མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མ་འོངས་པར་ལྷ་ས་ཁོ་ན་མིན་པར་བོད་ཁུལ་ཡོངས་ཀྱི་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ། དེ་དག་གི་དཀའ་ངལ་སེལ་བའི་ཐད་ནུས་པ་གང་ཡོད་འདོན་རྒྱུ་ཡིན་ཟེར།

ཁ་སང་ཕྱི་དྲོ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་རྗེས་དྲན་ཚོགས་ཁང་དུ་ཧྤ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་གསུམ་དང་། དེ་བཞིན་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཉམ་ཞུགས་ཐོག་ཧྤ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་རྣམ་པས་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་ལ།   སྐབས་དེར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་སྐུ་ཚབ་རྣམ་པ་ངོ་སྤྲོད་དང་འབྲེལ་གསུངས་དོན། དེ་རིང་ང་ཚོ་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་ཆེན་དང་སྟབས་བསྟུན་ཏེ་ཧྤ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སུམ་ཅུའི་ཁྲོད་ཀྱི་སྐུ་ཚབ་གསུམ་ངྷ་སར་ཆིབས་བསྒྱུར་གནང་ཡོད། ༢༠༠༥ ལོར་ཁོང་ཚོ་ཐེངས་དང་པོར་ངྷ་སར་གཟིགས་སྐོར་རུ་ཕེབས་ཡོད་པ་དང་། འདི་ནི་གྲོས་ཚོགས་གོང་མའི་འཐུས་མི་ཁག་བཞུགས་སྒར་དུ་ཕེབས་ཐེངས་གཉིས་པ་ཆགས་ཡོད།  ཐེངས་འདིའི་སྐུ་ཚབ་ཚོགས་རྣམ་པ་ནི། ཧྤ་རན་སིའི་གཞུང་འཛིན་ཚོགས་པའི་ནང་ཕྱག་ལས་གནང་བ་དང་མཉམ་དུ་བོད་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གྱི་ཕྱག་ལས་གནང་མཁན་ཡིན་པ་དང་།  དེའི་ཁྲོད་ཀྱི་སྐུ་ཞབས་རྗོན་ཧྥན་སོར་ཁོ་རང་སྔོན་མ་བོད་ནང་འགྲོ་མྱོང་མཁན་ཞིག་དང་། དེ་བཞིན་ལོ་སྔོན་མའི་ཞི་རྒོལ་གྱི་སྐབས་དང་བསྟུན་ཏེ་བལ་ཡུལ་ནང་ཆིབས་བསྒྱུར་གནང་སྟེ། བོད་མིའི་བདེ་སྡུག་དང་འབྲེལ་བའི་ཐད་ཐུགས་ཁུར་རྒྱབ་སྐྱོར་གནང་བ་མ་ཟད། ཁོང་ཚོའི་ཚོགས་པ་འདི་ཉིད་ཀྱང་བོད་དོན་ལ་དུས་ཡུན་རིང་བོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད།  ཐེངས་འདིར་ཡང་ཁོང་ཚོ་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་སློབ་གྲྭ་ཁག་སོགས་སུ་གཟིགས་སྐོར་དུ་བསྐྱོད་དེ་བཙན་བྱོལ་བོད་མིའི་གནས་སྟངས་རྒྱུས་ལོན་བྱས་ཡོད་པ་དང་། ཐེངས་འདིའི་དམངས་གཙོའི་མཛད་སྒོའི་ཐོག་ལའང་ཆིབས་བསྒྱུར་གནང་ཡོད། ཟླ་འདིའི་ཚེས་ལྔ་ཉིན་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ༢༠༡༡ ལོར་ཧྤ་རན་སིའི་གྲོས་ཚོགས་འོག་མིའི་འཐུས་མི་ཁག་ཅིག་ཡང་ངྷ་སར་ཆིབས་བསྒྱུར་གནང་འཆར་ཡོད་པ་རེད།  ཅེས་གསུངས་བྱུང་།

དེ་བཞིན།  ཧྤ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་རྗོན་ཧྤན་སོར་ལགས་གཙོས་པའི་སྐུ་ཚབ་ཚོགས་པས་གསུངས་དོན། ང་ཚོ་ཧྤ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ་མ་ཟད། ནམ་རྒྱུན་བོད་དོན་ལ་སེམས་ཁྲལ་བྱས་བསྡད་མཁན་ཞིག་ཡིན།  ད་ལྟ་ང་ཚོ་གྲོས་ཚོགས་གོང་མའི་ནང་ཚོགས་མི་ ༤༠ ལྷག་བོད་དོན་ཚོགས་ཆུང་ནང་མཉམ་ཞུགས་བྱས་ཡོད་ལ། ང་ཚོས་བོད་ཀྱི་གནད་དོན་འདི་དྲང་བདེན་དང་འཚེ་བ་མེད་པའི་འཐབ་རྩོད་ཞིག་ཡིན་པའི་ཤེས་སྟབས་རང་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཀྱི་འདུན་པ་ཞིག་སླེབས་འོང་གི་འདུག  དེ་བཞིན། ཐེངས་འདིར་ང་ཚོ་ཧྤ་རན་སི་གྲོས་ཚོགས་གོང་མའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ངྷ་རམ་ས་ལར་ཡོང་བ་དེ་ཧྤ་རན་སི་མི་མང་དང་བོད་མི་མང་གི་འབྲེལ་ལམ་དང་བོད་དོན་ལ་དོ་སྣང་དང་ཐུགས་ཁུར་གྱི་རྣམ་པའི་ཐོག་ནས་ཡོང་བ་ཡིན་ཚུལ་བརྗོད་བྱུང་ལ། དེ་བཞིན་ཁོང་ཚོས་བོད་ཀྱི་གནད་དོན་འདི་ནི་བོད་མི་རང་གིས་ཐག་གཅོད་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་ལས། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་མིན་པར་དེ་ནི་དུས་ཡུན་རིང་བོའི་ལོ་རྒྱུས་ཡོད་པའི་བོད་རྒྱའི་བར་གྱི་དཀའ་རྙོག་གི་གནད་དོན་ཞིག་རེད། དེ་བས། ད་ལྟའི་བར་༧གོང་ས་མཆོག་དབུས་པའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དེ་ཡང་དག་ཞིག་དང་མ་འོངས་བར་མུ་མཐུད་༧གོང་ས་མཆོག་དབུས་པའི་བོད་མི་ཚོས་བོད་དོན་བདེན་མཐའ་སེལ་བའི་ཐད་ནུས་བ་གང་ཡོད་འདོན་དགོས་པ་ཞིག་རེད། རྒྱ་ནག་གཞུང་ངོས་ནས་ཀྱང་ཐབས་ལམ་གང་འདྲ་ཞིག་སྤྱད་ཀྱང་བོད་མི་རིགས་ལ་གཞི་རྩའི་མིའི་རིགས་ལ་དགོས་པའི་ཐོབ་ཐང་ཞིག་སྤྲོད་དགོས་པ་རེད་ལ། མ་འོངས་པར་འཐོབ་ཀྱང་ངེས་པ་ཞིག་རེད། གནས་ཚུལ་འདི་དག་ལ་བརྟེན་ནས་ང་ཚོའི་ངོས་ནས་ཀྱང་ཐེངས་འདིའི་མཐོང་སྣང་དང་དངོས་ཡོད་གནས་ཚུལ་ཧྤ་རན་སིའི་གྲོས་ཚོགས་གོང་མར་སྙན་སེང་ཞུ་རྒྱུ་ཡིན་ལ། ཧྤ་རན་སི་མི་མང་ལ་བོད་དོན་ཐད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་མིན་ང་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་ས་ཁོ་ན་མིན་པར་བོད་ཁུལ་གྱི་ས་ཁུལ་གང་སར་ཆས་ཏེ་དེ་དག་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་དང་འཚོལ་ཞིབ་བྱས་ཏེ། བོད་མིའི་རྩ་དོན་དང་འབྲེལ་བའི་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཅེས་བརྗོད་བྱུང།

ཐེངས་འདིའི་གསལ་འགོད་གསལ་བསྒྲགས་སྟེང་བོད་གཞུང་ཧྤ་རན་སིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་འབའ་གཞིས་དབང་བོ་ལགས་ནས་སྐད་བསྒྱུར་བྱས་ཏེ་ཁོང་ཚོའི་ཐེངས་འདིའི་ཆིབས་བསྒྱུར་གྱི་དམིགས་ཡུལ་དང་མ་འོངས་བའི་འཆར་གཞི་སོགས་འགྲེལ་བརྗོད་གནང་སོང་ལ། དེ་བཞིན་གསར་འགོད་པ་དང་ལྷན་དུ་དྲི་བ་དྲིས་ལན་ཡང་གནང་སོང།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༢༤ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 5

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དངོས་ནས་དྲང་བདེན་གྱི་འཐབ་རྩོད་ལ་དྲང་བདེན་གྱི་ཁ་གཡང་བོས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞུང་སྒེར་གཉིས་ནས་ཐུགས་འཁུར་གནང་བ་དེ་ཇི་སྲིད་དུ་འགྱུར་བ་མེད་པར་ཤོག

    Reply
  2. འཇམ་དཔལ། says:
    ལོ་ 16 སྔོན།

    ཧྥ་རན་སེ་གཞུང་དང་མི་དམང་ནས་མུ་མཐུད་ནས་ང་ཚོ་བོད་མི་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་ལ་ང་ཚོ་བོད་འབང་ཡོངས་ནས་ཐུགས་རྗེ་ཆེད་ཞུ་རྒྱུ་བཅས་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས

    Reply
  3. དཔལ་ཆེན། says:
    ལོ་ 16 སྔོན།

    ཡིན་པས་མ་ཚད་་་་་་་་་་་་་་་ཆེན་པོ། ནོར་བཅོས།

    Reply
  4. དཔལ་ཆེན། says:
    ལོ་ 16 སྔོན།

    ང་ཚོ་ལ་རྒྱབ་སྐྱོར་གནང་ན་དགའ་འོས་པ་ཞིག་ཡིན་པས་ཕན་ཐོག་ཀྱང་ཆེན་དན་དན་ཡོང་གི་རེད

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ངོ་མ་གནས་ཚུལ་དེ་དགའ་འོས་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese