མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ན་གཅིག་ཡོད། གཟིགས་རོགས་ཞུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་ལ་གསུང་ཆོས་སྐབས་བཀའ་འདྲི་ཞུས་པ་དང་བཀའ་ལན།

བཀའ་འདྲི། ཁྱེད་རང་༧རྒྱལ་བ་རིན་པོ་ཆེ་ཡིན་པས་དཀའ་ངལ་དེ་འདུག་གམ།

བཀའ་ལན། ཁག་པོ་ཡོད་ཀྱང་། བྱེད་རྒྱུ་གང་ཡང་མེད་པ། སྤྱིར་བཏང་དེ་ལས་༧རྒྱལ་བ་རིན་པོ་ཡི་མིང་དེ་ཡི་ཐོག་ནས་མི་ལ་ཕན་ཐོག་བྱེད་ རྒྱུའི་གོ་སྐབས་ག་རེ་ཡོད་ན་དེ་ཤུགས་བརྒྱབ་པ་ཡིན་ན། དེ་ནས་སྡུག་ས་ནས་བལྟས་པ་ཡིན་ན་རྒྱུ་མཚང་གང་ཡང་མི་འདུག གང་ལྟར་གནས་སྐབས་འདི་འདྲ་ཞིག་ཆགས་ཚར་བ་རེད། དེ་ནས་ཕན་ཐོག་ཏན་ཏན་ཡོད་པའི་བཟོ་འདྲ་བོ་ཞིག་རེད། ཕན་ཐོག་ཡོད་པ་ཞིག་ཡིན་དུས་རྩ་ནས་སྤྱིར་བཏང་གཞན་ཕན་ཞིག་ག་ཚོད་མང་བ་ཡོད་ན། དཔེར་ན་ང་ཚོ་འདི་འདྲ་རེད། རྐྱེན་ངན་བྱང་ཆུབ་ལམ་དུ་འགྱུར། ང་ཚོ་བོད་པའི་ཁ་དཔེ་ལ་ཡང་། ལྟས་ངན་གཡང་དུ་ལེན་པ་ཟེར་བ་ཞིག དེ་འདྲ་ཞིག་ཡིན་པས་རྩ་ནས་བསམ་བློ་ཞིག་བཏང་བ་ཡིན་ན། དཀའ་ངལ་ག་ཚོད་ཡོད་ཀྱང་རྒྱལ་ངེས་རེད། རེད་བ་ པན་ཆེན་ཤཀྱ་ཆོས་རྗེའི་བློ་སྤྱོང་ནང་ལ་ཡང་། སྐྱིད་ན་བདེ་བ་སོ་སོར་བསྔོ།། ཕན་བདེ་རྣམ་དག་གང་བོར་ཤོག། སྡུག་ན་ཀུན་གྱིས་སྡུག་བསྔལ་འཁུར།། སྡུག་བསྔལ་རྒྱ་མཚོ་བརྟེན་པར་ཤོག། ༧ཁོང་གིས་ལུང་འདི་དྲངས་རྗེས་ཕྱག་ཟུང་གཉིས་མདུན་དུ་བསྲིངས་དེ། ག་རེ་བྱས་ནས་བསྡད་ཀི་ཡོད་པ་རེད་ད། གང་བྱུང་བྱ་བ་གཅིག་ཀྱང་འདས། གསུང་ལན་བསྩལ།

http://www.voanews.com/tibetan/video.cfm འབྲེལ་ཐག་འདི་ནས་དྲངས་པ་ཡིན། ཚིག་ནོར་དང་གོ་ནོར་དེ་འདྲ་ཡོད་པར་དགོངས་ན་འདི་རུ་གཟིགས་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

སྐར་མ ༤༦ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༥ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༨ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 15

  1. norlingyeshi says:
    ལོ་ 17 སྔོན།

    ཤ་ཚའི་ཁ་ནས་གཏམ་སྙན་མི་ཡོང་བས། ཁྱེད་ཀྱིས་ང་ལ་བསམ་ཤེས་བྱ་རོགས།

    Reply
  2. norlingyeshi says:
    ལོ་ 17 སྔོན།

    བཙན་བྱོལ་བའི་ཚགས་དེབ་དང་དྲ་ཚུགས་འདི་ཚོས་བོད་ཀྱི་རིག་གནས་གུད་ཆགས་ཐེབས་པར་རྒྱ་གུང་ཁྲན་ལ་རམ་འདེགས་གང་འཚམ་བྱ་ཐུབ་ཀྱི་ཡོད། དཔེར་ན། དུས་བབ་ཀྱི་ཟིན་བྲིས་མང་ཤོས་སོང་བའི་བོད་ཤ་རུས་ཁྲག་གསུམ་གྱི་གོང་གི་ཚིགས་བཅད་འདི་ནས་ཡིག་ནོར་ལྔ་ཙམ་མཐོང་གིན་འདུག རང་གིས་༼ གི ༽ ལེ་ལོའི་ ༼ ལོས ༽ རང་ཉིད་ལ་བཏགས། གཞན་གྱིས་ ༼ གྱི ༽ ལེ་ལོའི ༼ ལོས ༽ རང་ཉིད་གཞུག་དུ་ ༼ ཏུ ༽ འདེད།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    རང་གིས་ལེ་ལོའི་རང་ཉིད་དམ་ལ་བཏགས།།
    གཞན་གྱིས་ལེ་ལོའི་རང་ཉིད་གཞུག་དུ་འདེད།།
    རང་གཞན་གཉིས་ཀ་འདི་ཡི་བྲན་འཁོར་དུ།།
    འུ་ཅག་ཚང་མ་སྐྱེ་བ་གཅིག་མཚུངས་རེད།།

    Reply
  4. norlingyeshi says:
    ལོ་ 17 སྔོན།

    ཁྱོད་ཀྱིས་མང་པོ་མང་པོ་ཞིག་བྲིས་ཚར་འདུག ངས་ཀྱང་གང་མང་འབྲི་འདུན་ཤར་ཡོད། འོན་ཏེ་ངའི་ལེ་ལོ་འདིས་་་་་་་་་་་་་་་་

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    ནགས་མེ་ལགས། སྐུ་ཉིད་འདི་རུ་ཕེབས་པ་དང་བོ་ཡིན་ལ། ཉིད་ཀྱིས་དེ་རིང་འདི་ནས་བདག་ལ་འགྲེལ་བཤད་ཅིག་གནང་བ་དེ་ཡང་བདག་གིས་མ་ཤེས་པ་ཞིག་ཤེས་སུ་བཅུགས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྗེས་ཕྱོགས་ཀྱང་གང་ཐུབ་ཐུང་ཅིག་གནོངས་རོགས་ཞུ།

    Reply
  6. norlingyeshi says:
    ལོ་ 17 སྔོན།

    འདི་ན་གཅིག་ཡོད་ཟེར་བའི་སྐབས་སུ་སྐབས་ཐོབ་ཀྱི་བརྗོད་འདོད་གབ་སྦས་བྱས་པའི་སྐད་ཆ་ཡིན། དོན་ལ་ཅི་ཞིག་ཡོད་ཟེར་བ་ལྟ་བུར་གོ་དགོས་པས་༼ ཅིག ༽ ཅེས་པ་དེ་འཕུལ་མེད་འབྲི་དགོས་པ་ལས་གྲངས་ཀ་སྟོན་པའི་གཅིག་འབྲི་མི་འོས་སྙམ།

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    གངས་རིའི་གླིང་བུ་ལགས། རེད་ལགས། ངེད་ཅག་གིས་གོ་དགོས་པ་དང་ཤེས་དགོས་པ་མང་བོ་ཞིག་༧ཁོང་བཞུགས་དུས་སུ་འདྲི་ས་ཡོད་དུས་དང་འཇལ་རྒྱུ་ཡོད་དུས་མ་བྱས་པ་ཡིན་ན་༧ཁོང་གིས་བཀའ་སློབ་ཞིག་གསུང་ཟིན་པ་ལྟར་རེད། ང་ཡོད་དུས་སུ་ག་རེ་འདྲི་རྒྱུ་ཡོད་ན་ཐད་ཀར་དྲིས་པ་ཡིན་ན་ངས་གང་ཤེས་པ་དེ་ལན་འདེབས་རྒྱུ་ནི་ང་རང་གི་ལས་འགན་རེད་ཅེས་གསུང་ཡོད་པ་རེད། ཡིན་ཡང་། ཡ་ང་བ་ཞིག་ལ་ལས་ཀྱི་སྣེ་མོ་་བ་དང་ཤེས་ཡོན་ཅན་དང་གོ་སྐབས་ཡོད་མཁན་དག་གིས་༧ཁོང་ལ་བཀའ་འདྲི་བྱེད་ཀྱི་མེད་པ་འདི་ནི་ཡིད་འཕངས་པ་ཞིག་མ་རེད་ལགས།

    ཨ་རིག་དགེ་མཐོང་ལགས། འདི་ན་གཅིག་ཡོད། གཟིགས་རོགས་ཞུ་ཟེར་བ་དེ་མིན་ན་སྐུ་ཉིད་ཕེབས་རྩིས་མེད་པ་འདྲ། དགོངས་དག་ཉིད་རང་ལ་ངས་མགོ་བསྐོར་བཏང་བ་ལྟ་བུ་་ཞིག་ཆགས་འདུག ཧ་ཧ་ཧ རྗེས་ཕྱོགས་མགོ་བསྐོར་མི་གཏོང་ཁོ་ཐག་་ཡིན། ང་ཚོ་ལ་མཚོན་ན་༧ཁོང་གི་བཀའ་སློབ་འདི་ཚོ་གལ་ཆེན་ནང་གི་དོན་ཆེན་ཡིན་སྟབས། བདག་གིས་འདི་རུ་འཇོན་མི་འཇོན་བྱེད་ཞོར་དུ་ཡི་གེ་རུ་ཕབ་པ་ཡིན་ལགས། ཉིད་ཀྱིས་ཀྱང་དུས་ཐོག་གི་གནས་ཚུལ་འདི་འདྲ་གོ་ཐོས་གང་བྱུང་ན་སྤུན་ཟླ་དག་ལ་འཁྱེར་ནས་ཡོང་རྒྱུ་མ་བརྗེད་ཅིག་ལགས།

    Reply
  8. tashi says:
    ལོ་ 17 སྔོན།

    ཨ་རོ་འདི་ན་ཅིག་ཡོད་ལྟོས་དང་ཞེས་ལབ་དུས་ང་ཚོས་ཀྱང་ལྟ་དགོས་རྒྱུ་རེད་སྙམ་ནས་ཡོང་ནས་ཀློག་ཟིན། སྐུ་ཉིད་ཀྱི་རྩོམ་འགྲུས་ལ་རྗེས་སུ་ཡི་རང་ཞུ།

    Reply
  9. ajamyang says:
    ལོ་ 17 སྔོན།

    འདི་དང་འདྲ་བའི་༧ཁོང་གི་གསུང་ལན་མང་པོ་ཞིག་ང་ཚོས་ཐོས་ཐུབ་གྱི་མེད་པ་རེད།་་་་དེ་ནི་ངོ་མས་ཡིད་སྐྱོ་བའི་གནས་སྟངས་ཤིག་རེད།་་་་་ཡང་ཕྱོགས་གཅིག་ནས་བཤད་ན་འདི་ནི་ངེད་བོད་པ་་རུལ་སུངས་ཆེ་ཤོས་ཤིག་རེད།ངེད་བོད་པ་ཚང་གིས་རང་ཉིད་ཀྱི་ནོར་བུ་གང་མང་ནོར་ངོ་ཟིན་གྱིན་མེད་པ་རེད།དེ་བས་ནོར་བུ་རིན་ཆེན་གང་མང་ཞིག་ས་ལ་བརྡལ་བ་རེད།

    Reply
  10. sha tak ri sim says:
    ལོ་ 17 སྔོན།

    བསེ་རུ་ལགས། ཐུགས་ཁག་མི་འདུག མི་རེ་ལ་མཚམས་རེར་ལས་བྲེལ་ཡོད་དུས་ཤིག་ཡོད་ངེས་རེད། དེང་སྐབས་ཉིད་ལ་ལས་བྲེལ་ཆེ་ན་ཁག་མེད་ཀི དུས་ཁོམ་ཡོད་དུས་ཤིག་ལ་ཡང་བསྐྱར་གླེང་མོལ་ལྷོད་ལྷོད་ཅིག་བྱེད་ཆོག ཁོམ་པ་ནམ་ཡོད་ཅིག་ལ་བརྡ་ཞིག་རྒྱག་རྒྱུ་མ་བརྗེད་ཅིག

    Reply
  11. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། ང་རང་ལས་བྲེལ་གྱི་དབང་གིས་དྲ་ཐོག་ཏུ་ཉིན་ལྟར་འབྱོར་དཀའ་བར་སོང་སྟབས། དགོངས་འགལ་མེད་པ་ཞུ། ངས་དུས་ཁོམ་ནམ་བྱུང་ལ་ཉིད་ཀྱི་ཟིན་བྲིས་སོགས་གང་ཐུབ་ཀློག་བཞིན་ཡོད།།

    Reply
  12. sha tak ri sim says:
    ལོ་ 17 སྔོན།

    སྤག་སྤག་ལགས། ཉིད་ཀྱིས་བདག་ལ་དེ་འདྲའི་གདེང་འཇོན་བྱས་པ་དེར་ཐུགས་རྗེ་ཆེ། ཡིན་ཡང་། འུ་ཅག་ཚང་མ་གཅིག་ཡིན་པས་དམིགས་བསལ་གྱིས་ང་རང་ལ་དེ་འདྲའི་གདེང་འཇོན་བྱེད་རན་མེད་པ་རེད། འུ་ཅག་སུ་ཡིན་ཡང་རིགས་ཞེན་གྱིས་སེམས་རྩ་ལྷོག་ལྷོག་ལྡིང་བཞིན་པ་ཤ་སྟག་ཡིན་སྟབས། ཕན་ཚུན་ལ་གང་བཤད་འདོད་པ་གང་ཞིག་འདྲི་འདོད་པ་དག་ཐད་ཀར་བྲིས་པ་ཡིན་ན་དངོས་ནས་ཡག་པོ་ཡོད་པ་རེད། འདི་ནི་བདག་གིས་སྤུན་གྲོགས་ཡོངས་རེ་སྐུལ་ཡིན།

    Reply
  13. Kongthup says:
    ལོ་ 17 སྔོན།

    འོ་སྐོལ་གྱི་༸སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་པ་འདིའི་བདེ་སྐྱིད་དང་རིན་ཐང་དེ་ཚིག་གི་ལམ་ནས་བརྗོད་ཐབས་བྲལ་ནའང་། རྒྱ་ཆེ་ལ་གཏིང་ཟབ་པའི་དམ་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་
    མཐའ་དག་《གང་ལ་གང་འདུལ་དེ་ལ་དེ་སྟོན་》་གྱི་ཚུལ་དུ་ཤིང་རྟའི་སྲོལ་འབྱེད་པ་ནི་ཁོང་ལས་ལྷག་ཅིག་ད་བར་བྱོན་མེད་ཅེ་ན་
    ཀུན་མཐུན་ཡིན་ཞིང་། མདོར་ན་༸སྐྱེས་མཆོག་ཁོང་དང་ཁོང་གི་མཛད་འཕྲིན་ནི།
    རང་ཅག་སྤུན་ཟླའི་སེམས་ནང་གི་ཉི་མ་དང་མི་ཚེའི་དཀོན་པའི་མཆོག་ལགས་སོ།།
    ཁོ་བོའི་སེམས་ཀྱི་ཟབ་ས་ནས་ཟབ་སར་ཐིམ་པའི་སྤུན་ཟླ་བོད། ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་ཀྱི་ཉིན་རེའི་ལས་དོན་རྣམས་བཙན་པོའི་
    གཏམ་རྒྱུད་དུ་འགོད་བཞིན་པ་ནི་གུས་པའི་སེམས་ཀྱི་དྲོད་ཐིག་ཅིག་ལགས།
    མཐའ་དོན་སྐུ་ཉིད་ཡུན་ནས་ཡུན་དུ་བདེ་ཐང་དང་བྱ་བ་གང་བརྩོན་དེ་དེ་བཞིན་དུ་འགྲུབ་པའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད།
    མགྱོགས་པོར་མཇལ་ཡོང་།

    Reply
  14. sha tak ri sim says:
    ལོ་ 17 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ང་ལ་བཀའ་དྲིན་ཆེ་ཞུ་དགོས་ཀྱི་ཡོད་པ་མ་རེད། འདི་ནི་ངེད་ཅག་ཚང་མས་སུས་བྱེད་ཐུབ་ན་བྱེད་རང་བ་ཞིག་ཆགས་ཀྱི་ཡོད་པ་རེད་ལགས། སྐུ་ཉིད་ནམ་རྒྱུན་ལྟར་དཀའ་ཚེགས་མེད་པར་རྒྱུན་དུ་འདི་རུ་ཕེབས་པ་ལ་དགའ་བསུ་ཞུ་བཞིན་ཡོད།

    Reply
  15. mekor says:
    ལོ་ 17 སྔོན།

    དངོས་གནས་དྲི་ལན་ཡག་པོ་གནང་འདུག ཉིད་ཀྱིས་འདིར་བཀོད་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese