མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་བོད་ལ་ལོག་རྒྱུར་གྲ་སྒྲིག་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཐའེ་ཝན་གནོད་འཚེ་ཐེབས་ཡུལ་མི་མང་ལ་རོགས་དངུལ་ཨ་སྒོར་ཁྲི་ ༥ གནང་ཡོད་འདུག ཁོང་གིས་ཐའེ་ཝན་གནམ་ཐང་ནས་གསར་འགོད་པ་ཞིག་གི་དྲི་བའི་ལན་དུ། ང་ཚོ་ཕྱིར་བོད་ལ་ལོག་རྒྱུར་ག་དུས་ཡིན་ཡང་གྲ་སྒྲིག་ཡོད་ཅེས་གསུངས་ཡོད་པ་རེད།

ཟླ་ ༩ པའི་ཚེས་ ༡ ཉིན་ནས་༧གོང་ས་མཆོག་གིས་ཐའེ་ཝན་ལྷོ་ཕྱོགས་ཀོ་ཞོན་གྲོང་ཁྱེར་གྱི་རྩེད་ཐང་ཆེན་མོའི་ནང་གནོད་འཚེ་ཐེབས་ཡུལ་གྱི་མི་མང་ཁྲི་ ༡ ཙམ་ལ་ཆུ་ཚོད་གཉིས་རིང་བསྔོ་སྨོན་གསོལ་འདེབས་དང་།  ཕྱི་ཚེས་ ༢ ཉིན་ཐའེ་ཝན་ལྷོ་ཕྱོགས་ཀོ་ཞོན་ས་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་རྗེས་རྒྱལ་ས་ཐའེ་པེ་རུ་ཞབས་སོར་བཀོད་དེ་དེར་ཡོད་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཧྲན་དང་མཇལ་འཕྲད་གནང་སྟེ། ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་རྣམ་པ་དབུས་མི་མང་སྟོང་ ༡ ལྷག་མཉམ་ཞུགས་ཐོག་ཆོས་ཕྱོགས་ཀྱི་བགྲོ་གླེང་དང་གསོལ་འདེབས་སྨོན་ལམ་གནང་ཡོད་པ་དང་།  ཕྱི་ཚེས་ ༣ ཉིན་༧གོང་ས་མཆོག་གིས་ཐེངས་འདིའི་གོད་ཆག་ཁྲོད་སྲོག་ཉེན་ལས་ཐར་བའི་ནད་པ་རྣམས་ལ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཐེངས་འདིར་ཁོང་ཉིད་གདན་ཞུ་གནང་མཁན་ཀོ་ཞོན་ཁུལ་གྱི་འགན་འཛིན་གཙོས་རྫོང་དཔོན་དང་གནད་ཡོད་མི་སྣ་འདུ་འཛོམས་ཐོག་ཁོང་གིས་དེར་ཡོད་གནོད་འཚེ་ཐེབས་ཡུལ་གྱི་མི་མང་ལ་རོགས་སྐྱོར་མ་དངུལ་ཨ་སྒོར་ཁྲི་ ༥ གནང་ཡོད་པ་རེད།

ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཐེངས་འདིར་༧གོང་ས་མཆོག་འགྲོ་བ་མིའི་བདེ་རྩའི་ངོས་ནས་ཐའེ་ཧྤུན་གྱི་གནོད་འཚེ་ཕག་ཡུལ་དུ་འཚམས་གཟིགས་དང་བསྔོ་སྨོན་གནང་བར་ཕེབས་པའི་ཐད་མང་ཚོགས་ཁྲོད་བསམ་ཤོག་ཅིག་བསྡུས་ཡོད་ཅིང་། དེའི་ཁྲོད་ཐའེ་ཝན་མི་དམངས་ཀྱི་བཞི་ཆའི་གསུམ་གྱིས་ཁོང་གི་གཟིགས་སྐོར་ལ་དགའ་བསུ་ཞུ་བཞིན་ཡོད་ཚུལ་བཤད་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་ཁོང་ཕྱིར་ཕེབས་སའི་ཐོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་འཕྲལ་མི་ཚོགས་ཁྲོད་ནས་ཧྥ་རན་སིའི་གསར་སྤེལ་ཁང་གི་གསར་འགོད་པ་ཞིག་གིས་སྐད་མཐོན་པོའི་སྒོ་ནས་༧གོང་ས་མཆོག་ལ། ཁྱེད་ཀྱིས་སྐུ་ཉིད་མ་གཞི་ནས་སྐུ་ཚེ་འདིའི་རིང་བོད་ལ་ཕེབས་ཐུབ་གི་རེད་དགོངས་ཀྱི་ཡོད་དམ། ཅེས་དྲིས་པར། ༧གོང་ས་མཆོག་གིས་གསར་འགོད་པ་དེའི་ཕྱོགས་སུ་ཞལ་འཁོར་ཏེ། ང་ཚོ་ག་དུས་ཡིན་ཡང་བོད་ལ་ཕྱིར་ལོག་རྒྱུར་གྲ་སྒྲིག་ཡོད། ང་ཚོ་བོད་རིགས་ཚང་མས་འདི་ལྟར་བསམ་བློ་གཏོང་གི་ཡོད། ཅེས་བཀའ་ལན་གནང་ཡོད་འདུག

ཐེངས་འདིའི་༧གོང་ས་མཆོག་གི་ཉིན་གྲངས་ ༦ རིང་གི་ཐའེ་ཝན་ཝན་གྱི་མཛད་འཕྲིན་ཁྲོད་གནོད་འཚེ་ཐེབས་ཡུལ་གྱི་མི་མང་ལས་གཞན་གནད་ཆོས་ལུགས་གནད་ཡོད་མི་སྣ་དང་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ། དེ་བཞིན་ཕྱི་ཚེས་ ༣ ཉིན་གོང་ས་མཆོག་གིས་ཐའེ་པེའི་ ཧོ་ཝར་ཌི་ཕུ་ལ་ཛ་མགྲོན་ཁང་མདུན་ནས་ཐའེ་ཝན་དུ་གནས་སྡོད་བོད་རིགས་ཚོར་མཇལ་ཁ་གནང་ཡོད་ལ། ཕྱི་ཚེས་ ༤ ཉིན་ཕྱིར་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 15

  1. tashi dawa says:
    ལོ་ 17 སྔོན།

    དྲྭ་གྲོགས་རྨེའུ་དཀོན་རྒྱམ་ལགས། ཁྱོད་ཀྱིས་གསུངས་པ་ལྟར་བོད་ཁྱིམ་སློབ་གྲྭ་ཁག་ཏུ་དེང་དུས་ཀྱི་ཤེས་ཡོན་ཅན་ཇི་ཙམ་ཐོན་ཡོད་མེད་ང་ཚོས་བལྟས་ན་ཤེས། དབྱིན་ཡིག་དང་བོད་ཡིག་གང་ཞིག་ཡིན་རུང་རང་སྐྱ་ཐུབ་པ་ཞིག་ཧ་ཅང་གི་དཀོན། མ་ཟད་སྦེར་སུ་ཇ་སློབ་གྲྭ་ཁག་ཏུ་གྲོད་པ་མ་རྒྱགས་པའི་དཀའ་ངལ་དང་། བོད་ནས་འབྱོར་བའི་ཡིག་རྨོངས་དག་ལ་ཚད་མཐོ་པོར་སློབ་ཁྲིད་གནང་སྟེ་ཡིག་རྒྱུགས་མ་ཕྲོད་པར་ལོ་རེ་བཞིན་ཕྲུ་གུ་བརྒྱ་ཕྲག་མ་ཟིན་ཙམ་ཕྱི་ལ་ཐོན་ཏེ་ལས་གནས་འཚོལ་དགོས་ཀྱི་ཡོད། ༢ སྐུ་སྒེར་ཡིག་ཚང་གིས་ཕྱག་ལས་ཚགས་ཚུད་གནང་བ་ཞིག་མ་མཐོང་། གང་ཡིན་ཞེས་ན་དྲྭ་རྒྱ་ཐཽག་དབྱིན་ཡིག་དང་རྒྱ་ནག་གི་ཡི་གེ་གཉིས་ལས་བོད་ཡིག་ཐོག་ཏུ་ད་དུང་བཟོས་མེད་པ་ནི་གང་ཟག་སུ་ལ་ཐུག་པ་ཡིན། དེ་ནི་བོད་མི་དབུ་ཁྲིད་ཞིག་གི་དྲྭ་རྒྱ་ལ་བོད་ཡིག་མེད་པ་ཁྱད་མཚར་ཞིག་མ་ཡིན་ནམ།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 17 སྔོན།

    ད་དུང་ལྷག་པར་དུ་རྒྱ་གཞུང་གི་ཆབ་སྲིད་འཕོ་འགྱུར་ལ་ཉམས་ཞིབ་བྱེད་མཁན་གྱི་གྲ་སྒྲིག་གང་འདྲ་ཡོད་མེད། གང་ལྟར། ངའི་སེམས་འཚབ་བྱེད་ཕྱོགས་ནི་རི་བོང་གནམ་རྡིབ་ཀྱི་རང་སྡུག་ཁུར་བ་ནང་བཞིན། དོགས་སྣང་གིས་བཙིར་འོང་བས་འདུག་བཟོད་མ་ཐུབ་པར། འདི་ལྟར་མཐོ་དམན་གང་སར་ཕོག་པའི་སྐད་ཆ་རྩུབ་པོ་གང་མང་ཞིག་ཤོར་སོང་། དེའི་རྒྱུ་མཚན་ནི། ང་ཚོའི་མི་རིགས་ཀྱི་དམིགས་ཡུལ་འགྲུབ་དགོས་ན། དག་ཐོག་རང་ཉིད་སྟོབས་ཤུགས་ཅན་དང་མདུན་བསྐྱོད་ཅན། མཐུན་སྒྲིལ་ཅན་དང་ཚུར་ལེན་རང་ལུགས་པ་ཞིག་བསྒྱུར་དགོས་པ་དེ། དུས་བབ་དང་ཁ་གཏད་ཡུལ་གྱི་གནས་སྟངས་ལྟོས་པ་སོགས་ད་ལྟ་དང་། མ་འོངས་པའི་མདུན་ལྗོངས་གང་ལ་གཞིགས་ཀྱང་ཆེས་མ་མཐའི་ཆ་རྐྱེན་རེད་སྙམ། མདོར་ན། རང་ཉིད་འཐུས་ཚང་ཅན་ཞིག་དང་བྱེད་ཐབས་ནུས་ལྡན་རང་བཞིན་ཞིག་ལ་བསྒྱུར་ཐུབ་ཚེ། ང་ཚོའི་དགྲ་ཡ་རྒྱ་གཞུང་གིས་བསམ་ཞིབ་དང་ཐབས་ཤེས་ཤིག་མི་འཐེན་རང་འཐེན་ཆགས་འགྲོ་བ་ལས། གོང་གི་ཕྲན་གྱི་དོགས་འཆར་དག་གི་གནད་དོན་ཐག་ཆོད་དང་གྲུབ་འབྲས་མངོན་གྱུར་ཐུབ་པ་ཞིག་མ་བྱས་ན། ད་མུས་རང་བཞིན་གྱི་ང་ཚོའི་ཁ་སྟབས་སྐྱོ་བོའི་གནས་སྟངས་འགྱུར་ལྡོག་ཅི་ཡང་མེད་པར། ཇེ་ངན་ཇེ་སྡུག་ཏུ་འགྲོ་སྲིད་པ་ཞིག་རེད།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 17 སྔོན།

    དྲ་གྲོགས་བཀྲ་ཤིས་ཟླ་བ་ལགས་ཀྱིས་ཕྲན་གྱི་བསམ་ཕྱོགས་སྤྱིར་བཏང་གི་རྒྱབ་སྐྱོར་གྱི་བསམ་ཚུལ་བཏོན་པ་ལ་ཐུགས་རྗེ་ཆེ་ཞུ་བ་ཆབས་ཅིག ཡང་བསྐྱར་ཕྲན་གྱི་བསམ་འཆར་ཉུང་ངུ་གནད་བསྡུས་ཤིག་བརྗོད་འདོད་བྱུང་། ང་ཚོ་སྐྱབས་བཅོལ་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་ཤེས་རིག་ལས་ཁུངས་ཀྱིས་དུས་བབ་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་རིག་གི་རྐང་འཛིན་པ་ཅི་ཙམ་སྐྱེད་སྲིང་ཡོད་མེད་དང་། སྐུ་སྒེར་ལས་ཁུངས་ཀྱིས་༸སྐྱབས་མགོན་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་དང་ཡང་དག་གི་ལམ་སྟོན་གྱི་རྗེས་འཛིན་པ་ཅི་ཙམ་ཞིག་གསོ་སྐྱོང་བྱས་ཡོད་མེད། ད་དུང་སྐྱབས་བཅོལ་བོད་གཞུང་གི་དཔལ་འབྱོར་གྱི་ཡོངས་འབབ་རང་རྐང་སྒང་ལངས་ཐུབ་ཡོད་མེད། གཞན་ཡང་སྐྱབས་བཅོལ་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་དེབ་རང་སྐད་གཙོར་འཛིན་བྱེད་ཀྱིན་ཡོད་མེད། ཡང་བོད་ཀྱི་ལོ་རྒྱུས་ཕྱོགས་ལ་ཆེད་ལས་མཁས་པ་བྱུང་ཡོད་མེད།

    Reply
  4. tashi dawa says:
    ལོ་ 17 སྔོན།

    mey_kungyam
    ལགས། ཁྱོད་ཀྱིས་གསུང་པ་ལྟར་རྒྱ་ནག་གིས་རྣལ་འགྱུར་ལ་འགྱུར་བ་མེད་པ་དང་། མི་རིགས་ལ་བརྩེ་མཐོང་མེད་པ་འཛམ་གླིང་གིས་མ་མཐོང་བ། གདོང་ཐུག་བྱེད་མ་ཐུབ་པ་སོགས་གཅིག་པུ་ག་ལ་ཡིན། ང་རང་ཚོའི་མི་རིགས་རང་ངོས་ནས་ཀྱང་སྲིད་དོན་གྱི་རང་ཚུགས་ཐུབ་པ་ཞིག་བཟུངས་ཀྱི་མེད་པ། བཙན་བྱོལ་དུའང་སྒེར་དོན་ཙམ་ལས་དངོས་གནས་བོད་སྤྱི་པའི་དོན་བསམ་མཁན་དང་། ཐ་ན་དམངས་གཙོ་དུས་དྲན་སོགས་དུས་ཆེན་ཁག་ལའང་ཕེབས་མ་ཐུབ་མཁན་ཧ་ཅང་གི་མང་། དེས་ན་མི་རབས་གསུམ་ཙམ་གྱི་རྗེས་སུ་བོད་མི་རྣམས་ནི་རུས་བརྒྱུད་ཙམ་ལས་རང་གི་རིག་གཞུང་དང་མི་རིགས་ལ་དུང་མཁན་ཡོད་པར་མི་སེམས། རྒྱ་ནག་གིས་དེ་འདྲ་རེ་སྒུག་མིན་ནམ་སྙམ།།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རང་དོན་ཡིན་ད་ཡིན་སྐྱེས་བུ་ཆེ་ཆུང་གང་ཡིན་ཡང་མཐར་ཐུག་གི་དམིགས་ཡུལ་རང་སངས་རྒྱས་ཡིན་པས་སོ།

    Reply
  6. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    དངོས་གནས་ཁོང་དང་ང་ཚོ་ཐུན་མོང་དམིགས་འདུན་གཅིག་པུ་དེ་མྱུར་དུ་འགྲུབ་ན་ཅི་མ་རུང།

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    མཆོད་པ་ཞིག་གི་ཚབ་རེད།
    བསོད་ནམས་གསོགས་འདོད་པ་འདྲ།
    འགྲིག་གི་དེའང་རང་དོན་རེད།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སོ་སོའི་ལག་པ་འགུལ་ནས་མི་རིགས་རང་གི་སྐད་ཡིག་བེད་སྤྱད་ཅིང་དམ་པ་ཁོང་ལ་བསྟོད་བསྔགས་ཙམ་ནུས་ན་མཆོད་པ་ཞིག་གི་ཚབ་རེད། སོ་སོའི་ལག་པ་འགུལ་ཞིང་བོད་ཡིག་འབྲི་ཁ་བྱ་ནོ་འདི་རང་གི་ཁྱག་པའི་ཁུར་བོ་རེད།

    Reply
  9. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་ལ་བསྟོད་བསྔགས་འབུལ་རྒྱུ་ཙམ་མིན་པར་སོ་སོའི་ལག་འགུལ་རྒྱུ་ལ་རེམ།

    Reply
  10. གཉའ་འབྲོང་ཐུ་བུ། says:
    ལོ་ 17 སྔོན།

    མཐའ་ཡས་འགྲོ་བ་ཀུན་གྱི་མ་གཅིག་པུ། །
    རབ་དཀར་གངས་རིའི་མགོན་ལ་ཕྱག་འཚལ་ལོ། །
    ལས་ངན་སྡིག་སྒྲིབ་མ་ལུས་མྱུར་སྤངས་ནས། །
    རྟག་ཏུ་ཁྱེད་ཀྱི་གསུང་བཞིན་སྒྲུབ་པར་ཤོག །

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧ཕྱག་ཟུང་ཐལ་མོ་སྤྱར་ནས་འགྲོ་བའི་དོན་ལ་ཕེབས།།
    ཐུགས་སེམས་དྲི་མ་མེད་པའི་འགྲོ་བའི་ཆེད་དུ་གཟིགས།།
    ཉིན་མཚན་དབྱེར་མེད་འགྲོ་དྲུག་སེམས་ཅན་ཐམས་ཅད་དེ།།
    ཐུགས་སུ་བཀྲ་ཡང་ལས་ངན་རྒྱ་ཡིས་སྡང་ཚིག་ཁོ་ན་བཀོལ།།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    མ་ལུས་མཐའ་ཡི་འགྲོ་བ་ལ།།
    བྱམས་བརྩེའི་སྐྱོང་བའི་མ་མ་ལགས།།
    རང་བུར་གཅིག་བྱམས་མ་ཡིན་པས།།
    མ་ནོརཚུལ་བཞིན་བཀུར་བར་རིགས།

    Reply
  13. mey_kungyam says:
    ལོ་ 17 སྔོན།

    ༸གོང་ས་ཡིད་བཞིན་ནོར་བུའི་གཟི་བྱིན་དང་བྱམས་བརྩེ། སྙིང་རྗེ་དང་འཛུམ་མདངས་སོགས་ཀྱི་དཔལ་ཡོན་ལ་འཁྱུད་པའི་མི་མང་གྲངས་ལས་འདས་པའི་གུས་བརྩི་དང་ཆེ་མཐོང་། རེ་སྨོན་དང་དད་བརྩེགས་ཕུལ་དང་འབུལ་བཞིན་པའི་གནས་སྟངས་ལ་ཕྱིར་འདང་རེ་བརྒྱབ་དུས། རྒྱ་དམར་གཞུང་གིས་ཁ་རྡུང་དང་འཕྱོ་སྨོད་ཚད་ལས་བརྒལ་བའི་བྱེད་བབ་འདིའི་རྣམ་འགྱུར་ད་དུང་འགྱུར་བ་མི་གཏོང་བ་དེ། ཁོ་རང་ཚོའི་འདོད་རྔམ་ཆེ་དྲགས་པས་རེད་དམ། ཉམ་ཆུང་གྲངས་ཉུང་མི་རིགས་ང་ཚོའི་གནས་སྟངས་འཛམ་གླིང་གིས་མ་མཐོང་བའམ་ང་ཚོའི་མི་རིགས་སྐྱོང་ཐབས་ཀྱི་ཁ་ཕྱོགས་དུས་རབས་ལ་གདོང་གཏུགས་རྒྱག་མ་ཐུབ་པས་ལན་ནམ།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    མུན་ནགས་སྟུག་པོ་འཁྲིགས་པའི་དབྱིངས་རུམ་ན།།
    གཡུ་འབྲུག་སྔོན་མོ་འཁྲོ་བའི་མཆེ་བ་མཐོང་།།
    དུས་བཞིར་ལྗང་མདོག་བཀྲ་བའི་འཇིན་རྟེན་ན།།
    ཞི་བདེའི་ཕུག་རོན་དཀར་པོའི་དབྱངས་རྟ་ཐོས།།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས།
    ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།
    ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ།
    དུས་སུ་འདོམས་པ་དེ་ཉིད་བླ་མར་བསྔགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese