མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྔ་མོ་རང་ལ་འདི་ལྟར་སེམས་གསོའི་སྡོམ་ཚིག་བཙལ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

                                                    ༡
གཞན་སེམས་ཀྱི་ཀུན་སློང་དང་བྲལ་ཚེ། མིའི་སྐྱེས་པ་ལས་དུད་འགྲོའི་རིགས་སུ་སྐྱེས་ན་ཡག
                                                    ༢
མིའི་ཡོན་ཏན་ལ་སྡང་སེམས་དང་ཕྲག་དོག་བྱེད་པ་ལས་རང་ལ་ཡོན་ཏན་ཐོབ་པར་འབད་བརྩོན་བྱས་ན་ལེགས་པ་ཡིན།
                                                    ༣
སྐྱེས་པའི་དུས་སུ་ཨག་སྐད་དང་ལྷན་དུ་སྐྱེ་བ་བདེན་ཡང་། ཤི་དུས་སུ་ཨག་སྐད་དང་ལྷན་དུ་མི་ཤི་བར་དགོད་སྒྲ་དང་བཅས་དེ་ཤི་ཐུབ་དགོས།
                                                     ༤
རང་ཉིད་ལ་གཞན་གྱིས་ཐུབ་ཚོད་བྱོས་པ་མི་དགའ་བ་སེམས་སུ་བཞག་ནས། མི་ལ་དཀའ་ངལ་མི་བཟོ་བ་དང་དོན་མེད་དུ་ཚིག་ངན་མི་སྨྲ་བ། དུས་དང་རྣམ་པ་ཀུན་དུ་བཟང་བོའི་གོམ་གཤིས་འཇག་པར་བྱེད་རྒྱུ་བརྗེད་མི་རང་།

༡༧།༠༥།༠༥ཉིན་བྲིས།

༥
རང་ཉིད་མི་རིགས་གང་གི་ཁུངས་སུ་སྐྱེ་བ་ཡིན་ན། མི་རིགས་དེའི་ལ་རྒྱ་སྲུང་རྒྱུ་དང་མི་རིགས་དེའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ནི། རང་ཉིད་མི་རིགས་དེར་སྐྱེ་བའི་ལྡོག་མེད་ཀྱི་འགན་འཁུར་ཡིན།

༡༨།༠༥།༠༥ཉིན་བྲིས།
༦
ཁ་རོག་གེར་བསྡོད་པ་བཟང་བོར་བརྩི་ན། ལྐུགས་པའི་སྒང་དུ་སུ་ཡང་སླེབས་ས་མེད། ཁྱེད་རང་གིས་ཁ་བཙུམ་ནས་འདུག་འདོད་པ་ནི། མི་དང་མིའི་བར་ལ་འགན་འཁུར་ཅི་ཡང་འཁུར་མ་འདོད་པ་དང་། ཁྱེད་རང་ལ་སྙིང་སྟོབས་དང་ལ་རྒྱ། སེམས་ཤུགས་གང་ཡང་མེད་པས་ཡིན།

༠༢།༠༦༠༥ཉིན་བྲིས།
༧
རང་ཉིད་ལ་ཅི་ཙམ་གཅེས་པ་དེ་ཙམ་ཞིག་གཞན་ལ་ཡང་གཅེས་པར་བཟུང་ན། གཞན་གྱི་ཁྱེད་ལ་སྐྱབས་རོགས་དང་ཡིད་ཆེས་གང་ཐུབ་བྱེད་ངེས་ཡིན་ལ། ནུས་པ་དེའི་དབང་གིས་ཕན་ཚུན་ལ་ཀུ་ཡངས་དང་བསམ་ཤེས་རང་བཞིན་གྱི་བདེན་པ་གྲུབ་ཐུབ་ཀྱི་ཡོད།

༠༤།༠༦།༠༥ཉིན་བྲིས།
༨
རང་སེམས་འཁྲུལ་བའི་དབང་གིས། རང་ཉིད་ཚེ་རིང་བོར་བསྡོད་འདོད་ཀྱི་ཡིད་ཆེས་ཀྱི་དབང་སྒྱུར་འོག ཧམ་སེམས་དང་ཕྲག་དོག ང་རྒྱལ་བསྐྱེད་སྲུང་བྱེད་ཀྱི་ཡོད། བརྟན་གནས་ཀྱི་ཕྱོགས་སུ་བསམ་བློ་བཏང་དུས། ཡིད་བརྟན་ཅི་ཡང་མེད་པ་ནི། ཐག་གཅོད་ཀྱི་བསམ་བློ་ཞིག་བཏང་ན། ང་ཚོས་རང་ཉིད་ཀྱི་ཧམ་སེམས་དང་ཞེ་སྡང་བསྐྱེད་སྲུང་བྱེད་པ་ནི་ནོར་འཁྲུལ་ཉེག་གཅིག་རེད།
༩
སྐྱེས་པའི་ཉིན་མ་དེ་ནས། འཆི་བ་མགོ་བཙུགས་པ་ནང་བཞིན་གྱིས། ང་ཚོ་ལ་རང་དབང་གི་བདེ་མལ་གྱི་གཟིམ་ས་ལྷག་མ་ཞིག་མེད་པ་ཤེས་དགོས་པ་དང་། ཤེས་པའི་རྒྱུད་དུ་བརྩེ་དུང་གི་རྣམ་ཤེས་ཤིག་ཞུགས་ཉིན་ནས། ཆགས་ཞེན་གྱི་རྔམ་དྲག་གིས་རང་ཉིད་ལ་ངལ་གསོ་མི་སྟེར་བ་ནི། རང་གི་ཤེས་པ་གང་ཞིག་ལ་ངར་ཤུགས་རྒྱས་པའི་སྔོན་འགྲོ་དང་རྒྱལ་ཁར་སྙེགས་པར་འདོད་དགོས།

༢༢།༠༦།༠༥ཉིན་བྲིས།
༡༠
ཁྱེད་ཀྱིས་རང་ཉིད་ལ་ག་ཚོད་བརྩི་བཀུར་བྱེད་པ་དེ་བཞིན་དུ། མི་གཞན་ལ་ཡང་དེ་མཚུངས་ཀྱི་བརྩི་བཀུར་བྱེད་རྒྱུ་བརྗེད་མི་རང་། བརྩི་བཀུར་གྱི་མཐོང་ལམ་དུ། ཕན་ཚུན་གྱི་ཁྲེལ་གཞུང་གི་དམ་ཚིག་ཕམ་སུམ་ཚོགས་པར་འགྱུར་བ་ཡིན།

༢༤།༠༦།༠༥ཉིན་བྲིས།
༡༡
དེབ་ཀློག་པ་ལས་སྤྲོ་སྣང་མེད་ལ། སྙན་ངག་འབྲི་བ་ལས་སྡུག་བསྔལ་མེད། དེབ་ཀློག་པ་ནི་བདེ་སྐྱིད་ཡིན་ལ། སྙན་ངག་འབྲི་བ་ནི་སྡུག་བསྔལ་ཡིན།
སྙན་ངག་པ་ནི་སྡུག་བསྔལ་གསལ་སྤྲོད་བྱེད་མཁན་གྱི་སློབ་དཔོན་ཡིན་ཞིང་། དེབ་ཀློག་མཁན་ནི་བདེ་སྐྱིད་མྱོང་མཁན་གྱི་སློབ་མ་ཡིན།

༠༨།༠༧།༠༥ཉིན་བྲིས།

༡༢
འཇིག་རྟེན་གྱིས་ཁྱེད་རང་ལ་བདེ་སྐྱིད་སྟེར་བར་མ་འདོད། ཁྱེད་ཀྱིས་འཇིག་རྟེན་ལ་བདེ་སྐྱིད་འབུལ་བར་བསམ་བློ་གཏོང་བ་དང་འབད་བརྩོན་བྱེད་དགོས།
༡༣
ཁྱེད་རང་ཡི་གེ་ཤེས་མཁན་ཞིག་ཡིན་ན། དྲན་ཐུབ་པ་ནས་འབྲི་ཐུབ་པ་དང་། འབྲི་ཐུབ་པ་ནས་སྤེལ་ཐུབ་དགོས།
༡༤
སྐད་ཆ་སྙན་པོ་རེ་བཤད་དེ་ཉིན་མ་འཕུད་པ་ལས། ལས་ཀ་ཆུང་ཆུང་རེ་བྱས་དེ་མི་ལ་ཕན་གྲོགས་བྱེད་ན་བཟང་།
༡༥
གསོན་ནས་སྙིང་བོ་ཅི་ཡང་མེད་པར་མཐོང་དུས། རང་ཉིད་ནོར་གྱི་ཡོད། སྐབས་དེ་དུས་ནོར་འཁྲུལ་གང་ཡིན་པར་རྩ་གཅོད་ཡག་པོ་བྱེད་དགོས།

༣༠།༠༨།༠༥ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 31

  1. sha tak ri sim says:
    ལོ་ 14 སྔོན།

    བྲག་ཆའི་དབྱངས་འགྲོས་བསྟུན་ནས་བཞུར་འོང་བའི།།
    འགོ་ནས་བསྟོད་པ་ཚིག་གསུམ་ཞུས་པ་དེར།།
    དཀོན་དུས་ཤིག་གི་སྔ་གཞུག་ཀུན་དུ་ལ།།
    མཆོག་གི་བཀའ་དྲིན་བཞིན་དུ་སེམས་གཉར་ཞོར།།
    དར་མའི་རང་གཤིས་གཙང་བའི་སྤུན་ཟླ་ལགས།།
    རྒྱས་ཤིང་ཕུན་ཚོགས་ཡོང་བར་རེ་བ་ཡོད།།

    Reply
  2. sha tak ri sim says:
    ལོ་ 14 སྔོན།

    གཉན་པོ་གཡུ་རྩེ་འདྲ་བའི་བུ་ཞིག་དང་།།
    མདང་བརྩེ་སེམས་ལ་བྲིས་པའི་རོགས་ལོ་བཞིན།།
    ཕོ་བྲང་དམར་པོའི་སྟེང་གི་ཁྲུང་ཁྲུང་དེ།།
    ཉ་ཉོག་མེད་པར་འདི་རུ་ཕེབས་པ་སྤྲོ།།

    Reply
  3. Dre Sha Zen says:
    ལོ་ 14 སྔོན།

    ཨོ་རེད་།་ ཕལ་སྐད་མང་པོ་ཟིན་བྲིས་ནང་མི་གཏོང་བར་རེ་འབོད་ཡོད། འདི་ནི་ང་ཚོའི་མ་འོང་བའི་གངས་ཅན་པ་གཅིག་བསྒྱུར་གྱི་མདུན་ལམ་གལ་ཆེན་ཞིག་རེད་ལ། དུས་རབས་ཉེར་གཅིག་པའི་མཇུག་ཏུ་ང་ཚོའི་ངེས་པར་རྒྱལ་ཁབ་སླར་གསོ་བྱེད་ཐུབ་ངེས་པའི། དྲ་གནས་མངང་པོ་བེད་སྐྱོད་དང་བོད་ཡིག་ཐོག་ཡོད་ཚད་ལས་ཀ་བྱེད་དགོས་ན་དེ་ལས་གནད་དོན་ཆེ་བ་ཞིག་མཐོང་རྒྱུ་ཨེ་ཡོད།་ཐཱུགས་རྗེ་ཆེ།
    བྲེལ་བ་ཆེ།་

    Reply
  4. Dre Sha Zen says:
    ལོ་ 14 སྔོན།

    དངོས་ནས་དགའ་བྱུང་བྱུང་ལགས།
    འཛོམ་བྱུང་བྱུང་ལགས།་
    དགོངས་དག དེ་རིང་ང་ཡང་འདིར་དྲ་གནས་ཞིག་དུ་ཡོང་ཞོར་རང་གི་ཟིན་བྲིས་སྒྲ་འབྱེད་པ་དང་། བོད་ཤ་ཁྲག་རུས་གསུམ་གྱི་ཟིན་བྲིས་ཡང་ཚར་གཅིག་བཀླགས་ཟིན།་
    བོད་གཞས་སྙན་མོ་ཞིག་དང་ལྷན་དུ་ཟིན་བྲིས་འདི་ཚོ་བཀླག་ན་སྣང་བོ་སྐྱིད་པོ་འདུག་ལ། ད་དུང་བོད་ཇ་དསྲུབས་མ་ཞིག་ཀྱང་ཡོད་ན་ཅི་་མ་རུང་།
    བཀྲ་ཤིས་བདེ་ལེགས།་་་་བྱ་བ་ཀུན་ལམ་ལྷོང་ཡོང་བར་ཤོག།

    Reply
  5. tashi gonpo says:
    ལོ་ 14 སྔོན།

    བོད་ཚང་ལ་བལྟ་སྐོར་སླེབས་ཡིན།
    དངོས་གནས་སེམས་ལ་ཕན་པོ་དང་།
    མདུན་ལམ་དུ་བསྐྱོད་པ་ལ་རོགས་རམ་འདྲ་བྱེད་ས་རེད།
    ངས་སེམས་ལ་བཅངས་ནས་ཡོད།

    Reply
  6. samkhar says:
    ལོ་ 14 སྔོན།

    ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་གསལ་འདེབས་དང་ཡང་ཁྱེད་ཀྱིས་ལམ་སྟོན་ལྟར་ཨ་རིག་འགྱུར་མེད་ལགས་ཀྱིས་ཟིན་བྲིས་སུ་འཛུལ་བ་ཡིན་ལ། དེ་དོན་གྱི་གནད་འགག་དག་ཀྱང་ཡིད་ལ་ངེས་བྱུང་།
    ད་ལྟ་ལག་ལེན་འགེལ་རྒྱུར་ལྷག་ཡོད་པ་ལས་གཞན་ཅང་མེད་ཐུགས་རྗེ་ཆེ།

    Reply
  7. sha tak ri sim says:
    ལོ་ 14 སྔོན།

    བསེ་རུ་ལགས། ཉིད་ཀྱིས་ཟིན་བྲིས་པ་ཨ་རིག་འགྱུར་མེད་ལགས་ཀྱི་དཔར་འཇུག་སྟངས་བསྐོར་གྱི་འདྲ་དཔར་འཇུག་སྟངས་ལ་མ་གཟིགས་པ་ཡིན་ནམ། ང་རང་ལ་དེ་ལས་ལྷག་པའི་ཉམ་མྱོང་གང་ཡང་ཞུ་རྒྱུ་མེད་ལགས། ངས་ཀྱང་དེ་ནས་གསལ་བཤད་ཞུས་པ་ལྟར་རང་ཉིད་ཀྱིས་ཚོད་བལྟ་བྱས་པ་ཐེངས་གཅིག་ལེགས་འགྲུབ་བྱུང་སོང་ལགས། ཡང་བསྐྱར་ཚོད་ལྟ་བྱེད་ངེས་ཡིན། དེ་ལྟར་ལེགས་འགྲུབ་བྱུང་སོང་དེ་ལྟར་གསལ་བཤད་བྱེད་དགོས་པ་དང་ང་རང་གི་ཤེས་ས་ནས་ངས་ཅི་ཐུབ་བྱེད་ངེས་ཡིན་ལགས།

    Reply
  8. sha tak ri sim says:
    ལོ་ 14 སྔོན།

    ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས། ཉིད་རང་རྒྱུན་དུ་ངེད་ཚང་དུ་ཕེབས་པ་ལ་སྙིང་དབུས་ནས་དགའ་བསུ་ཞུ། ལྷག་པར་དུ་རྗེས་ཕྱོགས་ཀྱང་ཨ་ཅེ་ཆུ་སྐྱེས་ཁྱེད་རང་ཁོམ་པ་གང་ཡོད་ལ་ང་རང་གི་ཁྱིམ་དུ་ཡང་ཡང་ཕེབས་རྒྱུར་རེ་བ་ཡོད།

    Reply
  9. chokey says:
    ལོ་ 14 སྔོན།

    ལག་རྩལ་མཁས་དྲགས་ནས་བསྐྱར་འཇུག་ཐེངས་མང་ཤོར་འདུག་པས་དགོངས་དག།

    Reply
  10. chokey says:
    ལོ་ 14 སྔོན།

    ཤ་ཁྲ་ལགས།
    སྐུ་ཉིད་ནས་དེ་རིང་ཁ་སང་སྤེལ་བའི་ཟིན་བྲིས་རྣམས་ཧ་ཅང་ཡག་པོ་དང་སྙན་ངག་གི་རོ་བཅུད་ལྡན་པ་ཞིག་འདུག་པས་ཐུགས་རྗེ་ཆེ།

    Reply
  11. samkhar says:
    ལོ་ 14 སྔོན།

    ངས་དྲ་ཐོག་ཏུ་འདྲ་པར་འཇོག་རྒྱུར་འབད་བརྩོན་སྣ་ཚོགས་བྱས་ཀྱང་འདྲ་པར་འཇུག་ཤེས་མ་སོང་། སྐུ་ཉིད་ཀྱིས་འདྲ་པར་འཇུག་ཤེས་ཡོད་ན། ཉིན་ཞིག་འདྲ་པར་འཇུག་སྟངས་ཀྱི་གོ་རིམ་ཇི་ལྟར་བརྒྱུད་དགོས་མིན་གྱི་ཟིན་བྲིས་ཤིག་སྤེལ་ན། སྔར་ཁྱེད་ལ་འཕྲད་པའི་དཀའ་ངལ་བཞིན་དྲ་གྲོགས་མི་ཉུང་བ་ཞིག་ལ་འཕྲད་ཀྱིན་ཡོད་མུས་ཡིན་སྟབས། དེ་དོན་ཟིན་བྲིས་སུ་པར་རིགས་འཇོག་སྟངས་ཀྱི་ཟིན་བྲིས་སྤེལ་ན་གང་འདྲ་འདུག་གམ། ང་ཡང་དཀའ་ངལ་དེ་ལས་རྣམ་པར་རྒྱལ་མི་ཐུབ་པའི་དྲ་སྤྱོད་པ་ཞིག་ཡིན།
    དེ་དོན་ཐུགས་ལ་འཇོག་རོགས། སྙིང་ཉེ་བའི་དྲ་གྲོགས་ལགས།།

    Reply
  12. chokey says:
    ལོ་ 14 སྔོན།

    ཤ་ཁྲག་ལགས། བཀླགས་ཚར་ནས་ཡོད། དེ་རིང་ཁ་སང་སྐུ་ཉིད་ནས་སྤེལ་བའི་རྩོམ་ཡིག་རྣམས་ཧ་ཅང་ཡག་པོ་དང་སྙན་ངག་གི་རོ་བཅུད་དང་ལྡན་པ་ཞིག་འདུག་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་བཞུ་འདོད་བྱུང་།

    Reply
  13. chokey says:
    ལོ་ 14 སྔོན།

    དེ་རིང་ཁ་སང་ག

    Reply
  14. chokey says:
    ལོ་ 14 སྔོན།

    དེ་རིང་ཁ་སང་ག

    Reply
  15. sha tak ri sim says:
    ལོ་ 14 སྔོན།

    བསེ་རུ་ལགས། ཉིད་རང་དུས་རྟག་པར་འདི་རུ་ཕེབས་ནས་གསལ་བཤད་གནང་དགོས་སར་གསལ་བཤད་གནང་བ་དེར་སྙིང་དབུས་སུ་བཀའ་དྲིན་ཆེ་ཟེར་གྱི་ཡིན་ལ། དེ་རིང་ཨ་རིག་འགྱུར་མེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཟིན་བྲིས་ནང་དུ་དཔར་འཇུག་སྟབས་ཀྱང་ཤེས་སོང་། ད་ནས་བཟུང་ཟིན་བྲིས་ནང་དུ་དཔར་རིག་སྒྱུ་རྩལ་གྱི་ཟིན་བྲིས་ཀྱང་སྤེལ་ཆོག་གི་རེད།

    Reply
  16. samkhar says:
    ལོ་ 14 སྔོན།

    རང་ཉིད་ཀྱིས་རང་ཉིད་ལ་སྨྲས་པ།

    བསེ་རུ། གཟབ་གཟབ་བྱོས་དང་།

    དཔེ་དོན་མ་རེད། དཔེ་དེབ་རེད།
    འགས་ཟིན་མ་རེད། འཇགས་ཟིན་རེད།

    ཁྱེད་ཀྱིས་གཞན་ལ་ཡིག་ནོར་བཅོས་ཀྱིན་རང་ཉིད་ཀྱིས་ཡིག་ནོར་བྲིས་ན་དེ་ནི།
    གཞན་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་བའི་མེ་ལོང་དགོས། །ཞེས་མ་གསུངས་སམ། བསེ་རུ། ཁྱོད་ལ་རྭ་གཅིག་ལས་མེད་ཀྱང་མིག་གཉིས་ཡོད་པ་མ་ཡིན་ནམ། ཡིག་འབྲུ་གཅིག་ལས་འབྲི་གིན་མེད་རུང་གཟབ་གཟབ་བྱོས་ཨང་། དེ་ནི་བསེ་རུས་བསེ་རུར་བསྒྲགས་པའི་ཐ་ཚིག་གོ།

    Reply
  17. samkhar says:
    ལོ་ 14 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།
    ཡོངས་གྲགས་དགེ་ཆོས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ཁག་གསུམ་ཡོད་པ་དེའི་ནང་དུ་མེད་ཀྱང་། དགེ་ཆོས་ཀྱི་སྐོར་གྱི་དཔེ་དོན་གསར་དུ་ཐོན་པ་ཞིག་གི་ནང་དུ་ཚིགས་བཅད་དེ་འདུག ཚིགས་བཅད་དེ་ངས་བློར་ངེས་པ་བྱས་ཏེ་ཡང་ཡང་སྐྱོར་གྱིན་ད་ལྟ་ངའི་བློ་ངོར་འགས་ཟིན་འདུག འོན་ཀྱང་དཔེ་དེབ་དེའི་མཚན་བྱང་དེ་བརྗེད་ངས་རྐུན་པོས་ཁྱེར་ཚར་འདུག་པས།
    དཔེ་མཛོད་ཁག་ནས་དཔེ་དེབ་དེ་ལག་ཏུ་གསོན་ན་ངས་གསལ་བཤད་ཞུས་ཆོག།།

    Reply
  18. sha tak ri sim says:
    ལོ་ 14 སྔོན།

    བསེ་རུ་ལགས། ཉིད་ཀྱིས་རང་གི་ནོར་བ་ཁས་ལེན་བྱས་པ་དེར་ཐུགས་རྗེ་ཆེ་ལགས། ཡིན་ཡང་། ངས་འདི་འདྲ་ཞིག་དགེ་ཆོས་ཀྱི་གསུང་ཞིག་ལས་མཐོང་མྱོང་མེད་ལ། སྔོན་ཆད་ཀྱང་དྲ་ཚིགས་འདི་ནས་སྤུན་ཟླ་གཞན་ཞིག་གིས་ཀྱང་དབལ་དོན་འགྲུབ་རྒྱལ་གྱི་གསུང་རེད་ཟེར་ནས་ལུང་འདྲེན་བྱས་སོང་། ངས་དགེ་ཆོས་ཀྱི་དེབ་མི་ཉུང་བ་ཞིག་བཀླགས་མྱོང་ཡོད་ཀྱང་། དེབ་གང་ཞིག་དུ་ཚིགས་བཅད་འདི་འདྲ་ཞིག་ཡོད་པ་དྲན་གསོས་ཀྱི་མི་འདུག་ལགས། དེས་ན་མིག་གསུམ་པ་ལགས། ཉིད་ཀྱིས་དགེ་ཆོས་ལགས་ཀྱིས་ཚིགས་བཅད་ཤོ་ལོ་ཀ་གཅིག་པོ་འདི་ནི་གང་ནས་མཇལ་བ་དེ་ངེད་ཅག་ལ་གསལ་བཤད་ཐུང་ཐུང་ཞིག་གནང་ན་དངོས་ནས་ཕན་པོ་འདུག་ལགས། དེ་མིན་ངས་ད་ལྟ་དྲན་གསོས་པ་ཞིག་ལ་གོང་གི་ཚིག་བཅད་གཅིག་པོ་དེ་ནི་དབལ་དོན་འགྲུབ་རྒྱལ་ལགས་ཀྱི་གསུང་ཚིགས་ཡིན་པ་གཞིར་བཞག་བྱེད་མཁན་ཀྱི་སྤུན་ཟླ་མང་བོ་ཞིག་འདུག་ལགས།

    Reply
  19. sha tak ri sim says:
    ལོ་ 14 སྔོན།

    མིག་གསུམ་པ་ལགས། ཉིད་ཀྱི་གསུང་བ་དེ་ལྟར་རེད། འུ་ཅག་གིས་རང་གི་ལྟོ་གོས་ཙམ་ཞིག་ལ་མགོ་འཁོར་ནས་མི་ཚེ་ཙམ་ཞིག་སྲུང་དེ་བསྡད་པ་ཡིན་ན་དེ་ཙམ་ཞིག་རེད་ལ། ལྷག་པར་དུ་རང་རེ་གངས་ཅན་པ་ཚོ་ལ་མཚོན་ན་དེ་བས་ཀྱང་དམིགས་བསལ་གྱི་འགན་ཞིག་ཡོད་པའི་མི་རིགས་ཤིག་ཆགས་ཡོད་དུས། རང་རང་གི་གང་ནུས་པ་དང་གང་ཤེས་པ་དེ་དག་སྤུན་ཟླ་དག་གི་མིག་ངོར་བཀྲམ་རྒྱུ་དེ་ནི་འུ་ཅག་གི་ལས་འགན་ཉེག་གཅིག་ཡིན་པར་སྙམ་གྱི་ཡོད་ལགས།

    Reply
  20. sha tak ri sim says:
    ལོ་ 14 སྔོན།

    འཇམ་མགོན་ལགས་ཕེབས་པར་དགའ་བསུ་ཞུ། མུ་མཐུད་དུ་འགོད་རྒྱུ་ཁ་ཤས་ཤིག་ལྷག་ཡོད་དེ་དག་ལ་ཡང་གཟིགས་པར་ཕེབས་རྒྱུ་མ་བརྗེད་ཅིག་ལགས།

    Reply
  21. samkhar says:
    ལོ་ 14 སྔོན།

    བསེ་རུ་རྭ་གཅིག་ལ་མིག་གཉིས་ལས་མེད་པས་རྩོམ་པ་པོའི་མཚན་ནོར་འདུག་པ་དེ་སྙིང་དབུས་ནས་དགོངས་སེལ་ཞུ། མཆན་དེ་ཡང་དྲ་ཐོག་ནས་ཐད་ཀར་བཏགས་པ་ཞིག་ཡིན་ལ་དེར་ཕྲན་གྱིས་དོ་སྣང་དེ་ཙམ་མ་བྱས་པའི་ཚོར་སྣང་ཞིག་ཀྱང་བྱུང་། འདི་ནི་ནོར་འཁྲུལ་ཞིག་རེད།

    དྲ་གྲོགས་མིག་གསུམ་པ་ལགས། འདི་ལྟའི་ཐེར་འདོན་གནང་བར་སྙིང་ནས་དགའ་གུས་ཞུ་བཞིན་ཡོད།
    ཚིགས་བཅད་དེ་དྲན་པའི་དབང་པོ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་ཚིག་ཡིན་སྟབས། འདི་ནི་ངས་ཆེད་དུ་བཟོས་པའི་ནོར་འཁྲུལ་ཞིག་མ་ཡིན་ཡང་། སྣང་མེད་དུ་ཤོར་བའི་ནོར་འཁྲུལ་ཞིག་རེད། མིག་གསུམ་པ་ལགས།
    བཀའ་དྲིན་ཤིན་ཏུ་ཆེ།།

    Reply
  22. kangjinpa says:
    ལོ་ 14 སྔོན།

    གྲོགས་བསེ་རུ་ལ་ཞུ་རྒྱུ་ནི་གོང་གི་ཤོ་ལོ་སྟེ
    རོ་དང་འདྲ་བའི་ལུས་པོ་འདི།།
    ག་དུས་ཤི་ཡང་མི་འགྱོད་དེ།།
    གསེར་དང་འདྲ་བའི་རྣམ་དཔྱོད་འདི།།
    མཉམ་དུ་ཤི་ན་ཤིན་ཏུ་ཕངས།། ཅེས་པ་འདི་ནི་མཁས་དབང་དགེ་ཆོས་མཆོག་གིས་བརྩམས་གནང་བའི་ཤོ་ལོ་ཀ་ཞིག་ཡིན་པས། དཔལ་དོན་གྲུབ་རྐྱལ་གྱི་སྙན་རྩོམ་ཞིག་མ་ཡིན་པ་དགོངས་འཇགས་འཚལ།

    Reply
  23. kangjinpa says:
    ལོ་ 14 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས ངོ་མ་བདེན་པ་ཞིག་གི་གཞི་རྐང་བྲིས་འདུག རེད། ངས་ཀྱང་་ནམ་རྒྱྱུན་འདི་ལྟར་བསམ་བློ་གཏོང་བཞིན་ཡོད། རང་ཉིད་སྨྲ་ཤེས་ཤིང་དོན་གོ་བའི་རིགས་གཏོགས་ཉིན་ནས་མི་སྡེ་གང་ཞིག་གི་ལ་རྒྱ་དང་འགན་ཞིག་འཁུར་དགོས་བསམ་གི དེ་ནི་རང་ཉིད་འཇིག་རྟེན་འདིར་ཡོང་བའི་སྒྲུབ་བྱ་འབའ་ཞིག་རེད། དེ་ལྟར་བྱས་ན་རང་ཉིད་མི་ཞིག་ཏུ་སྐྱེས་པ་ལ་རྒྱུ་མཚན་ཡོད་པར་མཐོང་གི གྲོགས་པོ་ལགས། དེ་འདྲ་ཨེ་རེད།

    Reply
  24. jamgon says:
    ལོ་ 14 སྔོན།

    བཀླགས་ཟིན། སྡོམ་ཚིག་གནད་ལ་འཁེལ་བ་རྐྱང་རེད། དགའ་སྤོབས་སྐྱེ་ཡོད།

    Reply
  25. sha tak ri sim says:
    ལོ་ 14 སྔོན།

    བསེ་རུ་ལགས། རེད་ལགས། འུ་ཅག་གསོན་པ་འདི་ཡང་རང་གི་ཁ་ལྟོ་ཙམ་ཞིག་ཆེད་དུ་གཏན་ནས་མིན་ལ་རང་གི་ཁོར་ཡུག་དང་རང་གི་ཕ་མ་སྤུན་མཆེད་དག་གི་ཆེད་དང་། ཆེ་ས་ནས་བཤད་པ་ཡིན་ན་མི་རིགས་ཤིག་དང་མིའི་རིགས་ཀྱི་ཆེད་དུ་ཡིན་ཟེར་ན་ཆོག དེའི་ཕྱིར་རང་གི་གང་ཤེས་པ་དེ་དག་ངག་ཐོག་ནས་ཡིག་ཐོག་དུ་འཇོག་ཐུབ་པ་ཡིན་ན་ད་གཟོད་དགོས་པ་ཡོད་མེད་དེ་ནི་མི་ཐོག་རྗེས་མ་དག་གི་ལྟ་རྒྱུ་ཞིག་ལས་འུ་ཅག་གིས་ད་ལྟའི་གནས་སྐབས་འདི་ལ་ཐག་གཅོད་བྱེད་དཀའ་བ་ཞིག་ཡིན་ཟེར་ན་ཆོག གང་ལྟར། ཡག་བཙོག་བཟང་ངན་གང་ཡིན་ཡང་ཆོག རང་རིགས་སྤུན་ཟླ་དག་ལ་ཞུ་རྒྱུ་ནི་ང་རང་ཆེས་སྤྲོ་སྣང་ཡོད་པའི་ལས་ཤིག་དུ་ཆགས་ཡོད་ལགས།
    ཉིད་རང་གིས་ང་རང་ཉུལ་བའི་དྲ་ཚིགས་ཁག་ཞིག་ངོ་སྤྲོད་བྱས་འདུག་པ་དེ་དག་ནི་ང་རང་རྒྱུན་དུ་འཁོར་བསྐྱོད་བྱེད་ས་དེ་དག་རེད་ལགས། དེ་མིན་པའི་དྲ་ཚིགས་ཁ་ཤས་ཤིག་ལ་ཡང་ལྟ་ཀློག་བྱེད་ཀྱི་ཡོད་ལགས།
    སྐུ་ཉིད་འདི་རུ་ཡང་ཡང་ཕེབས་མཁན་ཞིག་གི་ངོས་ནས་ང་རང་གིས་སེམས་བསམ་པའི་གཏིང་ནས་ཉིད་ལ་བློ་ཐག་ཉེ་བོ་དམིགས་བསལ་ཞིག་ཆགས་ཡོད་པ་ཡིན་ལགས། རྗེས་ཕྱོགས་ཀྱང་ཡག་ཉེས་གང་གི་ཐད་དུ་ཡང་དགེ་སྐྱོན་ལ་འཛུབ་མོ་ཐད་ཀར་འཛུགས་རྒྱུ་མ་བརྗེད་རོགས།

    Reply
  26. sha tak ri sim says:
    ལོ་ 14 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ཉིད་ཀྱིས་དེ་སྔོན་བསམ་པ་ལྟར་ང་ནི་དངོས་ནས་རང་འགའ་བ་ཞིག་ཡིན་པ་ལས་དམིགས་བསལ་གང་ཡང་ཡོད་པ་མ་རེད་ལགས། འུ་ཅག་ཚང་མ་དངོས་ནས་གཅིག་པ་ཡིན་པ་ལས། ང་ལ་དངོས་ནས་གང་ཡང་ཁྱད་དུ་འཕགས་པ་དེ་འདྲ་གང་ཡང་སྟོན་རྒྱུ་མེད་པ་ཡིན་ལགས། ཉིད་དང་ང་རང་བཅས་འུ་ཅག་སྤུན་ཟླ་གང་ན་སུ་ཡོད་པ་དག་གིས་རང་རང་གི་ཐུབ་ཚོད་ཅིག་ཤུ་རེ་བྱེད་ཀྱི་ཡོད་པ་རེད་ལགས།

    Reply
  27. sha tak ri sim says:
    ལོ་ 14 སྔོན།

    གཉའ་འབྲོང་ཐུ་བུ་ལགས། ཉིད་ཀྱིས་བདག་ལ་དེ་འདྲའི་དངོས་ནས་བསྟོད་བསྔགས་བྱེད་རན་ཞིག་ཡོད་པ་མ་རེད། འུ་ཅག་ཚང་མ་གཅིག་ཡིན་ལ་རང་རང་གི་གང་ནུས་པ་རེ་བྱེད་ཀྱི་ཡོད་པ་དེ་རེད་ལགས། ད་དུང་། ཉིད་ཀྱིས་བདག་ལ་རྗེ་བདག་ཉིན་ཆེན་པོའི་ལུང་ཞིག་དང་། མཁས་དབང་དགེ་ཆོས་མཆོག་གི་གསུང་དུམ་ཞིག་ངོ་སྤྲོད་གནང་བ་དེར་སྙིང་དབུས་ནས་ཐུགས་རྗེ་ཆེ་ལགས། ཡང་ཡང་འདི་རུ་ཕེབས་ནས་སེམས་བསམ་པའི་སྐད་ཆ་རེ་མུ་མཐུད་དུ་གསུང་རྒྱུར་རེ་བ་ཡོད་ལགས།

    Reply
  28. samkhar says:
    ལོ་ 14 སྔོན།

    བསེ་རུ། འཛའ་ཚོན་མ་རེད། འཇའ་ཚོན་རེད།

    བླུན་པོ་འཕྱུགས་ན་མཐོ་གང་། །མཁས་པ་འཕྱུགས་ན་འདོམ་གང་། །

    Reply
  29. samkhar says:
    ལོ་ 14 སྔོན།

    གོང་དུ་བཀོད་པའི་ཉམས་མྱོང་གི་སྡོམ་ཚིག་རྣམས་ཆ་ཚང་བཀླགས་པ་ཡིན།
    ཉིད་ཀྱི་རྩོམ་ཡིག་སྤེལ་སྟངས་དང་དྲ་ཐོག་ནས་མྱུལ་སྟངས་སོགས་ལ་བལྟས་ཚེ་དྲ་སྤྱོད་པ་སུ་གང་གིས་ཀྱང་རྗེས་མི་ཟིན་པའི་གྱི་ལིང་གི་རྟ་མཆོག་ཅིག་རེད་བསམ།
    ཁྱེད་ཀྱིས་མྱུལ་བའི་དྲ་བ་ཁག་ནི། ངས་ཤེས་པ་ལྟར་ན། ཁ་བརྡ། སྐད་ཡིག བང་ཆེན། དུས་བབ། ཧི་གཟུགས་ཟིན་བྲིས་བཅས་དང་། ད་དུང་ངས་མ་རྟོགས་པ་དང་། མ་མཐོང་བའི་དྲ་བ་གཞན་ཡང་ཡོད་ངེས། ཁྱོད་ཀྱསི་སྤེལ་བའི་རྩོམ་ཡིག་གི་གྲངས་ཀྱང་ཕལ་ཆེར་དྲ་མཛོད་ཀྱི་ནང་ལ་ཆེས་མང་ཤོས་ཀྱི་གྲས་ཤིག་མ་ཡིན་ནམ། དྲ་གྲོགས་ལགས། ས་མཐའ་འདི་ནས་རང་གི་རྣམ་དཔྱོད་ཀྱི་རིན་ཐང་དེ་འདི་ལྟར་མངོན་ཐུབ་ན།

    དོན་གྲུབ་རྒྱལ་གྱིས།
    རོ་དང་འདྲ་བའི་ལུས་པོ་འདི།།
    ག་དུས་ཤི་ཡང་མི་འགྱོད་དེ།།
    གསེར་དང་འདྲ་བའི་རྣམ་དཔྱོད་དེ།།
    མཉམ་དུ་ཤི་ན་ཕངས་བ་ལ་ཨང་།།
    ཞེས་པའི་བསླབ་བྱའི་སྙིང་དོན་ལྟར་ཚེ་སྲོག་འདི་ཉིད་ལྔ་ལམ་དུ་སོང་ཡང་། རྣམ་དཔྱོད་ཀྱི་འཛའ་ཚོན་དེ་འཇིག་རྟེན་འདིར་བསྐལ་པའི་བར་གནས་ཏེ། འགྲོ་བའི་སེམས་ཀྱི་ལོངས་སྤྱོད་དུ་འགྱུར་ངེས་པས་དེ་དོན་ཐུགས་ལ་འཇོག་རོགས་གནང་།།

    Reply
  30. mekor says:
    ལོ་ 14 སྔོན།

    དེ་རིང་གི་འདི་ཡང་དངོས་གནས་ཡག་པོ་ཞིག་བྲིས་འདུག ཉིད་ཀྱི་ཡར་རྒྱས་ནི་དངོས་གནས་མཐའ་མེད་པ་ཞིག་རེད། དེ་སྔོན་ངས་ཁྱེད་རང་རང་འགའ་བ་ཞིག་རེད་བསམ་སོང་། དེ་འདྲ་མ་རེད། ངའི་ལོག་རྟོག་གི་སྣང་ངོར་འདི་ལྟར་ཉར་ནས་ཟླ་ཤས་རྗེས་གཞི་ནས་ཉིད་ཀྱི་དེ་ཉིད་རྟོགས། གྲོགས་པོ་མུ་མཐུད་འདི་ལྟར་གཟི་བརྗིད་དང་ལྷན་དུ་ཕེབས་རོགས

    Reply
  31. dongthe says:
    ལོ་ 14 སྔོན།

    རྗེ་ཐམས་ཅད་མཁྱེན་པས།
    བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །
    བསམ་པ་ངན་ན་ས་དང་ལམ་ཡང་ངན། །
    ཐམས་ཅད་བསམ་པ་དག་ལ་རག་ལས་པས། །
    རྟག་པར་བསམ་པ་བཟང་ལ་ནན་ཏན་འཚལ། །ཞེས་དང་།

    མཁས་དབང་དགེ་ཆོས་མཆོག་གིས།
    རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། །
    རང་བྱུང་སྙིང་གི་ཁམས་ན་གནས་པ་འདིས། ། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །
    རང་གི་ནུས་པས་སྲི་ཞུ་ཅུང་ཟད་བགྱི། ། ཞེས་སོགས་ཀྱི་དགོངས་དོན་དང་མཐུན་གྱི་འདུག རང་ལ་དྲན་གསོ་དེ་ལྟ་བུ་རེ་བྲིས་ན་ཕན་ཐོག་གི་རེད། རྒྱུ་མཚན་རང་གིས་རང་ལ་ཤ་ཚ་བས་སོ། གོང་གི་གསུངས་ཚན་པ་གཉིས་ཀ་བློ་ནས་གཏགས། ཚིག་ཇི་བཞིན་ཡིན་མིན་བརྟགས་པར་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist