མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟ་ཝང་ལ་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་ལ་ཆིབས་བསྒྱུར་གནང་བ་དེས་རྒྱ་ནག་གི་ཁོང་ཁྲོ་ད་དུང་སངས་མེད། ད་ནི་༧གོང་ས་མཆོག་རྟ་ཝང་ལ་ཕེབས་རྒྱུ་རེད། འདིས་རྒྱ་ནག་གི་སྙིང་ཁམས་སླར་ཡང་དཀྲུགས་རྒྱུ་རེད།

རོའུ་ཊར་གསར་ཁང་གིས་ཕྱི་ཚེས་ ༡༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་ཕྱི་ཟླ་ ༡༡ པའི་ཟླ་མགོ་ཙམ་ལ་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་དུ་ཕེབས་རྒྱུ་ཡིན་འདུག་ལ། འདི་ནི་རྒྱ་ནག་གིས་རྩོད་བཞིན་པའི་ས་ཁོངས་ཤིག་ཡིན།

བཙན་བྱོལ་བོད་གཞུང་གི་སུད་སིའི་སྐུ་ཚབ་འཆི་མེད་ཆོས་སྐྱབས་པ་ལགས་ཀྱིས་རོའུ་ཊར་གསར་ཁང་ལ་བཤད་དོན། ༧གོང་ས་མཆོག་ཕྱི་ཟླ་ ༡༡ པའི་བདུན་ཕྲག་གཉིས་པ་ཙམ་ལ་ཨ་རུ་ན་ཅལ་ནང་ཕེབས་རྒྱུ་ཡིན་ལ། ཁོང་གི་ཆིབས་བསྒྱུར་དེ་ནི་གསུང་ཆོས་ཁོ་ནའི་ཆེད་དུ་ཡིན་སྟབས། ཆབ་སྲིད་ལ་འབྲེལ་བ་ཅི་ཡང་མེད་པར་བཤད།

སྲིད་དོན་དབྱེ་ཞིབ་པ་དག་གིས་བཤད་དོན། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ནང་གི་མོན་རྟ་ཝང་གི་ས་ཁུལ་དེ་རྒྱ་ནག་གི་ས་ཁོངས་ཡིན་པར་བཤད་ཀྱིན་པར་བརྟེན ཐེངས་འདིའི་ཆིབས་བསྒྱུར་ལ་རྒྱ་ནག་གིས་ངོ་རྒོལ་བྱ་ངེས་ལ། ད་སྐབས་རྒྱ་དཀར་ནག་གཉིས་མཐའ་མཚམས་ཀྱི་ས་ཐིག་སྟེང་དཀའ་རྙོག་ཡོང་གི་ཡོད་སྟབས། ཐེངས་འདིའི་ཆིབས་བསྒྱུར་གྱིས་སླར་ཡང་པེ་ཅིན་དང་ལྡི་ལི་གསར་པ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་སྲིད་སྐོར་བཤད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 16

  1. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    བློ་བཟང་ལགས།
    ངས་རྟ་དབང་ཟེར་བ་རེད་བསམས་ནས་ངས་གོང་དུ་དྲི་བ་ཞིག་ཞུས་བ་ཡིན། རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་འདིར་ཕེབས་ནས་འདིའི་ཐད་གང་ཡང་མ་གསུངས་ནས་ཕེབས་འདུག

    Reply
  2. བློ་བཟང༌། says:
    ལོ་ 17 སྔོན།

    འཆི་མེད་རིག་འཛིན་ཆོས་སྐྱབས་པ་སྐུ་སྒེར་ཡིག་ཚང་གི་དབྱིན་དྲུག་ཆེ་རེད།
    སུད་སིའི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ཆོས་སྐྱབས་པ་རེད།

    Reply
  3. བློ་བཟང༌། says:
    ལོ་ 17 སྔོན།

    རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་འམ་མོན་རྟ་དབང༌།
    ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ལྕགས་སྤྲེལ་ (1680) ལོར་མོན་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་དང་མཚོ་སྣའི་ལྡིང་དཔོན་ནམ་མཁའ་འབྲུག་གྲགས་གཉིས་བཏང་ནས་མོན་རྟ་དབང་དགོན་པ་དེ་ཉིད་ཕྱག་བཏབ་ཅེས་དུང་དཀར་ཚིག་མཛོད་དུ་དེ་ལྟར་བཀོད་འདུག་པ་ལས༎ རྟ་ཝང་ཟེར་གྱི་ཡོད་མ་རེད་ལགས།

    Reply
  4. བློ་བཟང༌། says:
    ལོ་ 17 སྔོན།

    སུད་སིའི་སྐུ་ཚབ་འཆི་མེད་ཆོས་སྐྱབས་པ།??????????????????????ཨ་རོ་དུས་བབ་ཚང་འདི་ནོར་ཡོད་ས་རེད་ད།

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གནས་ཚང་ཟེར་བའི་ཇག་ཚང་འདིས་གཡས་སྐོར་གཡོན་སྐོར་ཅི་བྱས་ཀྱང་བརྗོད་བྱ་གཙོ་བོ་གསུམ་དུ་འདུ།
    ༡ བཙན་བྱོལ་བོད་པའི་ནང་ཁུལ་འགལ་བ་གཏོང་རྒྱུ།
    ༢ གཞིས་སྡོད་བོད་མིའི་སེམས་ཤུགས་གཅོག་ཐབས།
    ༣ བོད་རིགས་ཆབ་སྲིད་ལས་འགུལ་བ་སུ་བྱུང་ན་འགོག་རྐྱེན་བཟོ་རྒྱུ།

    Reply
  6. གཅེན་པོ། says:
    ལོ་ 17 སྔོན།

    དཔའ་རྒོད་ཚེ་སྲོག་དགྲ་ཡིས་འཕྲོག་པའི་ཚེ།།
    བྱང་ཆུབ་སེམས་མཆོག་ཟེར་ནས་ཁྲོམ་བསྐོར་རེ།།
    རང་དབང་རང་བདག་གཞན་ལ་ཤོར་བའི་ཚེ།།
    ལས་དང་ལས་དབང་ཟེར་ནས་མར་མེ་རེ།།

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    རྒྱ་མིའི་རིགས་རྒྱུད་ཡིན་ཚད་དབང་འཛིན་མིན།
    བོད་སྲོག་འཕྲོག་མཁན་རྒྱ་ལས་ཡོད་ཚད་མིན།
    བྱང་ཆུབ་སེམས་མཆོག་ནང་བ་ཀུན་ལ་ཡོད།
    ཞི་སྒུག་ཡིན་མིན་གོང་གི་བྱེད་བབས་ཅི།

    Reply
  8. གཅེན་པོ། says:
    ལོ་ 17 སྔོན།

    རྒྱ་གཞུང་དབང་འཛིན་རྒྱ་མིའི་རིགས་རྒྱུད་འཁྲུལ་མེད་རེད།།
    བོད་མིའི་ཚེ་སྲོག་འཕྲོག་མཁན་རྒྱ་རིགས་འཕྲུལ་མེད་རེད།།
    བྱང་ཆུབ་སེམས་མཆོག་འདོན་མཁན་གངས་དཀར་བུ་རྒྱུད་རེད།།
    ཞི་སྒུག་ཞི་འཇམ་ཞི་གྲོས་རེ་སྨོན་བཙན་བྱོལ་བོད་མི་རེད།།

    Reply
  9. གནས་ཚང་། says:
    ལོ་ 17 སྔོན།

    རྒྱ་གཞུང་དབང་སྒྱུར་མཁོ་དུས་ཡིན་ལས་རྒྱ་མི་མིན།
    དྲག་གནོན་རྒྱ་མགོ་བསྒྱུར་བྱེད་ཡིན་ལས་རྒྱ་སེམས་མིན།
    བོད་ལ་བྱམས་བརྩེ་ཡོད་མེད་ཧམ་པར་ལྟོས་དང་གསལ།
    འཛམ་གླིང་འཐབ་རྩོད་ཁྲོད་དུ་འདི་ལས་དམན་པ་སུ།
    ཨ་ཧོ་དྲ་བའི་མགྲོན་དག་འདི་འདྲའི་བླུན་པ་དོན་ཅི།

    Reply
  10. གཅེན་པོ། says:
    ལོ་ 17 སྔོན།

    རྒྱ་མིར་འཁོ་དུས་ཞི་མོལ་འཛུམ་ལྷང་ལྷང་།།
    མི་འཁོ་དྲག་གནོན་མཚོན་ཆ་ཛ་དྲག་དྲག།།
    བོད་པའི་བྱམས་པའི་མཛུམ་མདངས་འོད་ཚེར་ཚེར།།
    འཛམ་གླིང་འཐབས་རྩོད་ཀུན་ལས་འདིར་འགྲན་སུ།།

    Reply
  11. གནས་ཚང་། says:
    ལོ་ 17 སྔོན།

    བོད་རྒྱ་ཞི་མོལ་ཟེར་བ་དེ་འགྲུབ་དགོས་ཀྱི་ཡོད་ན། ཆིབས་བསྒྱུར་འདི་བར་ཆད་ཡིན་མོད། བར་ཆད་ལེགས་ལམ་དུ་ཡོང་བར་བསྐུལ་བའི་མཐའ་མའི་འཕག་འཚག་རེད་ཅེས་བཤད་ཆོག མདོར་ན་སྲིད་དོན་ཟེར་བ་འདི་རྩེད་མོ་ཞིག་རེད་ལ། རྩེད་ཤེས་མཁན་ཡོད་ན་སྐྱིད་པོ་ཞིག་ཀྱང་ཡིན་ངེས། དེ་འདྲ་ཞིག་རེད་དམ་དྲ་བའི་མགྲོན་པོ་ཚོ།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས་ཐེངས་འདིར་༧གོང་ས་མཆོག་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་གནང་བཞིན་པ་དེར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་ཚུལ་བཤད་འདུག ད་དུང་འདི་ནི་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གྱི་ལས་འགུལ་རེད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་ཡུ་ཟེར་བས་བཤད་འདུག་ལ། རྒྱ་ནག་གིས་ཨ་རུ་ན་ཅལ་ཟེར་བ་དེར་བཟུང་བའི་ལངས་ཕྱོགས་ནི་གཅིག་གྱུར་ཡིན། ཏཱ་ལའི་ཡིས་ཨ་རུ་ན་ཅལ་ཟེར་བའི་ས་ཁུལ་དེར་ལྟ་སྐོར་བྱེད་པའི་ཐད་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་རོའུ་ཊར་གསར་ཁང་ལ་བཤད་འདུག

    Reply
  13. ཁ་རུ་ཁ་ཐུག says:
    ལོ་ 17 སྔོན།

    ཉི་འོད་འགོག་ཐུབ་པའི་ནུས་པ་ཞིག་རྒྱ་དམར་པོ་ཡིན་ཡང་མི་སྲིད་དོ།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ༝གོང་ས་མཆོག་གིས་མཛད་འཕྲིན་གང་ནས་བསྐྱང་ན་ང་ཚོས་ཐལ་མོ་སྦྱར་འདི་ང་ཚོའི་ནུས་བ་དང་འཇོན་ཐང་ངོ་མ་རེད།

    Reply
  15. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    རྟ་ཝང་རྟ་ཝང་རེད་རྟ་དབང་རེད། ཚིག་སྒྲུབ་འདི་གདངས་འཐེན་སྟངས་ཀྱི་ཐོག་ནས་དྲི་ཚིག་ལ་འགྲོ་བ་ཞིག་དགོས།

    Reply
  16. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག
    ས་སྟེང་གི་སྐྱབས་མགོན་གོང་མ་ལགས། ད་ནི་ང་ཚོས་མཛད་སྒོའི་བང་རིམ་སྒྲིག་པའི་དུས་ཚོད་མིན་པ་སློབ་སྟོན་གྱི་བཀའ་དྲིན་ཞུ་ནས་ཁོང་ངལ་གསོ་བཅུག་དགོས་པའི་ནམ་དུས་ཡིན།
    ཉིན་མ་བརྒྱ་འདང་པའི་ཁ་ལག་ཞིག་ཉིན་མ་བཅུ་ལ་སྐྱིད་པོ་བཏང་ནས་ཟས་བཞག་ན།
    རེ་ཞིག་ཀླད་མེད་ཚོས་ཞིམ་སྣང་ཤར་ཡང་དོན་དམ་པ་ཉིན་བཅུ་གཅིག་པ་ནས་ཁྱོད་ཚོས་ཅི་ཞིག་བཟའ་ཀྱིན་ཡིན།
    ད་ང་ཚོས་བསམ་བློ་རྒྱང་རིང་ས་ནས་གཏོང་དགོས།
    ཟམ་གདོང་པས།
    བོད་ཡུལ་བསྐྱར་གསོ་བྱུང་ཡང་། ད་རུང་༧གོང་ས་མཆོག་ལོ་བཅོ་ལྔ་ཙམ་ལ་བཞུགས་རྒྱུ་ཡོད་དགོས་གསུངས་པ་འདི་རྒྱུ་མཚན་ཆེན་པོ་མཐོང་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese