མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅོས་མའི་གཡོག་པོ་རང་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁོམ་དུས་ཁོམ་དུས་ཆགས་སྲེད་ཁོ་ནར་འཕྲེང་།།
རིག་དུས་རིག་དུས་སེམས་པ་མོ་ལ་འཁོར།།
དལ་དུས་དལ་དུས་དགོས་མེད་རྙོག་བཤད་བྱེད།།
གསོན་ཡང་གསོན་པའི་ལག་རྗེས་ང་ལ་མེད།།

དྲིན་ཆེན་༧བླ་མ་ཟེར་ནས་ཚིག་འགའ་གླེང་།།
༧བླ་མའི་སྐུ་དཔར་རང་བསྡོད་གང་སར་ཡོད།།
སྐུ་དཔར་མདུན་ནས་བྱ་ངན་སྣ་ཚོགས་བྱེད།།
ང་འདྲའི་མི་ཞིག་སློབ་མར་མི་འཛའ་གི།

རྒྱང་རིང་ཡུལ་དུ་སྒོར་གྱི་བྲན་དུ་འདུར།།
རྒྱུས་ཡོད་ཁ་བ་ཅན་གྱི་རང་དབང་ཆེད།།
གོམ་བཀང་མདུན་སྤོ་ནམ་ཡང་བྱེད་རབས་མེད།།
ང་ནི་བོད་པའི་མི་ལ་མི་རན་གི།

སོང་ས་བསྡད་སར་ཁ་འདི་འདུག་ཚོད་མེད།།
གནས་སར་སྙེགས་སར་ལས་ཤིག་འཁྱོངས་མྱོང་མེད།།
སེམས་ཀྱི་ཤེས་རབ་མར་ངོ་ཟླ་བའི་སྤུན།།
མུན་འཐོམ་རིག་པ་འདི་ལ་ཡར་རྒྱས་མེད།།

རང་ཡུལ་གངས་ཅན་བཞག་ནས་བྱེས་སུ་བྲོས།།
བྱེས་ནས་རང་རིགས་འབོར་ནས་ཕྱི་ལ་ཐོན།།
ཕྱི་ཡི་ཡུལ་དུ་རང་སྐད་སྣ་གཅིག་ཡང་།།
བཤད་ས་མེད་པའི་མི་ང་ཐབས་རེ་སྡུག།

བཙན་པོའི་མཛད་རྗེས་ནམ་ཡང་ཀློག་མ་མྱོང་།།
མེས་པོའི་བླ་མཁར་སྨུག་པོ་མི་མཐོང་སར།།
སེམས་ཀྱི་སྐད་ངག་ཡི་གེ་ཕབ་ན་ཡང་།།
དག་སྡེབ་མེད་པའི་བུ་ང་དུད་འགྲོ་འདྲ།།

ཤེས་པ་ཉུང་ཡང་སྨྲ་སྒོ་ཚོད་མེད་ཅིག།
བྱས་པ་ཉུང་ཡང་ཁ་ཕོ་ཆེ་བ་ང་།།
ལག་ལེན་མེད་སའི་རྒྱལ་ཁབ་གཞན་ཞིག་ནས།།
རང་གི་རང་ལ་ཚུགས་པ་རྒྱུན་དུ་ཟ།།

འདུག་སའི་བསྡོད་ཁང་རིན་མེད་མ་ཡིན་ཡང་།།
འགྲོ་སའི་རླངས་འཁོར་བརྫིག་པོ་རང་ལ་ཡོད།།
དེ་འདྲ་དེས་ཀྱང་བོད་ཞེན་མི་ཡོང་བས།།
དཔལ་འབྱོར་བྲན་གཡོག་ང་ནི་བཅོས་མའི་གཡོག།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. sha tak ri sim says:
    ལོ་ 17 སྔོན།

    གཅེན་ཆུང་རིགས་ལ་ཞེན་པ་དཀར་བ་དང་།།
    པོ་ཏི་བརྩམས་པའི་ལོ་རྒྱུས་མ་ཤེས་ཀྱང་།།
    ཀློག་མཁན་འདྲ་འདྲའི་ནང་གི་མི་འདྲ་བ།།
    སྤུན་ཟླ་སྐུ་ཉིད་ཡིན་པ་ར་ཞིག་སྤྲད།།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    རྭ་བ་ཅན་ལ་བུ་རབས་བྱུང་རབས་ཡོད།།
    ལོ་དང་ཟླ་བའི་ནམ་ཟླའི་གས་ཆག་ཁྲོད།།
    སྐུ་ཉིད་ལྟ་བུ་རེ་ཟུང་བྱུང་བ་ལས།།
    མིག་གི་རིག་སར་མཇལ་རྒྱུ་མེད་པ་སྐྱོ།།

    ལམ་སྟོན་གནང་བ་སེམས་ནས་དགའ་ནི་ཡིན།།
    སེམས་ཀྱི་གཏིང་ནས་གུས་པའི་དྲི་ཞིག་ཡོད།།
    དྲི་ལན་རི་མོའི་ཚུལ་དུ་བཞེངས་རོགས་ཞུ།།
    ད་ལྟ་བྱེས་སུ་སྙན་ངག་འབྲི་མཁན་སུ།།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ཡོན་ཚད་ཤོག་བུའི་ངོས་སུ་མ་འཁྱུགས་གོང་།།
    ཏན་ཏན་ཏིག་ཏིག་གནང་བའི་སྤུན་ཟླ་ལགས།།
    གང་ཁོམ་འདི་རུ་ཕེབས་ནས་ཀློག་པ་པོ།།
    གནང་བ་དེ་ལ་ཡི་རུང་དང་བཅས་མདུད།།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    སྤྲ་ཚོགས་ལྷམ་མེར་བཀྲ་སའི་ཕ་ཡུལ་ནས།།
    དཔལ་དང་འབྱོར་བའི་མ་འཕོང་རིག་གྱི་བུ།།
    ལྡན་མིན་འགྲིན་མིན་བར་གྱི་བྱེས་ཡུལ་ནས།།
    རང་རིགས་བོད་ལ་བཅིངས་པའི་བརྩེ་བ་ཟབ།།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    ཆུ་འཁྱག་འཐུང་ནས་སྐོམ་པ་མ་སྲོད་དུས།།
    ཐིགས་པ་དཀར་པོ་ཕྱི་ལ་འདོན་དུས་སུ།།
    སྔོན་ལས་ཟེར་ནས་ཡིད་འབྱུང་བྱུང་བཏང་ན།།
    མོ་གྱུར་འགྲོ་བའི་དོན་དུ་བསམ་གཞིགས་བྱེད།།

    Reply
  6. tsekyis says:
    ལོ་ 17 སྔོན།

    སྐུ་པར་མདུན་ན་བྱ་ངན་སྣ་ཚོགས་བྱེད།།
    ང་འདྲའི་མི་ཞིག་སློབ་མར་མི་འཛའ་གི།
    སྐུ་པར་མདུན་ན་བྱ་ངན་སྣ་ཚོགས་བྱེད།།
    སྐུ་པར་མདུན་ན་བྱ་ངན་སྣ་ཚོགས་བྱེད།།
    དེ་ཅིས་མི་བདེན།
    ཁྱོད་ཀྱི་ཐུགས་རིས་ལ་དེ་འདྲའི་ངོ་མཚར།།

    Reply
  7. rhaloo says:
    ལོ་ 17 སྔོན།

    དྲིན་ཆེན་པོ། ཚིགས་བཅད་འབྲི་བ་འདི་རྩོམ་ཐབས་སྡུག་ཅག་ཅིག་རེད། དེ་ལ་འབད་པ་མ་བྱེད། དེ་ལས་དེ་རིང་གི་ཧོར་འཇིགས་ཀྱི་འབྲི་སྟངས་དང་ཁང་གསར་གྱི་འབྲི་སྟངས་སོགས་ལ་ལྟོས། གཅོད་མཚམས་རེ་ནས་དོན་དག་གསར་པ་རེ་གླེང་ཡོང་གི་འདུག འདི་དག་ལའང་བསམ་བློ་གཏོང་དགོས་པ་རེད། ཁྱོད་ཀྱི་ཚིགས་བཅད་ཀྱི་གཅོད་མཚམས་རེ་ན་དེ་ཙམ་གྱི་དོན་གྱི་བཅད་པ་མི་འདུག ཚིགས་ཀྱི་བཅད་པ་རེད། གཙོ་བོ་རང་གིས་ལྟོས།
    ང་ཡང་དྲ་ཐོག་འདི་ནས་ཁ་ལས་མི་དགེ་མཁན་གཙོ་བོའི་གྲས་ཤིག་ཡིན། ངས་བོན་རྒྱ་ཡི་དེ་རིང་གི་རྩོམ་ཆད་དག་ལ་ཅིག་བལྟས་པ་ཡིན། ཀུ་རེ་རྐྱང་རྐྱང་བཤད་ཀིན་པ་འདྲ་ཞིག་རེད། ཁོམ་པ་བྱུང་ན་གླེང་གི་ཡིན།

    Reply
  8. l.yonten says:
    ལོ་ 17 སྔོན།

    ཀླགས་ཟིན

    Reply
  9. ngawa_palden says:
    ལོ་ 17 སྔོན།

    ཨ་རོགས་ བོད་ཤ་ཁྲག་རུས་གསུམ་ལགས། ངོ་མ་དེ་འདྲ་སྡུག་ཡུས་ཤིག་
    མ་འདོན་རོགས། སྤྱིར་མི་བུ་དྲང་མོ་ཞིག་གི་བཤད་ན་ཁྱོད་ལྟ་བུ་འ
    ུ་ཚོའི་སྤྱི་ཚོགས་ནང་ལ་མང་གི་ཡ། ད་དུང་ཁྱོད་འོ་ཟི་ཡིན།

    མི་འཇོན་འཇོན་འདོག་བྱེད་པའི་དབང་ཆ་མེད།།
    མི་ཤེས་ཤེས་མདོག་བྱེད་པའི་ཁ་ཕོ་མེད།།
    ཁ་བཤད་མི་རིགས་ཤིག་དང་རྒྱལ་ཁབ་ཅེས།།
    ལྐོག་ངན་སྲིད་ཇུས་འཁྲབ་པའི་འཁྲེལ་མེད་བལྟོས།།

    གོང་གི་མཐོ་ས་བཀའ་ཤག་ཡན་ཆད་ནས།།
    དམའ་མོའི་ལས་ཀ་གཞུང་ཞབས་ཚུན་ཆད་བར།།
    མི་རིགས་ཤིག་དང་བདེ་སྡུག་གླེང་བ་ལས།།
    ཕྱི་རྐང་རིང་མོ་ཨ་རིའི་ཡུལ་ན་ཟགས།།

    ཨོ་ད་དུ་སྙན་ངག་ཟི་ཨེ་རེད། སྣན་ངག་པ་ཟེར་ན་དེ་འདྲ་ཞིག་ཨེ་རེད་ ཧཧ་ ཧཧ་ཧཧ་

    Reply
  10. mekor says:
    ལོ་ 17 སྔོན།

    ལངས་དུས་ལངས་དུས་དགའ་མར་སྟུ་ཞིག་ཐོངས།།
    ཉལ་དུས་ཉལ་དུས་དགའ་བར་འོ་ཞིག་བྱོས།།
    སྐྱོ་དུས་སྐྱོ་དུས་དགའ་མར་སྡུག་ཡུས་སྒྲོགས།།
    འདི་དག་ཕོ་རབས་ཤིག་གི་རྒྱུན་སྤྱོད་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese