འགན། ཁོང་ཚོས་གཅེས་སྲོག མ་འོངས་གངས་ཅན་པ་ཚོས་རྗེས་དྲན་ཞིག་ཡིན་ཕྱིར་འདི་ལ་ཐུགས་ཁུར་དང་རྒྱབ་བསྐྱོར་གནང་མཁན་ རྣམས་ལ་ཐུགས་རྗེ་ཞུ།།།

    Reply
  3. འོས་ལངས། says:
    ལོ་ 17 སྔོན།

    རྗེས་དྲན་རྡོ་རིང་བསླངས་རྒྱུའི་ལས་གཞི་དེ་ཡག་པོ་འདུག་མོད། དེ་ལས་ཀྱང་གལ་གནད་ཆེ་བ་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོའི་བྱུང་རབས་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་ནས་བོད་ཕྱི་ནང་གང་སར་གཞི་རྒྱ་ཆེ་བའི་འགྲེམ་སྤེལ་བྱས་ན་ལེགས་པར་མཐོང་། ཉེས་མེད་སྐུ་གཤེགས་དཔའ་བོ་ཚོའི་མཛད་རྗེས་དངོས་སུ་བསམ་ན། ཁོང་ཚོའི་ཟུངས་ཁྲག་དྲོན་མོ་ལས་བརྡོལ་བའི་ཁ་གཡང་དང་བསམ་དོན། འཁྲེང་བའི་ཕྱི་མིག་གིས་ང་ཚོར་ལྟ་བཞིན་ཕེབས་པའི་སྐྱོ་གར་བཅས་ལ་བསམ་བཞིན་ཁོང་ཚོའི་མངོན་འདོད་དག་གཙོ་སྒྲུབ་གནང་ན་འོས། ཁོང་ཚོས་རང་གི་གཅེས་སྲོག་བོད་དོན་ཆེད་བློས་བཏང་གནང་དོན་ནི་བོད་མི་ཚོས་ཁོང་ཚོར་བསྔོ་སྨོན་སྐྱབས་འཇུག་ཞུ་རྒྱུ་དང་། བདེན་གསོལ་སྨོན་ལམ་འདོན་རྒྱུ་བཅས་ཀྱི་ལས་འགུལ་ཙམ་ནི་གཏན་ནས་མིན་ལ། ཁོང་ཚོའི་ཆེད་རྗེས་དྲན་རྡོ་རིང་བསླངས་རྒྱུ་ཡང་ག་ལ་ཡིན། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་གཅིག་མཚུངས་ཀྱི་མངོན་འདོད་དང་ཁ་གཡང་གི་འབོད་སྒྲའི་གཞི་རྩ་ནི་༼ བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས།༽ ཞེས་པ་འདི་གསུམ་རེད། རྒྱ་མི་བོད་ནས་མཐར་སྐྲོད་དང་། བོད་རང་བཙན་གྱི་ལས་དོན་ལྟ་བུ་ནི་མ་བྱུང་ཡང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཐེངས་ཤིག་ཞུ་ཐབས་སྐོར་ལ་བཙན་བྱོལ་བོད་གཞུང་གིས་ཅིའི་ཕྱིར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་མ་གནང་བ་རེད། རྒན་དར་གཞོན་གསུམ་གྱི་ཁྱད་པར་མེད་པར་གཞིས་ལུས་མི་མང་གིས་དཔྲལ་བའི་མིག་དང་། ཁོང་བའི་སྙིང་ནས་ཉིན་མཚན་དབྱེར་མེད་དུ་༧གོང་ས་མཆོག་ལ་ཐེངས་ཤིག་མཇལ་རྒྱུ་བྱུང་ན་སྙམ་པའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དེར་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་ཅིག་འཇོག་རྒྱུ་ཕར་ཞོག དེ་ཐད་ནས་གླེང་སློང་ཙམ་ཡང་ད་བར་དུ་བྱུང་མྱོང་མི་འདུག ཕྱོགས་མཚུངས་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཚོའི་ཐད་ནས་ཀྱང་། དྲང་བདེན་དང་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱི་རྒྱབ་སྐྱོར་འཁྱེར་ནས་ཉེས་མེད་སྐུ་གཤེགས་དཔའ་བོ་དེ་དག་གི་གཅེས་སྲོག་འཕྲོག་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཁྲིམས་གཏུགས་དང་ཐེར་འདོན་བཅས་ཀྱི་ལས་འགུལ་ཅི་ཡང་སྤེལ་མྱོང་མི་འདུག ང་ཚོ་ལ་བདེན་པ་ཡོད་ན་བདེན་པའི་དཔང་རྟགས་འཁྱེར་ནས་བདེན་དོན་སྟོན་བཞིན་གཞི་རྒྱ་ཆེ་བའི་བདེན་པའི་ལས་འགུལ་ཅིས་ཀྱང་སྤེལ་དགོས། གང་ལྟར་རྒྱལ་གཅེས་དཔའ་བོ་ཚོའི་མིང་བྱང་ཙམ་རྡོ་རིང་ངོས་སུ་བརྐོས་ནས་འཇོག་རྒྱུ་ཙམ་མ་ཡིན་པར། ཁོང་ཚོའི་འདོད་དོན་འགྲུབ་པའི་ཐབས་ལམ་ལ་གཙོ་བོར་ཕྱོགས་དགོས་པར་མཐོང་ངོ་།།

    Reply
  4. འཇམ་དཔལ། says:
    ལོ་ 17 སྔོན།

    བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཆེད་དུ་རྗེས་དྲན་གྱི་རྡོ་རིང་བཞེངས་སྐྲུན་བྱེད་རྒྱུ་ཐུགས་བརྟེན་འཁེལ་བ་འདི་ལ་བོད་མིའི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀྲ་ཤིས་བདེ་ལེགས་ལས་སྒྲུབ་ཡོང་བ་དང་གུས་པ་ཡང་ལས་གཞི་འདི་ལ་སེམས་གཏེང་ནས་རྒྱབ་སྐྱོར་ཡོད་བཅས་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ལས་གཞི་འདི་ངོ་མ་ཡག་པོ་རེད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ལས་གཞི་འདི་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཡོད་ལ། རྡོ་རིང་དེ་ཉིད་བོད་ཇི་སྲིད་དུ་འཚོ་བ་དེ་སྲིད་དུ་གནས་ངེས་ཡིན་དུས། བོད་ཀྱི་དབའ་བོ་དབའ་མོ་དག་ལ་རྗེས་དྲན་གྱི་རྡོ་རིང་འདིས་སྟེང་དུ་དམིགས་བསལ་གྱིས་འདས་ལོའི་ཞི་བའི་དོན་རྐྱེན་ཁྲོད་འདས་གྲོང་དུ་བྱིན་པ་གཙོར་བཟུང་ཡིན་ཡང་། བོད་ཤོར་ནས་ད་ལྟའི་བོད་ཀྱི་བདེན་དོན་ཆེད་འདས་གྲོང་ཟིན་པ་དག་གི་མཚན་བྱང་འགོད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་སྙམ། དེ་ནི་བོད་པ་མི་རབས་རྗེས་མ་དག་གིས་བརྗེད་མི་རུང་བའི་ཆེད་དུ་རྗེས་དྲན་རྡོ་རིང་ཞིག་བསྐྲུན་འཆར་ཡོད་པ་དེ་ལ་བདག་གི་བསམ་ཚུལ་ཞིག་ཕུལ་བ་ལས། འགྲིག་མིན་དེ་ནི་ལས་ཀྱི་སྣེ་མོ་དག་གིས་མ་འཕྱུག་མ་ནོར་བ་ཞིག་ཡོང་རྒྱུར་རེ་སྐུལ་བྱེད་ཀྱི་ཡིན།

    Reply
  7. མཁར་རྔ་། says:
    ལོ་ 17 སྔོན།

    བོད་རང་གི་ཁྱད་ཆོས་ལྡན་དགོས་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ས་ལྷ་སའི་རྡོ་རིང་ཁག་གི་བཟོ་དབྱིབ་གཞིར་བཟུང་ན་རྒྱུ་མཚན་དང་ལེགས་ཆ་མང་དུ་མཐོང་ལ།

    གཙོ་བོ་གང་གི་ཆེད་དུ་བཙུགས་པའི་ཡུལ་ཆོལ་གསུམ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་མཚན་བྱང་ཁ་གསལ་ཞིང་ཚེམས་ལུས་མེད་པ་བཀོད་དགོས་རྒྱུ་གལ་ཆེ་བ་མ་ཟད།

    ལྷ་རབ་བྱུང་ན་སྐུ་པར་ཁག་ཀྱང་འགོད་ཐབས་གནང་ན་ལེགས། བྱ་འགུལ་འདི་ལེགས་འགྲུབ་ཡོང་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese