མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་རྟོག་ཞིབ་བྱེད་པར་ཕེབས་པ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོའི་ཞི་རྒོལ་གྱི་རྗེས་ནས་བཟུང་རྒྱ་ནག་གཞུང་གིས་ཐེངས་དང་པོར་ཨ་རིའི་གྲོས་ཚོགས་འོག་མའི་མི་སྣ་ ༡༠ བོད་ནང་གཟིགས་སྐོར་དུ་ཕེབས་བཅུག་ཡོད་ལ། བཙན་བྱོལ་བོད་གཞུང་གིས་འདི་བརྒྱུད་བོད་ནང་གི་གནས་སྟངས་ངོ་མ་དེ་ཕྱི་ལོགས་ནས་ཤེས་རྟོག་ཡོང་རྒྱུར་རེ་བ་རྒྱག་གིན་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྒྲགས་པ་ལྟར་ན། བདུན་ཕྲག་འདིའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་མི་སྣ་ ༡༠ པའི་གྲུབ་པའི་གཟིགས་སྐོར་ཚོགས་པ་ཞིག་བོད་ནང་ཕེབས་ཡོད་ལ། དེ་ནི་འདས་པའི་གྱེར་ལངས་བྱུང་བ་ནས་ད་བར་གྱི་གཟིགས་སྐོར་ཐེངས་དང་པོ་དེ་ཡིན་འདུག འདིའི་ཐད། བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་སུ། ད་རེབ་ཨ་རིའི་གྲོས་ཚོགས་འོག་མའི་མི་སྣ་བཅུ་བོད་ས་ཁུལ་དུ་གཟིགས་སྐོར་ལ་ཕེབས་པ་རེད། ཁོང་ཚོ་བོད་ལ་ཕེབས་པའི་ལས་དོན་གཙོ་བོ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད། དེ་བཞིན་བཙན་བྱོལ་བོད་གཞུང་གི་ངོས་ནས་ཁོང་ཚོ་བོད་ནང་མ་ཕེབས་པའི་སྔོན་ལ་དམིགས་བསལ་གྱི་འབོད་སྐུལ་འདྲ་ཞུ་རྒྱུ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ད་རེེབ་ཨ་རིའི་གྲོས་ཚོགས་འོག་མའི་མི་སྣ་བཅུ་བོད་ཁུལ་དུ་གཟིགས་སྐོར་ལ་ཕེབས་ཐུབ་པ་བྱུང་བ་དེ་ཞེ་དྲག་གི་ཕན་རླབས་ཆེན་པོ་རེད། ད་ཐེངས་ཁོང་རྣམ་པ་ཚོ་བོད་ལ་ཕེབས་རྒྱུ་དེའང་བོད་ཀྱི་དངོས་དོན་གནས་སྟངས་གང་ཡིན་ཐད་ལ་རྟོག་ཞིབ་བྱ་རྒྱུ་དེ་རེད་བསམ་གྱིན་ཡོད། བཙན་བྱོལ་བོད་གཞུང་གི་ངོས་ནས་དམིགས་བསལ་འབོད་སྐུལ་ཟེར་ནའང་འདྲ། ང་ཚོས་དུས་རྒྱུན་ཏུ་ནས་རྒྱལ་སྤྱིའི་མགོ་ཁྲིད་ཚོར་བོད་དུ་ཆེད་ཕེབས་ཀྱིས་བོད་དུ་བོད་མིར་རང་དབང་ཡོད་མེད་དང། བོད་ཀྱི་ཆབ་སྲིད་བཙོན་པ་ཚོས་དཀའ་སྡུག་ཇི་འདྲ་མྱངས་ཡོད་མེད་ལ་སོགས་ཀྱིས་མཚོན་པའི་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱ་རོགས་ཞེས་རེ་སྐུལ་ཞུ་བཞིན་ལྟར། ད་རེབ་ཨ་རིའི་གྲོས་ཚོགས་འོག་མའི་མི་སྣ་ ༡༠ ཕེབས་ཐུབ་པ་བྱུང་བ་རེད།

ཡང་ཁོང་ལ། ད་རེབ་རྒྱ་ནག་གིས་ཨ་རིའི་མཐོ་རིམ་མི་སྣ་འདི་དག་བོད་ནང་དུ་ཕེབས་བཅུག་པ་འདི་ནི་ཁོ་ཚོས་བོད་ནང་གི་གནས་སྟངས་དེ་ཞི་བདེ་དང་བརྟན་ལྷིང་ཡིན་པ་གསལ་བཤད་དང་དངོས་སུ་སྟོན་པ་ལྟ་བུ་ཞིག་ལ་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས། དེ་འདྲ་ཞིག་ཡིན་ཁག་པོ་རེད། གང་ཡིན་ཟེར་ན། གལ་སྲིད་བོད་ལ་དོན་དམ་གྱི་ཞི་བདེ་ལྷིང་འཇགས་ཤིག་ཡོད་ཚེ་ཐེངས་འདིའི་མཐོ་རིམ་མི་སྣ་ཕེབས་དགོས་དོན་མེད། གལ་སྲིད་དེ་འདྲའི་དམིགས་ཡུལ་ཞིག་ཡོད་པའི་དབང་དུ་བཏང་ཡང། ཁོང་ཚོས་དོན་དངོས་སྦས་འགེབ་བྱས་ཀྱང་དངོས་གནས་བཤད་ན་འཛམ་བུ་གླིང་མགོ་སྐོར་གཏོང་མི་ཐུབ་གི་མ་རེད། ཅེས་གསུངས་བྱུང་།

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་འབྲེལ་མཐུད་པ་ཊོ་ཌ་སི་ཊིན་ Todd Stein མཆོག་ནས་གསུངས་དོན། ཨ་རིའི་གྲོས་ཚོགས་འོག་མ་ནི་བོད་དོན་གྱི་ཐད་དོ་སྣང་ཆེ་བ་མ་ཟད། ད་བར་དུ་འདིའི་ཐད་མཉམ་འབྲེལ་བྱས་ནས་བསྡད་པ་རེད། ཐེངས་འདིར་རྒྱ་ནག་གཞུང་གིས་གཟིགས་སྐོར་བ་དེ་དག་ལ་མཐོང་ཆོག་པ་གང་དང། སྒྲུབ་ཆོག་པ་ཅི་ཡིན་སོགས་ཀྱི་ཆོག་མཆན་སྟེར་ཕྱོགས་དེ་ནི་ཁོང་ཚོས་བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་ཏུ་ཇི་ལྟར་འགྲེལ་བརྗོད་བྱ་འདུན་ཡོད་པའི་བརྡ་ལན་གཞན་ཞིག་རེད། ད་བར་དུ་རྒྱ་ནག་གཞུང་ཕྱོགས་ནས་བོད་དེ་ནི་ཞི་བདེ་ལྷིང་འཇགས་ཡིན་ཡང་རྙོག་གླེང་བྱེ་བྲག་པ་རེ་བྱུང་བ་དག་ནི་ཕྱི་ཕྱོགས་ཀྱི་ཐེ་བྱུས་ལས་འབྱུང་གི་ཡོད་པར་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་རེ་བ་ལ་ཐེངས་འདིའི་འཚམས་གཟིགས་པ་དག་གིས་བོད་ཀྱི་གནས་སྟངས་ལ་འདང་ངེས་ཀྱི་རྒྱུས་ལོན་བྱས་ཏེ། བོད་དུ་རྒྱ་མིའི་སྲིད་བྱུས་འཛིན་ཕྱོགས་དང། བོད་ནང་གི་བོད་མི་ཚོའི་ད་ལྟ་དང། མ་འོངས་པའི་མངོན་འདོད་བཅས་ལ་རང་སྒེར་གྱི་མཐོང་ཚུལ་དེ་འཁྱེར་ཡོང་ཐུབ་རྒྱུ་དེ་ཡིན་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།
Mobile App

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
ལྡི་ལི་བསམ་ཡས་གླིང་། པར་བ་བློ་བཟང་སྐལ་བཟང་།
Mobile App

ཟླ་བ་གསུམ་ནང་ཚུན་དུ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Screengrab of a Tibetan monk in Minnesota, US casting his vote for the Tibetan presidential and parliamentary election in 2021
བསམ་ཚུལ།

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་གཏམ་མམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་གསང་བའི་ཐ་སྙད་བཀབ་པ་མངོན་པར་ཕྱུང་བའི་ཨ་རིག་གི་འབེལ་གཏམ།

༢༠༢༥/༡༢/༢༧
བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་ཟེར་བའི་མགོ་ཁྲིད་གཞོན་པ་ཝང་ཅུན། དྲ་ལམ་གྱི་པར།
Mobile App

བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༥/༡༢/༢༥
ཕོ་བྲང་དཀར་པོའི་མདུན་དུ་ཤར་ཏུར་ཀི་སི་ཐན་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༢།༡༢།༢༢ ཤར་ཏུར་ཀི་སི་ཐན་རྒྱལ་ཡོངས་ལས་འགུལ་ཚོགས་པའི་པར།
གསར་འགྱུར།

ཤིན་ཅང་ཟེར་བའི་ཐ་སྙད་དེས་ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ནག་གསུབ་བཏང་ཡོད་ཅེས་བརྗོད།

༢༠༢༥/༡༢/༢༤
Advertisement for App

སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས།

༢༠༢༥/༡༢/༢༣

མཆན། 2

  1. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    མ་གཞི་ནུབ་ཕྱོགས་པ་དེ་ཚོ་རང་དོན་ཨང་དང་པོར་བྱེད་མཁན་གྱི་མགོ་བདེ་ཤ་སྟག་ཡིན་པས་སྐབས་རེར་ཚིག་པ་ཟ་བཅུག་ན་ཡང་། ཕྱོགས་གཞན་ཞིག་ནས་ཁོང་ཚོར་བོད་དང་བོད་ཀྱི་རིག་གནས་ལ་མཚར་འཛིན་དང་དགའ་ཞེན་ཞིག་ཡོད་པ་དངོས་ཡོད་ཡིན་འདྲ་བས་གང་ལྟར་རྟོག་དཔྱོད་རང་ཚུགས་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་ཡོད།

    Reply
  2. ཟུར་མཁར་ says:
    ལོ་ 16 སྔོན།

    དུས་བབ་གསར་ཁང་ནས་གནས་ཚུལ་དུས་ཐོག་སྤེལ་བར་ཐུགས་རྗེ་ཆེ་ཞུས། བོད་ནང་དང་དམིགས་བསལ་རྒྱ་ནག་གི་གནས་སྟངས་མ་མཁྱེན་མཁན་ཟེར་ནའང་འདྲ། བཙན་བྱོལ་བོད་གཞུང་མང་ཕལ་མོ་ཆེས་གནས་ཚུལ་འདི་རིགས་ཐོས་སྐབས་ཧ་ལམ་རང་རེའི་བདེན་མཐའ་གསལ་ལ་ཉེ་བའམ་རྒྱ་ནག་ཐོར་ལ་ཉེ་བ། ཡང་ན་ཨ་རི་གཙོས་པའི་རྒྱལ་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་དོན་ཐོག་གཅོད་བྱེད་འཇུག་གི་རེད་བསམ་པའི་འཆར་ཡན་ཞིག་གིས་མི་ལོ་ལྔ་བཅུ་འདས་ཤིང་། ད་དུང་ཡང་དུས་ཡུན་ཅི་ཙམ་ཞིག་ལ་འདི་ལྟར་རེ་སྨོན་གྱིས་རང་སེམས་གསོས་ཏེ་བསྐྱལ་རྒྱུ་ཡིན་པ་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན།
    གོང་དུ་སྐུ་ངོ་ཐུབ་བསམ་ལགས་དང་ Todd Stein རྣམ་གཉིས་ཀྱི་འབྲེལ་བརྗོད་དེ་དག་ནི་སྒྲ་འཇུག་ཞུས་ཏེ་མི་ལོ་ལྔ་བཅུའི་རིང་དགོས་མཁོ་ནམ་བྱུང་ལ་གཏོང་བཞིན་པའི་གཞས་རྙིང་ཞིག་ལས་མ་འདས་ལ། ཨ་རི་དང་ཡོ་རོབ་གྲོས་ཚོགས་འཐུས་མིས་མཚོན་པའི་སྲིད་དོན་མི་སྣ་ཕལ་མོ་ཆེ་དེ་དག་བོད་ལ་ཕེབས་པ་དེ་དག་གཅིག་བྱས་ན་བོད་དོན་མཁྱེན་རྟོགས་ཆེད་དང་བོད་དོན་ལ་ཐུགས་འཁུར་ཡོད་སྲིད་ཀྱང་། གཙོ་ཆེ་བ་འཛམ་གླིང་ཟླུམ་པོའི་མཐའ་གསུམ་པར་གྲགས་པའི་ཡང་རྩེ་དེར་ལྗོངས་རྒྱུ་ཐེངས་ཤིག་བྱེད་རྒྱུ་དེ་ནུབ་ཕྱོགས་པ་རྣམས་ཀྱི་མི་ཚེའི་དམིགས་ཡུལ་ཡང་ཡིན་པར་འདོད།
    དེ་ལས་བོད་མི་རྣམས་ནས་༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་ལམ་ཕྱོགས་མ་ནོར་བར་བོད་སྤྱིའི་རྩ་དོན་ལ་རང་འཁྲིའི་ལས་འགན་ཕྲག་ཏུ་འཁུར་ཏེ་རྡོག་རྩ་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་བྱེད་རྒྱུ་དེ་གལ་ཆེ་བར་མཐོང་ངོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese