མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལས་བཟོ་བའི་ཡར་ལངས།

ཟླ་ ༨ པའི་ཚེས་ ༡༡ ཉིན་རྒྱ་ནག་ཧི་ནན་ཞིང་ཆེན་ཨན་ཡང་གྲོང་ཁྱེར་གྱི་ལིན་ཀྲིག་ངར་ལྕགས་བཟོ་གྲྭའི་ལས་བཟོ་བ་ཆིག་སྟོང་ལྷག་གིས་རུས་ཏུང་ཅན་གྱི་བཟོ་གྲྭའི་རྒྱལ་ཁབ་ནོར་སྲིད་དོ་དམ་ལྷན་ཚོགས་ཀྱི་མགོ་བ་ཞིག་གཏའ་མར་བཟུང་ཞིང་། བཟོ་གྲྭའི་ནང་འགྲོ་འོང་བྱ་སའི་སྒོ་ཆེན་ཚང་མ་འགོག་སྡོམ་དང་བཟོ་གྲྭའི་མཐའ་འཁོར་དུ་ཉེན་ཟོན་སྐོར་གཡེང་བྱས་ཏེ། ཉིན་བཞིའི་རིང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཚེས་ ༡༤ ཉིན་རྒྱ་གཞུང་དྲག་ཆས་དམག་མིས་བཙན་ཤུགས་ཀྱིས་ཐེངས་མང་པོར་བཟོ་གྲྭའི་ནང་འཛུལ་ཐབས་བྱས་པར་བརྟེན། ལས་བཟོ་བ་དང་དམག་མིའི་བར་འཛིང་རེས་ཤོར་ཡོད་པ་རེད། མཐའ་མཇུག་ས་གནས་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་ཁྲིན་གོ་ཆོན་ཡོང་ནས་ལས་བཟོ་བའི་དཀའ་ངལ་སེལ་རྒྱུ་ཁས་ལེན་བྱས་རྗེས། ཚེས་ ༡༥ ཉིན་ངོ་རྒོལ་ལས་འགུལ་འཚམས་འཇོག་བྱེད་ཐུབ་ཡོད། ལོ་ངོ་སུམ་ཅུའི་ལོ་རྒྱུས་ཡོད་པའི་གཞུང་གཉེར་བཟོ་གྲྭ་འདིར་ལས་བཟོ་བ་ ༥༡༢༢ ཡོད་པ་རེད། ཐེངས་འདིའི་གནད་དོན་གྱི་འབྱུང་རྐྱེན་ནི་ཟླ་སྔོན་མའི་ནང་བཟོ་གྲྭ་འདི་རྒྱ་སྒོར་ཁྲི་ ༦༤༠༠ རིན་ཚད་བཅད་དེ་སྒེར་གཉེར་ཅན་དུ་བཙོང་རྗེས། བཟོ་བ་མང་པོ་ཞིག་གི་ལས་ཀ་ཤོར་བ་མ་ཟད། འཚོ་སྣོན་གུན་གསབ་རྒྱ་སྒོར་ ༡༠༠༠ ལས་མ་ཐོབ་པའི་རྐྱེན་གྱིས་ལས་བཟོ་བ་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྟེ་ངོ་རྒོལ་བྱས་པ་ཡིན་འདུག

པེ་ཅིན་གྲོང་ཁྱེར་ལ་བཀག་སྡོམ།

ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་འབྲེལ་དྲ་ལམ་དུ་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་ལ་ཉེ་བའི་སྐབས་འདིར། པེ་ཅིན་ཉེན་རྟོག་པས་རྩ་འཛུགས་འོག་ཉེན་རྟོག་ཆེད་ལས་མི་སྣ་མ་ཡིན་པའི་གྲོང་ཁྱེར་མང་ཚོགས་ཁྲི་ ༨༠ ལྷག་ཉེན་སྲུང་བྱ་བར་ཞུགས་སུ་འཇུག་རྒྱུ་ཡིན་པར་བརྗོད་ཡོད།  གྲོང་ཁྱེར་ཉེན་རྟོག་ཁང་གི་མི་གྲངས་དོ་དམ་འགན་ཡོད་མི་སྣ་ཞིག་གིས་བརྗོད་དོན། གྲོང་ཁྱེར་ཧྲིལ་བོའི་ས་ཁུལ་སོ་སོའི་ཉེན་སྲུང་རུ་ཁག་གིས་སྲང་བར་གྱི་མེ་ཏོག་ལྡུམ་རྭ་དང་། མི་མང་འདུ་འཛོམས་བྱ་སའི་ཞབས་ཞུ་ལས་སྣེ་ཡོད་སའི་ས་ཁུལ་དང་། ལམ་མདོ། ཁང་རྙིང་ཡོད་སའི་གནའ་གྲོང་ཁུལ། མི་མང་འདུས་སྡོད་ཀྱི་ས་ཆ། གྲོང་ཁྱེར་དང་ཞང་གྲོང་གི་ས་ཁུལ་སོགས་སུ་དུས་ངེས་མེད་དུ་ལས་རིགས་འདྲ་མིན་ཀྱི་ཐད་ཚོགས་འདུ་བསྡུས་ཏེ། མི་དང་རླངས་འཁོར་གྱི་འགྲོ་སྡོད་ལ་དོགས་ཟོན་ཐོ་འགོད་ཀྱིས་ཉེན་ཟོན་ལས་གཞི་སྒྲུབ་བཞིན་ཡོད་པ་རེད།  ད་ལྟའི་བར་ཉེན་སྲུང་བྱ་འགུལ་ལ་ཞུགས་མཁན་མི་ཚོགས་ཁྲི་ ༣ དང་སྟོང་ཕྲག་ ༢ ལྷག་འདུས་ཡོད་པ་དང་། ཁྱབ་བསྒྲགས་ཡིག་ཆ་ཁྲི་ ༧༨ འགྲེམས་སྤེལ་བྱས་ཡོད་ཚུལ་ཀྱང་བརྗོད་ཡོད་འདུག  རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱིས་རྒྱ་ནག་ནང་ཁུལ་གྱི་གསར་ལམ་ཁག་དང་དྲ་རྒྱ་ཁག་བཅས་ལ་ནག་ཉེས་ཅན་གྱི་མི་ ༢༤༧ གྱི་མིང་བཀོད་པའི་བརྡ་ཐོ་ཞིག་བཏང་སྟེ་མི་དེ་དག་ལ་བཅར་འདྲི་དང་ཡང་ན་ཁོ་ཚོའི་བརྩམས་ཆོས་སོགས་གསར་ལམ་དུ་བཀོད་མི་ཆོག་པའི་བཀའ་བཏང་ཡོད་འདུག མི་དེ་དག་ཕལ་ཆེ་བ་ནི་ ༠༨ ལོའི་རྩ་འཛིན་འདོན་མཁན་གྱི་དམངས་གཙོ་བ་རྣམས་ཡིན་འདུག གཞན་ཡང་། ཉེ་སྔོན་ཧྥ་རན་སུའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིན་གྱི་ཉེ་འབྲེལ་ཧཱ་ཨེར་པེན་གྲོང་ཁྱེར་དུ་གསོལ་མགྲོན་ཁང་དང་ཆང་ཁང་སོགས་སུ་བོད་དང་ཡུ་གུར་མི་རིགས་ཀྱི་མགྲོན་པོར་སྣེ་ལེན་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

མངའ་ཁོངས་བརྒལ་བའི་དམག་སྦྱོང་།

ཕྱི་ཚེས་ ༡༣ ཉིན་རྒྱ་དམག་གིས་ས་གནས་མངའ་ཁོངས་བརྒལ་བའི་གཞི་རྒྱ་ཆེ་བའི་དམག་སྦྱོང་ཞིག་མགོ་བརྩམས་ཡོད་པ་དང་། དམག་སྦྱོང་གི་དུས་ཡུན་ཟླ་གཉིས་ཡིན་འདུག དམག་སྦྱོང་དེར་ཧྲིན་དབྱང་དང་། ལན་ཀྲུག  ནན་ཅིན། ཀུང་ཀྲུག་བཅས་ཀྱི་དམག་ཁུལ་བཞིའི་དམག་མི་ཁྲི་ ༥ ལྷག་མཉམ་ཞུགས་བྱས་ཡོད་འདུག ཐའེ་ཝན་གྱི་འཛམ་གླིང་ཉེན་སྲུང་དུས་དེབ་ཀྱི་བཅར་འདྲིའི་འགན་འཛིན་ཧྲི་ཞོ་ཝེ་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་བརྗོད་དོན། དམག་སྦྱོང་དེའི་ཁྱད་ཆོས་གཙོ་བོ་གཉིས་ནི། དང་པོ། ནུབ་ཕྱོགས་ཀྱི་དམག་དོན་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ལ་ལད་མོ་བྱས་ཏེ། གཞི་རིམ་གྱི་བསྐྱེད་འདྲེན་ལམ་ཁ་དག་བེད་སྤྱད་དེ་དམག་མི་དང་དྲག་ཆས་སྐྱེལ་འདྲེན་གནས་སྤོར་བྱ་རྒྱུ་དང་། གཉིས་པ།  རྒྱ་ནག་རང་ཉིད་གྱིས་མཁའ་དབྱིངས་སུ་བཏང་བའི་སྨེ་བདུན་འཁོར་སྐར་གྱི་ཕྱོགས་སྟོན་མ་ལག་སྤྱད་དེ་དམག་ཁུལ་ཁག་སྡེབ་སྒྲིག་བྱེད་པ་དང་། ཨ་རིའི་འཁོར་སྐར་མ་ལག་གི་འཚོལ་ཞིབ་ཐིག་ལེན་ལ་གཡོལ་རྒྱུ་དེ་རེད་ཅེས་དང་། གཞན་ཡང་། རྒྱ་དམག་གིས་སྔོན་ཆད་ཀྱི་མིག་རྒྱང་རིང་བའི་དམག་ཤུགས་ཀྱི་ཁ་ཕྱོགས་དེ་བོད་དང་ཤིན་ཅང་གི་ཟིང་འཁྲུག་དྲག་གནོན་དང་། དེ་བཞིན་རང་བྱུང་གནོད་འཚེ་ཉེན་སྲུང་གི་བྱ་འགུལ་ལས་གཞན། ཆེས་གནད་འགག་ཅན་གྱི་དམིགས་ཡུལ་གཅིག་ནི་ཁ་གཏད་ཀྱི་རྒྱལ་ཁབ་གསུམ་པ་བ་ཞིག་ལ་དྲག་ཆས་དམིགས་འབེན་གཏད་རྒྱུ་དེ་རེད་ཅེས་དང་།  ཐེངས་འདིའི་དམག་ཁུལ་སྡེབ་སྒྲིག་གི་ཁོངས་སུ་ནན་ཅིན་དམག་ཁུལ་ཞུགས་མེད་པ་དེ་ནི་མཚོ་འགག་གཉིས་ཀྱི་ཞི་བདེ་ལ་དམིགས་པ་ཞིག་ཡིན་སྲིད་ལ། ཡང་ན་དམག་ཁུལ་སོ་སོ་མགྱོགས་མྱུར་ངང་ནན་ཅིན་དམག་ཁུལ་དུ་སྤོར་ནས་དམག་འཁྲུག་སྟ་གོན་བྱེད་ཀྱིན་པ་ཞིག་ཀྱང་ཡིན་སྲིད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཟླ་དྲུག་རིང་ལས་མི་ ༤༠༠༠༠ ཤི་བ།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་མིའི་བདེ་འཇགས་ཚོགས་ཆུང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ལོ་འདིའི་ཕྱི་ཟླ་དང་པོ་ནས་དྲུག་པ་བར་སྟེ། ལོ་ཕྱེད་སྔ་མའི་རིང་དེར་རྒྱ་ནག་ཁྱོན་ཡོངས་སུ་ལས་མི་ ༣༦༦༧༠ གློ་བུར་ཆག་སྒོའི་དབང་གིས་གྲོངས་ཡོད་པ་དང་། ལོ་ཕྱེད་ཕྱི་མའི་གྲངས་འབོར་ནི་སྔོན་དཔག་བྱེད་ཐུབ་པ་ཞིག་མིན་ཡང་། ཤི་གྲངས་ཚོད་དཔག་ལྟར་ན། ༢༠༠༩ ལོའི་ལས་མིའི་ཤི་འབོར་དེ་ ༨༩༨༩༢ ལས་བརྒལ་རྒྱུ་མིན་ཚུལ་བརྗོད་ཡོད་པ་རེད། གོང་གི་གནས་ཚུལ་འདི་ནི་རྒྱ་ནག་གི་དུས་དེབ། དབུ་ཁྲིད་ཀྱི་ཐག་གཅོད་གནས་ཚུལ། ཞེས་པ་དེའི་ཕྱི་ཟླ་བརྒྱད་པའིའདོན་ཐེངས་ནང་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 1

  1. གནས་ཚང་། says:
    ལོ་ 17 སྔོན།

    ཡག་པོ་བྱུང་ཤག ཐུགས་རྗེ་ཆེ་ཞུ་འདུན་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese