མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིན་ཅང་ནས་མི་ ༥ བསད་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཞིན་ཅང་ཝུ་རུ་མུ་ཆིར་རྒྱ་རིགས་ཀྱིས་ངོ་རྒོལ་བྱས་ཏེ་མི་ ༥ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༡༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

དེ་རིང་ཞོགས་པར་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༣ ཉིན་ནས་ཞིན་ཅང་ཝུ་་རུ་མུ་ཆི་རུ་ངོ་རྒོལ་གྱི་ལས་འགུལ་བྱུང་སྟེ་ཉུང་མཐར་མི་ ༥ རྐྱེན་ལམ་དུ་ཕྱིན་ཡོད་འདུག་ལ། མི་ ༡༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། དེ་ཡང་རྒྱ་གཞུང་གིས་དེ་ནི་ཞིན་ཅང་ཡུ་གུར་མི་རིགས་ཀྱིས་ཁ་བྲལ་གྱི་བྱ་འགུལ་སྤེལ་ཏེ་བྱུང་བའི་ནག་ཉེས་ཤིག་ཡིན་ཚུལ་བརྗོད་ཡོད་འདུག་ལ། ད་ལྟའི་ཆར་ཝུ་རུ་མུ་ཆིའི་སྲང་ལམ་མཐའ་དག་དྲག་ཆས་དམག་མིས་བསྐོར་ཏེ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག

གནས་ཚུལ་འདིའི་ཐད་ཝུ་རུ་མུ་ཆི་རུ་རྒྱ་གཞུང་གི་མགྲིན་ཚབ་པ་ཞིག་གིས་ཕྱི་ཚེས་ ༤ ཉིན་གྱི་གསར་འགོད་གསལ་བསྒྲགས་སྟེང་བརྗོད་དོན། ཟླ་ ༨ པའི་ཚེས་ ༢༠ ཚུན་དུ་ཞིན་ཅང་ཝུ་རུ་མུ་ཆིའི་ནང་དྲག་སྤྱོད་པས་བསྟུད་མར་མི་གསོད་ཀྱི་དོན་རྐྱེན་གང་མང་བཟོས་འོང་གི་འདུག་ལ། ཉིན་འདི་འགར་ཡང་མི་སྐོར་དང་སྐོར་བྱས་ཏེ་ངོ་རྒོལ་སྐད་འབོད་བྱེད་ཀྱིན་ཡོད་པ་མ་ཟད། ཞིན་ཅང་གི་ས་ཁུལ་གཞན་དག་ཏུའང་གཅིག་མཚུངས་ཀྱི་དོན་རྐྱེན་གང་མང་འབྱུང་གི་ཡོད་པའི་སྐོར་བརྗོད་ཡོད་པ་དང་། ཡང་། ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཞིག་གིས། ཐེངས་འདིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་ ༥ ཁྲོད་ནས་མི་ ༢ ཉེས་མེད་ཀྱི་མི་སེར་དཀྱུས་མ་རེད་ལ། ད་དུང་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ང་ཚོས་བརྩད་ཞིབ་ནན་ཏན་བྱས་མཐར་ཉེས་ཅན་མི་སྣ་ ༢༥ ལྷག་བཙོན་འཇུག་བྱས་ཡོད། ཐེངས་འདིའི་ཉེས་ཅན་པ་ཚང་མ་ཡུ་གུར་མི་རིགས་རེད། ཁོང་ཚོས་གནོད་པ་བྱེད་ཡུལ་མང་ཆེ་བ་རྒྱ་རིགས་མི་མང་རེད། ཅེས་བརྗོད་ཡོད་འདུག

དེ་ལྟ་ནའང་། ཉེ་ཆར་ནས་ཝུ་རུ་མུ་ཆི་རུ་མི་ ༥༣༡ ལྷག་ལ་ཁབ་བརྒྱབས་ཏེ་གནོད་སྐྱོན་བཟོ་བཞིན་པའི་སྐད་ཆ་ཞིག་ཁྱབ་འདུག་ལ། མི་ ༡༠༦ ལ་ཁབ་བརྒྱབས་པའི་རྗེས་ཤུལ་ཡོད་ཚུལ་ཡང་བརྗོད་ཡོད་པ་དང་། དེ་དག་མང་ཆེ་བ་རྒྱ་རིགས་ཡིན་པའི་དཀྲོགས་གཏམ་ཞིག་ཀྱང་སྒྲོག་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 6

  1. གནས་ཚང་། says:
    ལོ་ 16 སྔོན།

    རྒྱའི་གཡོ་སྒྱུ་ལས་རང་མི་ཤི་བ་དང་། རང་མི་ཤི་བ་ནི་ཤར་ཏིར་ཀི་སི་ཐན་གྱི་ནག་ཉེས་ཡིན་པར་བརྗོད་པ། དེ་ནས་མི་གང་འདོད་དུ་གསོད་ཆོག་པ། ངོ་ནས་ཤེས་ཡ་ཁག་པོ་རེད། རང་ཚོ་མཁས་པ་མ་རེད་པས།

    Reply
  2. tashi dawa says:
    ལོ་ 16 སྔོན།

    གྲངས་ཉུང་མི་རིགས་འདི་ཧ་ཅང་གི་སྐྱོ་བ། དཔེར་ན་བོད་པའི་ས་ཁུལ་ཁག་ཏུ་རྒྱ་རིགས་ཚོང་པ་རྣམས་ལ་བོད་པས་འཁྲུགས་པ་ཤོར་ན། ཉེན་རྟོག་པས་ཉེས་པ་སུ་ལ་ཡོད་མེད་མ་ལྟོས་པར་བོད་རིགས་བཙོན་ཁང་དུ་ཁྲིད་རྐྱང་དང་ཉེས་པ་གཏོང་རྐྱང་བྱས་པ་དངོས་སུ་ཕྲན་ཀྱིས་མཐོང་བྱུང་། རྒྱུ་མཚན་དེས་ན་བོད་རིགས་དང་ཤེན་ཅང་གི་མི་རིགས་གཉིས་ལ་དུད་འགྲོ་འདུ་ཤེས་ཙམ་ལས་འཛིན་མི་སྲིད་པ་ཡིན། མི་དེར་ཉེས་པ་མེད་ཀྱང་ཁས་ལེན་མ་བྱེད་བར་དུ་རྡུང་རྡེབ་བྱེད་ཀྱི་ཡོད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཉེས་མེད་མི་རྣམས་མེ་མདའི་རྡེའུ་འབེན་གྱུར།།
    ཉམ་ཐག་སྐྱོབས་པའི་གཞུང་ཞིག་མེད་འདི་སྐད།།
    སྐྱོ་ཞིང་སྡུག་པའི་བྱུང་བ་ཉིན་རེ་བཞིན།།
    དྲ་ཐོག་གསར་འགྱུར་ཀློག་བཞིན་བསྡོད་འདི་སྐྱོ།།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྭ་ལོ་འདི་ཤེས་རྒྱ་ཅན་ཞིག་ཡིན་་ཁོ་ཐག་རེད། བོད་རྒྱ་གཉིས་ཀ་ཁ་ཁ་སོ་སོ་ཡིན་པ་ངོས་ཟིན་ཡོད་པ་མ་ཟད། ཁོས་བཤད་བཤད་ཚང་མ་གོ་ལྡོག་ཡོད་ནི་མ་རེད་ད།

    Reply
  5. རྭ་ལོ། says:
    ལོ་ 16 སྔོན།

    མ་གཞི་ནས་བོད་རྒྱ་གཉིས་མི་རིགས་གཅིག་པ་དང་། རྒྱལ་ཁབ་གཅིག་མིན་སྟབས། ཁ་བྲལ་ཞེས་པ་དེ་སྦྱོར་ས་ཡོད་པ་མ་རེད། ཁ་ཁ་སོ་སོ་རེད། བཙན་བྱོལ་ནང་དུ་ང་ཚོ་ཁ་བྲལ་བ་མིན་ཞེས་ལབ་གི་འདུག འཇིག་རྟེན་འདི་གོ་ལྡོག་ནས་བསྡད་འདུག

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    ད་ལྟ་རྒྱ་མིའི་གཞུང་འབྲེལ་གསར་འགྱུར་ནས། ཤིན་ཅང་ཁ་བྲལ་རིང་ལུགས་པ་ཞེས་ཁ་རྡུང་དྲག་པོ་གཏོང་ཁུལ་བྱེད་ཀྱིན་འདུག་པ་མ་ཟད། ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོ་དང་ལྷན་དུ་གནད་དོན་དེའི་སྐོར་ཛ་དྲག་གི་གྲོས་མོལ་ཡང་བྱེད་ཀྱི་ཡོད་པའི་གསར་འགྱུར་སྒྲོག་གིན་འདུག

    ང་ཚོ་བོད་མི་རིགས་དང་། ཤིན་ཅང་མི་རིགས་རྣམས་ཁ་བྲལ་རིང་ལུགས་པ་ཡིན་ན། རྒྱ་ནག་གཞུང་དེ་ཁ་སྦྱོར་རིང་ལུགས་པ་རེད་དམ།
    མི་རིགས་འདི་རྣམས་ཀྱི་སེམས་ཁོངས་སུ་གསོ་དཀའ་བའི་རྨ་ཁ་ད་དུང་ཆེ་རུ་གཏོང་གིན་མི་འདུག་གམ།
    ལུས་ཀྱི་རྨ་ཁ་གསོ་སླ་སྟེ། །སེམས་ཀྱི་རྨ་ཁ་ཇི་ལྟར་གསོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese