མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་རང་ལ་རྨི་ལམ་ཞིག་རྨིས་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྨི་ལམ་ནི་མི་སུ་ལ་ཡང་ཡོད་ཆོག་པ་ཞིག་ཡིན་ལ། དེ་ཡང་རྨིས་ཟིན་པ་དང་རྨིས་ངེས་པ། རྨིས་དགོས་པ་སོགས་གང་ཡིན་ཡང་། ཆ་འཇོག་ཡིད་རྟོན་བྱེད་མཁན་ནི་ཆེས་དཀོན་པོ་ཡིན་ཚོད་རེད། འོན་ཀྱང་། ང་ནི་རྨི་ལམ་རྨིས་དགོས་མཁན་གྱི་རྨི་ཞིག་ཡིན་ལ། རྨི་ལམ་རྨིས་ཀྱི་ཡང་ཡོད། རེད་དེ། རྨི་ལམ་ཁ་ཤས་ཤིག་ཞོགས་པ་མལ་ལས་སད་དུས་བརྗེད་ཟིན་པ་ཡིན་ལ། ཕྱིར་འདང་ག་ཚོད་བརྒྱབ་ཀྱང་དྲན་མི་སྲིད་པ་ལྟ་བུ་ཞིག་ཡིན། ཁ་ཤས་ཤིག་ནི་བརྗེད་འདོད་ཀྱང་བརྗེད་མི་ཐུབ་པར་ཞོགས་པ་མིག་ཕྱེ་མ་ཐག གློག་བརྙན་བཞིན་དུ་མིག་ལམ་དུ་མངོན་ནས་འོང་གི་ཡོད།

འདང་གི་རྨི་ལམ་དེ་ནི་བརྗེད་འདོད་ཀྱང་། བརྗེད་དུ་མེད་པ་དེའི་རིགས་ཤིག་རེད། ང་རང་བླ་བྲང་གི་བཀྲ་ཤིས་འཁྱིལ་དགོན་པའི་སྐོར་ལམ་ཞིག་ལ་འབྱོར་འདུག་པ་མ་ཟད། ང་རང་མི་ཞིག་དང་ལྷན་དུ་བསྐོར་ར་འགྲོ་བཞིན་འདུག་ན་ཡང་། བསྐོར་ལམ་གྱི་མཚམས་མཚམས་སུ་དགེ་བཤེས་མིང་དུ་གྲགས་པ་ཆེས་མི་ཉུང་བ་ཞིག་གིས་རང་རང་གི་ཁྲི་རེ་བརྒྱབ་དེ། ཁྲི་སྟེང་གོས་སེར་པོ་རྐྱང་རྐྱང་གི་གཡོག་ནས་བཞག་འདུག་ལ། ཁྲིའི་རྒྱབ་ལོག་དུ་པོ་ཏི་བརྩིགས་པ་བརྩིགས་པ་བཞིན་དུ་བརྩིགས་ནས་བཞག་འདུག མང་ཆེ་ཤོས་ཤིག་ཕར་བལྟས་ཚོད་ཀྱི་དཔེ་ཆ་སྣ་རིང་དག་མ་ཡིན་པར། མགོ་ཚེམ་རྐྱང་རྐྱང་རེད་འདུག དེ་དུས་ང་རང་གློ་བུར་དུ་ཡ་མཚན་དང་བཅས་དེ་ང་རང་གི་འཁྲིས་ཀྱི་མི་དེ་ལ་འདི་ག་རེ་བྱེད་ཀྱི་ཡོད་པ་རེད་ཟེར་ནས་དྲིས་དུས། མི་དེའི་མི་འདི་དག་གིས་ནག་ཉེས་བསགས་པ་རེད་ཟེར་ནས་ཁོང་ཚོ་དང་ཁོང་ཚོས་བརྩམས་པའི་རང་རང་གི་དཔེ་དེབ་དང་བཅས་དེ་སྲིད་གཞུང་གིས་ནག་ཉེས་བཙུགས་དེ་བསྐོར་མཐའ་ནས་ཁྲོམ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ཟེར། དེ་དུས་ངས་དེས་ན་ཁོང་ཚོ་ཉེས་ཁྲིམས་གཅོད་མ་ཐུབ་པ་གང་རེད་ཅེས་དྲིས་དུས། དེ་ནི་ཁོང་ཚོ་ནི་ས་ཁུལ་འདིས་སློབ་དཔོན་ཆེན་མོ་རྐྱང་རྐྱང་ཡིན་དུས། ཁོང་ཚོ་ཁྲིམས་ལ་བཅུགས་པ་ཡིན་ན། ཁོང་ཚོའི་སློབ་མ་དག་རང་འགན་མི་འདུག་པ་ཤེས་སྟབས་འདི་ཙམ་གྱིས་འཐུས་པ་བྱས་པ་རེད་ཟེར་ནས་ལན་བཏབ་སོང་།

ང་རང་གིས་བསྐོར་ར་འགྲོ་ཞོར་དུ། དཔེ་མེད་ཀི རང་ཡུལ་ནས་རང་སྐད་དང་རང་ཡིག་སྤྱོད་པ་དེ་ཡང་ནག་ཉེས་རུ་ཆགས་ཀྱི་ཡོད་ན་ད་ནི་གསོན་ཡང་སྙིང་བོ་མི་འདུག་བསམ་ཞོར་དུ། བསྐོར་མཐའ་དེ་ནས་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཟེར་ནས་སྐད་འབོད་བྱས་སོང་། སྐབས་དེ་འདྲ་ཞིག་ལ་ང་རང་གི་བུ་མོ་ཐར་མ་མཚོ་ངུས་དེ་ང་རང་རྨི་ལམ་ལས་དཀྲོགས་སོང་། ངས་དེ་རིང་ཉིན་བཀང་བོར་ལས་ཀ་བྱེད་ཞོར་དུ། དམིགས་བསལ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དེ་དག་གི་དཔེ་ཁྲིད་བྱེད་པ་ལ་ཡང་རྒྱའི་སྲིད་གཞུང་གིས་ཚོད་འཛིན་བྱེད་ཀྱི་མེད་དམ་སྙམ་ཞོར་བསམ་བློ་འདྲ་མིན་བཏང་བ་ཡིན།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 40

  1. snowflake says:
    ལོ་ 14 སྔོན།

    དཔར་ནང་གི་གཟུགས་མཛེས་མ་འདིའི་རྐུབ་བཙུགས་ས་དེ་འཇམ་པོ་རང་ཨ་ཡོད་ན་བསམས་ནས་སེམས་འཁུར་བྱེད་བཞིན་ཡོད། ཧཧཧ

    Reply
  2. sha tak ri sim says:
    ལོ་ 14 སྔོན།

    བརྩེ་དུང་གི་རྒྱལ་སྲས་ལགས། འུ་ཅག་གི་ཚང་མས་རང་རང་གི་ཐུབ་ཚོད་ཅིག་འདུར་ནས་ག་ལེར་འགྲོ་དང་། གཞི་ནས་བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་ཞིག་ཆགས་རྒྱུ་ནི་ཐེ་ཚོམ་མེད་པར་ཡིད་ཆེས་བྱེད་ཆོག ཤུ་རེ་བྱེད། ང་རང་དེ་འདྲའི་དམིགས་བསལ་གང་ཡང་མ་ཡིན་ལགས། སྐུ་ཉིད་ལྟ་བུའི་བོད་ཞེན་དང་སྤུན་ཟླ་དག་ལ་བརྩེ་བ་ཡོད་མཁན་དག་ནི་བདག་གི་ནམ་ཡང་བརྩི་བཀུར་དང་ཡི་རུང་བྱེད་ས་ཡིན་ལགས།

    Reply
  3. lobsangkungam says:
    ལོ་ 14 སྔོན།

    ཤ་ཁྲག་རུས་གསུམ་གྱི་མཆེད་ཁུངས་གཅིག་པའི་སྤུན་ཟླ་ལགས། འགན་འཁུར་ཐེག་ན་ཡར་རྒྱས་དང་མདུན་ལམ་ཡོད་ངེས་པ་ཞིག་རེད། ད་ལྟ་ང་ཚོའི་སྤུན་ཟླའི་རིགས་སུ་གྱུར་པ་ཚང་མ་ཁྱོད་ལྟ་བུ་ཞིག་ཏུ་འགྱུར་རེའི་འཕེན་པ་ཆེ།

    Reply
  4. sha tak ri sim says:
    ལོ་ 14 སྔོན།

    བརྩེ་དུང་གི་རྒྱལ་སྲས་ལགས། སྐུ་ཉིད་འདི་རུ་ཕེབས་པ་ཐུགས་རྗེ་ཆེ་ལགས། ཉིད་ཀྱིས་གང་གསུང་བ་དེ་དག་རང་ཉིད་ཀྱི་གང་ཐུབ་ཐུབ་ཅིག་སེམས་ངོར་འཇག་ངེས་ཡིན་ལ། རང་ཉིད་མ་ཤི་བར་དུ་རང་ཉིད་བོད་དུ་སྐྱེ་བ་བརྗེད་མི་སྲིད་ལ། རང་གིས་ཐུབ་ཚོད་ཀྱི་རང་གི་བུ་མོ་འདི་ལ་ཡང་བོད་ཡིག་བོད་སྐད་ཅིག་སློབ་རྒྱུའི་གྲ་སྒྲིག་ད་ལྟ་ནས་བྱེད་ཀྱི་ཡོད་ལ། ཁ་གྲགས་མི་ཐུབ་པའི་བྱིས་པ་དམར་འཇར་གྱི་བུ་མོ་འདིས་གདོང་ལ་བལྟས་དེ། བུ་མོ་ལོ་ལོ། ཡར་ལ་ལོངས། ཨ་ཕས་ཁྱེད་ལ་བོད་སྐད་སློབ། ཨ་ཕས་ཁྱེད་ལ་བོད་ཡིག་སློབ་ཟེར་ནས་བཤད་བཞིན་ཡོད་ལགས། ང་རང་ཉིད་ཀྱི་ཐད་ནས་འགན་ཞིག་འཁུར་ངེས་ཡིན། འགན་དེ་འཁུར་ཐུབ་མཁན་གྱི་བུ་མོ་ཞིག་ཆགས་མི་ཆགས་དེ་ནི་ག་ལེར་བརྟག་དཔྱད་བྱེད་རྒྱུ་ལུས་ཡོད་པ་རེད་ལགས།

    Reply
  5. lobsangkungam says:
    ལོ་ 14 སྔོན།

    དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ཁམས་བཟང་། ད་དུང་ཁྱོད་ཀྱི་ཤ་ཁྲག་རུས་གསུམ་ལས་མཆེད་པའི་བུ་ཆུང་ཆུང་དེའི་ལུས་སེམས་ཡར་རྒྱས་ཡར་དར་དང་འཚར་ལོངས་མགྱོགས་པོར་ཡོང་བའི་སྨོན་འདུན་དང་། ལྷག་པར་དུ་མ་འོངས་པར་ཁྱོད་ལྟ་བུའི་སྤྱིར་རང་གི་མི་རིགས་ཀྱི་སྐད་ཡིག་དང་དེར་བརྟེན་པའི་ལེགས་བྱང་རིག་གནས་ཁག་གི་རྒྱུན་འཛིན་པ་དང་སྲུང་སྐྱོབ་བྱེད་མཁན་གྱི་ཤེས་རྟོགས་དང་ལག་ལེན་ཡོད་པར་འགྱུར་བར་རེ་བ་དང་། བྱེ་བྲག་ཕ་རྒན་ཁྱོད་ཀྱི་རྗེས་སྐྱོང་ནུས་འཇོན་ལྡན་པ་ཞིག་བསྒྱུར་རྒྱུའི་ཕ་རྒན་ཁྱོད་ཀྱིས་སྐྱེད་སྲིང་བྱེད་ཐབས་མ་ནོར་བ་ཞིག་དང་མིག་དཔེ་སྟོན་སྟངས་མ་ནོར་བ་ཞིག་བྱེད་རྒྱུར་ལྷད་མེད་ཀྱིས་བསྐུལ་བའི་ཕ་རྒན་ཁྱོད་ཀྱི་ལས་འཁྲི་དང་༸ཡིད་བཞིན་ནོར་བུའི་ལམ་སྟོན་དེ་ལྟར་ལན་གྲངས་དུ་མ་གནང་བ་བོད་ཀྱི་ཤ་ཁྲག་རུས་གསུམ་ལ་འཁྱུད་པའི་ཕ་རྒན་ཁྱོད་ལྟ་བུ་ཞིག་ལ་མ་བསྐུལ་རང་རྟོགས་ཐུབ་པ་སྔར་ནས་ཡིད་ཆེས་ཡོད། དེ་ལྟ་བུའི་གདེང་སྤོབས་ཤིག་བསྐྱེད་པའི་རྒྱུ་མཚན་ནི། ཉིད་ཀྱིས་སྤེལ་ཚར་བའི་ཟིན་བྲིས་དག་གི་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་སྲིད་ནའང་ཐང་།

    Reply
  6. sha tak ri sim says:
    ལོ་ 14 སྔོན།

    དེ་ནི་གོང་གི་སྤུན་ཟླ་ཞིག་གི་ལན་དུ་ཕུལ་ཟིན་པ་ཡིན་ལགས། དེ་ཡི་འཐུས་པ་བྱེད་རོགས། ཨོ་རེད་ལགས། ངས་ཀྱང་རྨི་ལམ་བདེན་པར་བརྩི་དགོས་པར་གཏན་ནས་བཤད་མེད་ལགས།

    Reply
  7. Dre Sha Zen says:
    ལོ་ 14 སྔོན།

    ཤ་ཁྲག་རུས་གསུམ་པུར་རྩེ་ནས་འདྲེན་ཡོད་པ་འདྲ་་ཧཧཧཧཧཧཧཧཧ
    ཁཽང་གྲྭ་བ་ཞིག་ཡིན་པའི་ཆ་ནས་རྨི་ལམ་ལ་བདེན་པར་འཛིན་མི་སྲིད་མོད། བུད་མེད་དམར་ཧྲེང་མདེ་ཅེའུའི་ཕྱིར་བཤམ་པ་ཡིན་ནམ།

    Reply
  8. sha tak ri sim says:
    ལོ་ 14 སྔོན།

    གཉན་པོའི་གཡུ་རྩེ་གོང་ནས་ལྟ་དུས་སུ།།
    མདང་བརྩེ་མཚོ་ལ་འཁོར་བའི་བྱ་བཞིན་དུ།།
    ཕོ་བྲང་དམར་པོའི་བརྒྱུད་དེ་འཕུར་འོང་དུས།།
    ཉ་མོ་འདྲ་བའི་བུ་མོས་བཀུགས་པ་འཚར།།

    Reply
  9. sha tak ri sim says:
    ལོ་ 14 སྔོན།

    ལྷ་ཡུལ་ཐོས་མྱོང་ཡོད་ཀྱང་རིག་མྱོང་མེད།།
    ཆབ་ཀྱི་དུངས་པ་འདྲེན་པའི་གླུ་སྐད་དེ།།
    སྤྱིན་གཏོང་ལས་ཀྱི་བར་གྱི་དབྱངས་རྟ་ཞིག།
    པ་ལོའི་ངང་ཚུལ་རྒད་པོས་བྲིས་པ་སྙན།།

    Reply
  10. sha tak ri sim says:
    ལོ་ 14 སྔོན།

    ཨ་ཁུ་ཁྲོ་ཐུང་ལགས། སྐུ་ཉིད་ངེད་ཚང་གི་སྤུན་ཟླ་སྐུ་མགྲོན་གསར་བ་ཞིག་རེད་ལགས། འདི་རུ་ཕེབས་པ་ཙམ་གྱིས་དགའ་ནི་ཡིན། རེད་དེ་རྨི་ལམ་འདི་རང་ལ་རྨིས་པ་དེ་དག་ཁ་གནོན་དང་རྫུན་ཚིག་སོགས་གང་ཡང་མེད་པར་བྲིས་པ་ཞིག་ལས་གང་ཡང་མེད་ལགས། འདྲ་དཔར་འདི་ནི་རྨི་ལམ་ནང་གི་གཟུགས་བརྙན་ལྟ་བུ་ཞིག་རེད་ཟེར་ན་ཡང་འགྲིག རྨི་ལམ་དང་འདྲ་དཔར་འདི་དང་འདྲ་བར་ཐེངས་ཤིག་རྨིས་རྗེས་སུ་ལག་པར་ཡོང་ཐབས་མེད་པ་བཞིན་དུ། འདྲ་དཔར་འདི་ཡང་མིག་གི་མཐོང་བ་ཙམ་ལས་སུས་ཀྱང་ལོང་སྤྱོད་བྱེད་ཐབས་ཤིག་མེད་པ་དང་ཅིས་མི་མཚུངས་ལགས།

    Reply
  11. sha tak ri sim says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་ལགས། འདི་ནི་ཕལ་ཆེར་ཀུ་རེ་ཡིན་རྒྱུ་རེད། དོན་དངོས་ནང་དུ་འདྲིས་ཡོད་རྒྱུ་མ་རེད་ལགས། གང་ཡིན་ཟེར་ན་ཟ་ལེ་རྒྱལ་ཕྱི་རྒྱལ་ཞིག་དུ་ཡོད་རབས་ཁོང་གིས་ཉིན་འགའི་སྔོན་ཏག་ཏག་རིང་ལ་ཁས་ལེན་བྱས་སོང་། ད་ལྟ་ཕྱི་རྒྱལ་ནས་མེག་ལོར་བཞི་མདོའི་ཆང་ཁང་དེ་རུ་ཡོང་ཐུབ་པ་ཞིག་མེད་རབས་ཡིན་ལགས། གཏམ་འདི་ནི་རྒྱུན་ལྡན་ཞིག་བྱུང་བཞིན་གནས་ཚུལ་དང་བསྡུར་ནས་གསུང་བ་ཡིན་སེམས་བདེ་བ་ཡིན། དེ་མིན་ཟ་ལེ་རྒྱལ་ལས་ངན་པོ་དེ་དེ་རུ་ཐེངས་ཤིག་ཡོང་ནས་ཁྱེད་དང་ལྷན་དུ་སྤི་རག་ཐེངས་གཅིག་འཐུང་རྗེས་ཀྱང་དེ་འདྲའི་དོན་རྐྱེན་རེ་བྱུང་བ་ཡིན་ཡིད་རེ་སྐྱོ།

    Reply
  12. tashi gonpo says:
    ལོ་ 14 སྔོན།

    བོད་ཤ་ཁྲག་ཚང་ལ་རེ་བ་ཞུ།
    པར་རིས་དེས་བསླངས་སོང་།
    ཡིད་སེམས་ལ་སྲེད་པ་བསླངས་སོང་།
    དྲན་ཤིང་ལ་ངར་ཤུགས་སྤྲད་བྱུང་།།
    རྨི་ལམ་མིན་པའི་འཁྲུལ་སྣང་གི་ཞིང་སར་ཁྲིད་སོང་།
    ཨོ་ཡ
    ཡཡཡཡཡཡཡཡཡཡཡཡཡཡ

    Reply
  13. lhachapjinpa says:
    ལོ་ 14 སྔོན།

    རྨི་ལམ་འདྲ་བའི་མི་ཚེ།།འདི་ལྟར་ཟད་དགོས་བྱུང་སོང༌།།སྐྱིད་ལ་སྡུག་པའི་འཚོ་བ།།རྨི་ལམ་ཉིད་དང་མཚུངས་པ།།

    Reply
  14. lang gen says:
    ལོ་ 14 སྔོན།

    ཁྱེད་ཀྱིས་བླ་བྲང་གི་དགེ་བཤེས་ཚོས་དཔེ་ཁྲིད་བྱེད་པ་རྨིས་ཚུལ་འདི་ཅང་བདེན་ནམ།
    ཟིན་བྲིས་སྔོན་གླེང་ནང་དུ་གཅེར་རྐྱལ་ཅན་གྱི་བུ་མེད་མཛེས་མ་ཞིག་འཇོག་སྟངས་འདིས།
    ངས་ཅི་ཞིག་ཡིན་པའི་ཚོད་དཔག་བྱེད་མོས་བྱུང་།

    Reply
  15. chentsasopa says:
    ལོ་ 14 སྔོན།

    ཤ་ཁྲག་ལགས། གཏེ་ངན་ཁྱོད་ཀྱིས་བཤད་པ་བཞིན་མདང་དགོང་མེག་གྷན་རེ་སྒུག་གདོང་ཁ་ནས་ཡུན་རིང་སྒུག་ཅིག་ཅི་ཡང་རག་མ་སོང་། དེ་ནས་རོགས་པ་ཟ་ལེ་རྒྱ་འགའ་དང་ལྷན་དུ་མེག་ལོར་ཆང་ཁང།McLeod Bar ནང་དུ་སོང་སྦི་རག་འགས་ངེད་ཅག་མི་མིན་འདྲེ་འདྲ་ཞིག་ཏུ་བཟོས་ཏེ་ཕྱི་ལོག་ཏུ་བུད་མ་ཐག ད་ཤེས་ཀི་རེ། སྤྱང་ལྟོགས་police་འགས་ཤར་བདའ་ལུང་བདའ་བྱས་རྗེས། སྙིང་རྗེ། རོགས་པ་གཉིས་མཐོང་ས་ན་མི་འདུག ད་ནངས་ཞོགས་པ་མེག་གྷན་བཞི་མདོའི་རེ་སྒུག་གདོང་ནས་གོ་ཐོས་ལ། རོགས་པ་གཉིས་སྤྱང་ཀིས་བཟུང་ཚར་འདུག ད་ཡིན་ན་སྒོར་མོ་སྟོང་ཚོ་འགའ་ཤོར་འགྲོ་གི་རེད།

    Reply
  16. sha tak ri sim says:
    ལོ་ 14 སྔོན།

    སྐུ་ཉིད་ལ་ཐུགས་ཁག་མི་འདུག ང་ཡི་དྲ་ཐོག་ནས་དུས་ཚོད་ལྟར་སྒུག་མོད། སྐུ་ཉིད་མ་སླེབས་སྟབས། ང་རང་མཚོ་འགྲམ་དུ་དགའ་རོགས་མ་དང་བུ་མོ་ཐར་མ་མཚོ་མཉམ་དུ་ཆུ་བསྐྱལ་བྱེད་དུ་སོང་དེ་ད་ལྟ་རང་ཕྱིར་ནང་དུ་འབྱོར་བ་ཡིན་ལགས། ད་ལྟ་ནི་རྒྱ་གར་གྱི་བཅུ་གཅིག་དང་སྐར་མ་བཅུ་དགུ་དང་སྐར་ཆ་བཅུ་བཞི་རེད་འདུག་ལགས།

    Reply
  17. samkhar says:
    ལོ་ 14 སྔོན།

    དགོངས་འགལ་མེད་པ་ཞུ།
    ང་དུས་ཐོག་ཏུ་དྲ་རྒྱ་བེད་སྤྱོད་ཐུབ་མ་སོང་། དུས་བཅད་ལྟར་བཅར་ཐབས་བྲལ་ཏེ། གློག་ཀླད་ཀྱི་དྲ་རྒྱའི་མཐུན་རྐྱེན་མེད་པར་གྱུར་འདུག་གོ།

    Reply
  18. sha tak ri sim says:
    ལོ་ 14 སྔོན།

    ཇིས་སྲས་ལགས། འུ་ཅག་ཚང་མ་ལ་ཡང་རྨི་ལམ་འདི་འདྲ་རྨི་མྱོང་ཡོད་མཁན་ཞིག་ཡིན་པར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད་ལ། ང་རང་གཅིག་བུའི་རྨི་ལམ་དུ་ཡང་འཁོར་གྱི་ཡོད་པ་མིན་པར་བོད་རིགས་ཡོངས་སུ་རྫོགས་པའི་རྨི་ལམ་དུ་ཡང་འདི་འདྲ་ཞིག་བྱུང་ན་བསམ་བཞིན་ཡོད་མིན་ལ་ཐེ་ཚོམ་མེད། བདེན་མཐའ་གསལ་རེག་བར་དུ་བོད་མི་ཚང་མ་གཅིག་མཚུངས་ཀྱིས་སེམས་ཀྱི་དཀའ་ངལ་ཡོད་པ་རེད་ལགས།

    Reply
  19. free sopu says:
    ལོ་ 14 སྔོན།

    དང་པོ་བུ་མོ་གཅེར་བུ་མཛེས་མ་ཞིག་གི་པར་བཞག་ནས་ངའི་རྨི་ལམ་ཞིག་རྨིས་སོང་ཟེར་དུས། ངའི་བསམ་བློ་ཞིག་བཏང་ནས་མདང་ཤ་ཁྲག་གི་རྨི་ལམ་ནས་བུ་མོ་འདེ་ཇཇཇཇཇཇཇཇཇཇཇཇཇ་་་་་།ཡིནའང་དེ་ལས་ལྡོག་ཏེ་བླ་བྲང་གི་བསྐོར་མཐའ་ནས་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་སྐད་འབོད་བྱས་སོང་བ་ཞིག་རྨིས་སོང་ཟེར་དུས་རྨི་ལམ་ཙམ་དུ་ཡང་བོད་མིའི་སྐྱིད་སྡུག་གླེང་མཁན་གྱི་ཤ་རུས་བཟང་པོ་ཅན་ཞིག་ཡིན་པ་ཤེས་སོང་ཧ་ཅང་ཡི་རེངས་ཡོད། ཐུགས་རྗེ་ཆེ།

    Reply
  20. sha tak ri sim says:
    ལོ་ 14 སྔོན།

    གཉའ་འབྲོང་ཐུ་བུ་ལགས། རེད་ལགས། རྨི་ལམ་གློག་དང་སྤྲིན་ལྟ་བུ། འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། ཟེར་བ་དེ་ནི་བདག་གི་རྒྱུན་དུ་དྲན་བཞིན་ཡོད་ལགས། ལྷག་པར་དུ་ལག་ལེན་ལས་གལ་ཆེ་བ་ཞིག་མེད་པ་དེ་ཡང་ཁས་ལེན་བྱེད་ཀྱི་ཡོད་ལགས། མཚམས་རེར་ལག་ལེན་བྱེད་ཐབས་དཀའ་བའི་དུས་སུ་རྨི་ལམ་རེ་རྨིས་ཀྱང་དེ་ཡང་བདེ་སྐྱིད་ཅིག་དུ་བརྩི་ཆོག དེ་འདྲ་མ་རེད་དམ་ལགས།

    Reply
  21. dongthe says:
    ལོ་ 14 སྔོན།

    ཤ་ཁྲག་ལགས་རྨི་ལམ་ནི་རྨི་ལམ་རང་རེད། ཁྱེད་རང་སད་ཡོད་དུས་ཀྱི་ཕྱག་ལས་དང་རྩ་བ་ནས་འདྲ་ནི་མ་རེད། དེའི་ཕྱིར་ངའི་རེ་བ་ཡིན་ན་ད་ཕན་ཆད་ཁྱོད་ཀྱིས་རྨི་ལམ་མ་རྨིས་ན་བཟང་། རྨི་ལམ་ནི་འཁྲུལ་བའི་ནང་གི་འཁྲུལ་བ་ཞིག་རེད། ང་ཚོ་ཚང་མ་སད་དགོས། ངེས་པར་དུ་སད་དགོས། ཅིས་ཀྱང་སད་དགོས།

    Reply
  22. sha tak ri sim says:
    ལོ་ 14 སྔོན།

    མགོ་སེར་དེ་ཚོས་ད་ནི་དབྱིན་ཡིག་ཐར་ཐོར་ཤེས་མཁན་ལས་བོད་ཡིག་གི་ཆུ་ཚད་གང་ལ་གང་ཙམ་ཡོད་མཁན་དག་ལ་དགའ་བོ་བྱེད་ཀྱི་འདུག་ཟེར། དེས་ན་སྐུ་ཉིད་ལ་རེ་བ་ཡོད་ཁོ་ཐག་ཡིན་ནི་སླར་ཡང་སོང་ནས་ཚོད་ལྟ་ཞིག་བྱོས་དང་དངོས་ནས་ལག་པར་མ་རེག་ན་ད་ཐབས་ཤེས་ཡོད་ནི་མ་རེད། ངས་ཁྱེད་རང་ལ་དཔར་འདི་ལས་ཀྱང་བརྫིག་ཞིག་བཙལ་ནས་བཞག་ཆོག ཨེ་འགྲིག་གི

    Reply
  23. chentsasopa says:
    ལོ་ 14 སྔོན།

    དེང་སང་མེག་ལོར་སྲང་ལམ་ཟ་ལེ་རྒྱ་ཀ་ཁ་མི་ཤེས་མཁན་དང་abcd མི་མཁན་མང་དྲག་པས། མགོ་སེར་བུ་མོ་ཚོས་ཁ་གཉེར་རྣ་གཉེར་རེ་བྱེད་བཞིན་བུད་འགྲོ་གི ས་དེ་ན་རེ་བ་མེད་ཁོ་ཐག་རེད་ཨ་རོད།

    Reply
  24. sha tak ri sim says:
    ལོ་ 14 སྔོན།

    ཁག་མེད་ཀི མེག་ལོར་སྲང་བར་དུ་ཐེངས་ཤིག་རྒྱུགས་ཤིག དེ་ནས་ཞི་མོ་རེ་རེག་ངེས་ཡིན། མ་རེག་ན་ཕྱིར་ཕེབས་ཤིག་དང་། ད་ངས་འདྲ་དཔར་འདི་བཀོག་ནས་ཁྱེད་རང་ལ་འབུལ་ཆོག

    Reply
  25. chentsasopa says:
    ལོ་ 14 སྔོན།

    རྩོམ་ཡིག་རྗེས་སུ་བཀླག་ཆོག ཞི་མོ་འདིའི་པར་འདི་མཐོང་མ་ཐག ངའི་མཇེ་ངན་ཟེར་ནོ་རྭ་ཅོ་གི་ལོག་ཐལ། ད་ལག་པས་བསྡམས་ནས་བསྡད་ཡོད། ངའི་སྡུག་འདི་དའ

    Reply
  26. sha tak ri sim says:
    ལོ་ 14 སྔོན།

    ལགས་སོ་བསེ་རུ་ལགས། དེས་ནས་ཁོམ་པ་ག་དུས་ཡོད་ན་དེ་དུས་བརྡ་ཞིག་རྒྱོབས་དང་། གང་བཤད་འདོད་པ་དང་གང་འདྲི་འདོད་པ་ཡོད་ན་དེ་དག་འདི་ནས་གླེང་དེ་རང་རིགས་སྤུན་ཟླ་དག་གི་མིག་ངོར་གཤམ་ཆོག

    Reply
  27. samkhar says:
    ལོ་ 14 སྔོན།

    དྲ་གྲོགས་ལགས། ད་ལྟ་ང་དྲ་ཐོག་ཏུ་ཡོད། གཅིག་བྱས་ན་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཏག་ཏག་ལ་ང་སླེབས་ཡོང་།

    Reply
  28. samkhar says:
    ལོ་ 14 སྔོན།

    རིགས་རྒྱུད་གཅིག་པའི་བདེ་སྡུག་སྣང་བརྙན་རྣམས།།
    མཚན་གྱི་རྨི་ལམ་ཉིན་གྱི་མངོན་སུམ་དུ།།
    ཡང་ཡང་ཡིད་ངོར་འཆར་བའི་དན་རྟགས་ནི།།
    རིགས་གཞེན་ལྷག་བསམ་དཀར་བའི་གཤིས་སུ་གྲུབ།།

    Reply
  29. sha tak ri sim says:
    ལོ་ 14 སྔོན།

    ཟ་ལེ་རྒྱལ་ལགས། སྙིང་ཆུང་སྡར་མ་ངས་རྨི་ལམ་ནང་དུ་སྐད་འབོད་བྱས་པ་དེ་ནི་དཔའ་རྟགས་ཤིག་ལོས་ཡིན། དཔའ་རྟགས་དེ་བསྟན་མ་ཐག་སྐྲག་ཤོར་མང་བོ་ཞིག་ཁྱེད་ཚང་གི་ཉེལ་མགོ་ཡོང་ནས་ཞུ་འབོད་བྱས་པ་ཉིད་ཀྱི་རྨི་ལམ་ནང་ནས་གཟིགས་འདུག ད་དེ་ཚོ་ལ་ག་རེ་གནང་རྩིས་ཡིན། ཀུན་ཡངས་ལ་གཏོང་རྒྱུ་ཡིན་ནམ། ཡང་ན་གཞན་པའི་དམིགས་ཡུལ་འདྲ་ཡོད་དམ་ལགས།

    Reply
  30. sha tak ri sim says:
    ལོ་ 14 སྔོན།

    མིག་གསུམ་པ་ལགས། ཉིད་ཀྱིས་བསམ་བློ་གཏོང་ཕྱོགས་དེ་ཡང་དངོས་ནས་མ་རེད་ཟེར་དཀའ་ཡང་། རྒྱའི་དཔོན་ངན་འདི་ཚོས་དངོས་ནས་བོད་ནང་གི་ཤེས་ཡོན་པ་དག་ལ་མཐོང་ཆེན་ཞིག་བྱེད་ཀྱི་ཡོད་ན་ནི་དངོས་ནས་བསྟོད་འོས་པ་ཞིག་ཡིན་མོད། རེད་དེ། སྐབས་འགའ་རེ་ང་ཚོས་རིག་ས་གོ་ས་ནས་ལྕགས་སྒྲོག་བརྒྱབ་དེ་འཁྲིད་འགྲོ་དུས། རྒྱའི་སྲིད་གཞུང་གིས་ངེད་ཅག་ལ་ཀུ་ཡངས་ཤིག་གཏོང་རབས་ཤིག་གཏན་ནས་མེད་པ་ལྟ་བུ་ཞིག་ཚོར་གྱི་མི་འདུག་གམ་ལགས།

    Reply
  31. sha tak ri sim says:
    ལོ་ 14 སྔོན།

    སེང་ཕྲུག་ལགས། དངོས་ཡོད་ཀྱི་གཏམ་རྒྱུད་ཅིག་ལས་རྨི་ལམ་འདི་ཉིད་ཡིད་ཆེས་བྱེད་དགོས་པའི་དོན་དག་ཞིག་ཡོད་པར་བདག་གིས་ཀྱང་ཁ་ཚོན་བཅད་མེད་ལགས། དེའི་ཕྱིར་ཉིད་ཀྱང་ང་རང་ཉལ་བའི་རྨི་ལམ་ནི་རྨི་ལམ་རང་དུ་ངོས་འཛིན་བྱས་པ་ཡིན་ན་འགྲིག་གི་རེད་ལགས། རྨི་ལམ་གློག་དང་སྤྲིན་ལྟ་བུ།། འདུས་བྱས་ཆོས་རྣམས་དེ་ལྟར་ལྟ།། ཟེར་བ་རེད་ལགས། དེ་ངས་ཀྱང་དྲན་གྱི་འདུག་ལགས།

    Reply
  32. sha tak ri sim says:
    ལོ་ 14 སྔོན།

    སྤྲ་དཔལ་ལགས། སྐུ་ཉིད་ཀྱིས་ཐེངས་གཉིས་ཤིག་ལ་ཀློག་པ་དང་། བདག་གི་རྨི་ལམ་འདི་བྲིས་གནང་བ་དེར་བསྟོད་བསྔགས་གནང་བ་དེར་ཐུགས་རྗེ་ཆེ་ལགས།

    Reply
  33. sha tak ri sim says:
    ལོ་ 14 སྔོན།

    སྒྱུ་མའི་རྨི་ལམ་འདི་ལ་ཡིད་བརྟན་ཞིག་ཡོད་ན།།
    གཅེན་པོས་གནང་བའི་དཔྱད་པ་འགྲུབ་ངོ་ཞིག་ཡོད་ན།།
    བོད་མིའི་སྐྱིད་སྡུག་འདི་ཉིད་ཡག་ཐབས་ཤིག་ཡོད་ན།།
    ང་དང་བཅས་པའི་བོད་མི་ཐམས་ཅད་ཀྱི་རེ་བ།།

    Reply
  34. sha tak ri sim says:
    ལོ་ 14 སྔོན།

    སྐར་ཁྲི་བཙན་ལགས། ཉིད་ཀྱིས་རྟེན་འབྲེལ་སྒྲིག་པ་དང་ཁ་གཡང་བོས་པ་དེ་དག་བོད་མི་རིགས་འདིས་ལོངས་སུ་སྤྱོད་ཐུབ་པར་ངས་ཀྱང་རེ་བ་རྒྱག་གི་ཡོད། འུ་ཅག་མི་འགྱངས་པར་རང་ས་ལྷ་ཡི་གྲོང་ཁྱེར་དུ་འབོད་པ་དེར་འབྱོར་ཐུབ་པ་དང་གཞིས་བྱེས་ལྷན་འཛོམ་ཡོང་བར་སྨོན།

    Reply
  35. salygyal says:
    ལོ་ 14 སྔོན།

    རྨི་ལམ་ནང་ནས་སྐད་འབོད་ཅིག་བྱས་དེའང་བུ་དཔའ་བོ་ཞིག་གི་རྟགས་རེད་ཟེར་འདོད་བྱུང་། རྒྱ་རྒན་ཚོར་སྐྲག་ནས་ངས་རྨི་ལམ་ནང་ནའང་ཞུ་བ་བྱེད་ཀི་འདུག

    Reply
  36. kangjinpa says:
    ལོ་ 14 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱི་རྨི་ལམ་དེ་དོན་དངོས་སུུ་འགྲོ་ངེས་པ་ཞིག་རེད།
    རྒྱ་ནག་དབང་འཛིན་པས་བོད་ཀྱི་ཤེས་ཡོན་པར་ཁྲིམས་ཆད་
    ་ནན་མོ་གཅོད་ཐུབ་ཀི་མ་རེད། གང་ཡིན་ཟེར་ན། ཤེས་ཡོན་པ་མང་ཆེ་བས་ཁྲིམས་ལུགས་ལ་ཤེས་རྟོགས་ཡོད་པས་རེད། གང་
    ལྟར་མནར་གཅོད་ཚད་མེད་མྱང་མཁན་ནི་མི་མང་དཀྱུས་མ་དེ་ཚོ་རེད།

    Reply
  37. dongdarjee says:
    ལོ་ 14 སྔོན།

    རྨི་ལམ་དང་མོ་རྩིས་ཀྱི་འཚང་ཁ་རྒོད་པོའི་ཡུལ་གྲོང་ན། རེ་བཞག་གི་མིག་ཆུ་ཡིད་གར་བུང་པའི་མི་ཚོགས་ཤིག ནམ་ཡང་རྟེན་འབྲེལ་གྱི་རྡེའུ་བསྒྲིགས་ནས་གཉིད་ཉིད་ལ་ཤོར། ཉེ་འཁྲིས་ཀྱི་ཁྱིམ་མཚེས་དག་གི་རྨི་ལམ་གྱི་རྟེན་འབྲེལ་སོགས་དེ་ཙམ་བྱེད་ལ་རང་ཉིད་ཀྱི་བསམ་བློའི་སྟོབས་ཤུགས་ཀྱིས་རྟེན་འབྲེལ་བསྒྲིགས། དངོས་གནས་ཆ་མི་སྙོམས་པའི་འཇིག་རྟེན་ཞིག་གོ། ཆུ་ཚོད་དཀོན་པའི་ལན་བདག་གི་ཟིན་བྲིས་ནང་དུ་འདེབས་རོགས་ཀྱེ་ཀྱེ་་་་་་་་་་་་

    Reply
  38. ngawa_palden says:
    ལོ་ 14 སྔོན།

    རྨི་ལམ་ཡག་ཞིག་རྨིས་འདུག བདག་གིས་ཐེངས་གཉིས་བཀླགས་པ་ཡིན་ ཧ་ཅང་ཡག་པོ་བྲིས་འདུག

    Reply
  39. tsekyis says:
    ལོ་ 14 སྔོན།

    མཐུན་གསུམ་མཚན་མོའི་སྒྱུ་མའི་འཁྲུལ་སྣང་གི་ཀློང་ནས།།
    མ་འོང་གསལ་བའི་ལུང་བསྟན་བསྙོན་མེད་དེ་མཐོང་སྐབས།།
    མི་རིང་ཆོལ་གསུམ་བོད་མིས་ཞི་རྒོལ་ཞིག་བྱས་ཏེ།།
    ཞི་བྱེས་ལྷན་འཛོམས་ཡོང་བའི་བརྟེན་འབྲེལ་རང་ཡིན་ནོ།།

    Reply
  40. Baichung says:
    ལོ་ 14 སྔོན།

    རྨི་ལམ་ཡག་པོ་རྨིས་འདུག བཀྲ་ཤིས་བདེ་ལེགས་ཞུ། ཕ་ཡུལ་དུ་ལོག་པའི་རྟེན་འབྲེལ་རེད། དེ་ནི་ང་ཚོའི་རིགས་གཞུང་རྒྱ་ནག་གིས་མེད་པ་བཟོ་མ་ཐུབ་པའི་མཚོན་རྟག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist