མཚོ་སྔོན་ཞིང་ཆེན་མཚོ་ནུབ་ས་ཁུལ་དུ་བསྟུད་མར་ཐེངས་གཉིས་ལ་ས་ཡོམ་བྱུང་ཡོད་འདུག
དེ་རིང་སྔ་དྲོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་གཞོང་གི་ཤར་ལྷོའི་མཚམས་སུ་ཐེངས་གཉིས་ལ་ས་ཡོམ་བྱུང་ཡོད་པ་དང་། ཐེངས་དང་པོ་དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༥༢ སྟེང་ཚད་རིམ་ ༦༌༣ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཐེངས་གཉིས་པ་ཆུ་ཚོད་ ༡༠ དང་སྐར་མ་ ༡༤ སྟེང་ཚད་རིམ་ ༥༌༣ ཅན་གྱི་ས་ཡོམ་བྱུང་ཡོད་པ་རེད། ད་ལྟའི་ཆར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོལ་ཁུལ་གྱི་ན་གོར་མོ་དང་གཏེར་ལེན་ཁ་བཅས་ས་ཁུལ་ཁག་ཅིག་ནང་བྱུང་ཡོད་ཀྱང་། ད་ལྟའི་ཆར་མི་མང་ལ་གནོད་སྐྱོན་གྱི་གནས་ཚུལ་ཅི་བྱུང་གསལ་རྟོགས་མེད་ཀྱང་། ས་ཡོམ་རྟག་དཔྱད་ཚན་པས་བརྗོད་དོན་ལྟར་ན་ཐེངས་འདིའི་ས་ཡོམ་འགུལ་ཚད་སའི་གཏིང་རུམ་གྱི་སྤྱི་ལེ་ ༧ གྱི་མཚམས་ཡིན་པ་དང་། གཡོ་འགུལ་བྱུང་བའི་ཚད་རིམ་དེ་ས་ངོས་ལས་རྨིས་ ༤༠༠༠ གི་མཚམས་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། ན་གོར་མོ་དང་གཏེར་ལེན་ཁ་ས་ཁུལ་དུ་ས་ཡོམ་གྱི་གཡོ་འགུལ་ཤུགས་ཆེར་བྱུང་ཡོད་ཚུལ་བརྗོད་ཡོད་པ་རེད།
ཐེངས་འདིའི་ས་འགུལ་བྱུང་ཡུལ་གྱི་མཚོ་ནུབ་སོག་རིག་བོད་རིགས་རང་སྐྱོང་ཁུལ་ནི། མདོ་དབུས་མཐོ་སྒང་གི་བྱང་ཕྱོགས་དང་མཚོ་སྔོན་པོའི་ནུབ་ཕྱོགས། མཚོ་སྔོན་དང་ཀན་སུའུ། ཞིན་ཅང་། བོད་ལྗོངས་བཅས་ཀྱི་བསྣོལ་མཚམས་དང་ལྟེ་གནས་སུ་ཆགས་ཡོད་པ་དང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༢ ཡོད་པ་མ་ཟད། གནས་འདི་རུ་བོད་རིགས་དང་སོག་རིགས་གཙོས་པའི་གཏན་སྡོད་མི་གྲངས་ཁྲི་ ༥༦ ལྷག་ཡོད་འདུག་ལ། མཚོ་སྔོན་ནང་ཁུལ་གྱི་མི་གྲངས་འདུས་སྡོད་ཆེས་ཆེ་བའི་ས་ཁུལ་ཞིག་ཆགས་ཡོད་པ་རེད།
དཀོན་མཆོག་མཁྱེན། བོད་རིགས་སྤུན་ཟླར་གནོད་སྐྱོན་མེད་པ་ཤོག
རྩོམ་སྒྲིག་པ་ལགས་ཡིག་ནོར་ལ་དོ་སྣང་མང་ཙམ་གནང་རོགས།
ངས་མཐོང་བའི་ཡིག་ནོར།
རྟག་དཔྱད། བརྟག་དཔྱད།
སོག་རིག སོག་རིགས།