མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་རྒན་ང་བོད་པ་ཡིན་པས། རང་གི་བུ་མོ་ལ་བོད་སྐད་སློབས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེང་སང་བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་མི་མི་ཉུང་བ་ཞིག་གིས་རང་རང་གི་བུ་ཕྲུག་དག་གི་མ་འོངས་འབྱུང་འགྱུར་གྱི་འཚོ་བའི་ནང་དུ་བོད་མི་ཞིག་བྱེད་ཐུབ་མིན་དང་། བོད་ཡིག་དང་བོད་སྐད་ལ་མཐོང་ཆེན་བྱེད་དགོས་མིན། དགན་ཞེན་དང་སྤྱོང་བ་བྱེད་དགོས་ཡིན་ཐད་དུ། བོད་ཕྱི་ནས་གཉིས་ཀྱི་གཙོ་བའི་བོད་ཡིག་གི་གསར་ཤོག་དང་རླུང་འཕྲིན་སོགས་སུ་གླེང་ཕྱོགས་ཆེ་རུ་འགྲོ་བཞིན་པ་འདིའི་སྐབས་སུ། བདག་གིས་ཀྱང་རང་གི་བུ་མོ་འདིའི་མ་འོངས་འཚོ་བའི་ནང་དུ། བོད་ཡིག་སློབ་དགོས་ཀྱི་ཡོད་མེད་དང་ཐད་དང་། བོད་ཡིག་གི་འཚོ་བའི་ནང་དུ་དགོས་མཁོ་སྐོང་ཐུབ་མིན་སོགས་ཀྱི་ཕྱོགས་སུ་བསམ་བློ་མང་བོ་ཞིག་བཏང་མྱོང་བ་ཡིན།

དེས་ན་བོད་ནང་དུ་བོད་མི་མི་ཉུང་བ་ཞིག་ཞིག་གིས་རང་གི་བུ་ཕྲུག་དག་ལ་བོད་ཡིག་ལས་རྒྱ་ཡིག་སློབ་དུ་འཇུག་པ། བོད་སྐད་ལས་རྒྱ་སྐད་ལས་རྒྱ་སྐད་བཤད་རྒྱུར་དོ་སྣང་བྱེད་པར་སྐུལ་བཞིན་ཡོད་པ་རེད། མི་དེའི་རིགས་ཀྱི་རང་གི་ཁྱིམ་ཚང་གཅིག་བུའི་ཆེད་དུ་བསམ་པ་ལས། མི་རིགས་ཤིག་འཇིགས་ཉེན་ལ་བསམ་བློ་གཏོང་གི་མེད་ལ། གཏོང་འདོད་ཀྱང་མེད་པ་ཟེར་ནས་ཐག་གཅོད་བྱེད་དཀའ་ན་ཡང་། མི་དེའི་རིགས་ནི་བོད་ཕྱི་ནང་གི་གཙོ་བའི་འཛམ་གླིང་གི་ཡུལ་གྲུ་གང་ཞིག་དུ་གནས་ཡོད་ཀྱང་། རང་ཉིད་བོད་ལ་སྐྱེ་བའི་འགན་མ་འཁུར་བ་རེད་ཟེར་ནས་ཐག་བཅད་ཀྱང་ཧམ་པ་གཏན་ནས་ཆགས་མེད།
ལྷག་པར་དུ་བྱེས་སུ་བོད་མིའི་རིག་གཞུང་མི་བརླག་ཆེད་དུ། ༧གོང་ས་མཆོག་གི་གཙོ་བའི་བོད་མི་རྒན་རབས་པ་མི་ཉུང་བ་ཞིག་གིས་བཀའ་དྲིན་གྱིས། གཞན་གྱི་ས་ཐོག་ལ་སློབ་གྲྭ་དང་དགོན་སྡེ། སྨན་ཁང་དང་ལས་ཁུངས། ཚོགས་པ་སོགས་བོད་རང་གི་མིང་ཐོག་དུ་བསྐྲུན་ཡོད་ཀྱང་། མཛད་རྗེས་དེ་དག་གི་ཤུལ་བཤག་སྐྱོང་མཁན་གྱི་བོད་མི་གཞོན་རབས་པ་དག་གིས། ༧གོང་ས་མཆོག་གི་ཐུགས་དགོང་གི་གཙོ་བའི་བོད་མི་རྒན་རབས་པ་དེ་དག་གི་ཡོད་ཚད་ལ་འཁུར་དུ་ལེན་པ་ལས་ལྡོག་ནས། བོད་གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་སོགས་ཀྱི་ཆ་ཤས་ལེན་མཁན་སུ་ཡིན་ཡང་། ཐོག་མའི་ཆ་རྐྱེན་བོད་ཡིག་གི་ཆུ་ཚད་ལ་བལྟས་དེ་འདེམས་སྒྲིག་བྱེད་ཀྱི་མེད་པར་བརྟེན། གཞུང་ཞབས་དག་གིས་ཀྱང་བོད་ཡིག་གི་དགོས་མཁོ་མེད་པ་ལྟ་བུར་འདོད་དེ། མི་རབས་དེ་དག་གིས་ཀྱང་རང་གི་བུ་ཕྲུག་དག་ལ་བོད་སྐད་ལས་དབྱིན་སྐད་ཧིན་སྐད། སྐད་ཡིག་གཞན་ལ་མཐོང་ཆེན་བྱེད་རྒྱུའི་འགོ་བརྩམས་པ་རེད་ཟེར་ན་ཆོག

དེ་ནས་བཟུང་དེ་བོད་ཡིག་སྤྱོང་དགོས་པར་སྐུལ་བ་ལས་ལྡོག་ནས་དབྱིན་ཡིག་སྤྱོང་ན་དགེ་མཚན་ཆེ་རབས་ཀྱི་གཏམ་ཁོ་ན་གླེང་བ་ལས། བོད་མི་ཡིན་ན་བོད་སྐད་ཤེས་དགོས་པ་དང་བོ་དང་གཞན་སྐད་གཉིས་པ་ཞིག་ཡིན་པ་སོགས་ངོས་འཛིན་བྱེད་ཀྱི་མེད་པའི་རྣམ་པ་དེ་དག ང་རང་བྱེས་སུ་ལོ་ངོ་བཅུ་གསུམ་རིང་དུ་མཐོང་དེ་འོང་བའི་ཆེས་ཡིད་སྐྱོ་བའི་གནས་བབ་དག་ལ་ཕྱིར་དྲན་བྱེད་ཐེངས་རེར། ངའི་རང་གི་བུ་མོ་ལ་བོད་སྐད་སློབ་འདོད་དང་། བོད་ཡིག་སློབ་འདོད་ཀྱི་འདུན་པ་ཤུགས་དུ་ཤར།

རང་ཉིད་ཀྱི་རྨི་ལམ་དུ་ཡང་འཁོར་མ་མྱོང་བའི་རྒྱལ་ཁང་འདི་འདྲ་ཞིག་དུ་བུད་མེད་འདི་འདྲའི་བསམ་ཤེས་ཐུབ་མཁན་དང་སེམས་བཟང་གཤིས་འཇམ་ཞིག་གི་ལྷན་དུ། རང་ཉིད་བུ་མོ་ཞིག་གི་ཕ་རྒན་ཆགས་འགྲོ་བསམ་པ་ན་མེད་ཀྱང་། ད་ནི་ཡོད་པས་མི་ཚད། ཉིན་རེ་ཉིན་རེར་ཆེ་ཇེར་སོང་དུས། ངའི་སེམས་སུ་དགའ་སྐྱོའི་འདྲེས་མའི་ཚོར་བ་ཤུགས་དྲགས་སུ་བཞུར་ནས་འོང་། དེ་དང་ལྷན་དུ་ཕ་རྒན་ང་བོད་པ་ཡིན་པས་བུ་མོ་ཡང་བོད་སྐད་དང་ཤེས་མཁན་ཞིག་ཆགས་མིན་དེ་ནི་ཕ་རྒན་ང་ལ་འགན་ཡོད་སྟབས། ངའི་བུ་མོ་ལ་བོད་སྐད་སློབ་རྒྱུའི་ཐད་དུ། ངའི་དགའ་རོགས་མ་གངས་དཀར་ལྷ་འཚོ་དང་ཁོང་གི་ནང་མི་དག་ལ་ཡང་འདི་ལྟར་བཤད་པ་ཡིན།

ང་བོད་པ་ཡིན་པས་ངའི་བུ་མོ་འདིས་བོད་སྐད་ཤེས་དགོས་ན། ངས་བོད་སྐད་ལས་གཞན་སྐད་ཀྱི་སྟེང་ནས་ཁོ་མོ་ལ་སྐད་ཆ་མི་བཤད་རྒྱུ་དེ་ཡིན་ན། ངས་ད་ནས་བཟུང་རྒྱལ་ཁབ་འདིའི་སྐད་སྤྱང་གི་མིན། ངས་འདི་ནས་སྐད་དག་མ་དག་བཤད་དེ་བུ་མོ་ལ་གོ་བརྡ་འཕྲོད་སྲིད་ཀྱང་། བུ་མོ་འདིས་བོད་སྐད་མ་ཤེས་པ་ཡིན་ན་ང་རང་བོད་པ་ཡིན་པའི་འགན་མ་འཁུར་བ་རེད་ཅེས་བཤད་དུས། ཁོང་ཚོ་ཚང་མ་ཧ་ལས་ཀྱི་འདུག
ཁོ་མོའི་ཕུ་བོས་བདག་ལ། ཁྱེད་རང་རྒྱལ་ཁབ་འདིར་བསྡོད་ཀྱི་ཡོད་སྟབས། རྒྱལ་ཁབ་འདིས་སྐད་ཤེས་དགོས་ཀྱི་ཡོད་ལ། རྒྱལ་ཁབ་འདིར་བོད་སྐད་བེད་སྤྱོད་ཡོད་པ་མ་རེད་ཟེར་བའི་ལན་དུ། རྒྱལ་ཁབ་འདིར་བོད་སྐད་བེད་སྤྱོད་མེད་ཀྱང་། ང་རང་བོད་ཡིན་པའི་བོད་སྐད་བེད་སྤྱོད་ཡོད་པ་དེ་ལྟར་དུ། མ་འོངས་འཚོ་བའི་ནང་དུ་ཐར་མ་མཚོ་ཡང་བོད་དུ་ཏན་ཏན་འགྲོ་ངེས་པ་མ་ཟད། ང་རང་གི་ཕ་མ་དག་དང་འཕྲད་དུས་བོད་སྐད་བཤད་མ་ཤེས་པ་ཡིན་ན་གོ་བརྡ་འཕྲོད་ཀྱི་མེད་ལ། ང་རང་གི་ངོ་ཚ་ཡང་ཡིན།

སྤུན་ཟླ་ཚོ། ཁྱེད་ཅག་གིས་གཟིགས་དང་ཁོང་གི་སྐད་ཆ་དེ་ནི་དངོས་ཡོད་ཆགས་ཡོད་པ་རེད་ལ། རང་གིས་ཀྱང་རྒྱལ་ཁབ་འདིས་སྐད་ཤེས་རྒྱུ་དེ་ནི་འདིར་བསྡོད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད་པ་ཤེས་ཡོད། རེད་དེ། ངའི་བུ་མོ་འདིས་བོད་སྐད་གཙང་མ་ཞིག་ཤེས་རེག་ཉིན། ཕ་རྒན་ལ་ཚུར་བོད་སྐད་ཀྱི་སྟེང་ནས་སློབ་དུས་ངས་སྤྱོང་ངེས་ཡིན།

འཛམ་གླིང་གི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། བོད་པ་མ་ཡིན་པའི་མི་རིགས་ཆེས་མང་བོ་ཞིག་རྒྱལ་ཁབ་འདིས་ནང་དུ་འཛོམ་ཡོད་ལ། ཁོང་ཚོའི་བྱིས་པ་དག་འདི་ནས་སྐྱེ་ཞིང་འདི་ནས་འཚར་བཞིན་ཡོད་ཀྱང་། ཁོང་ཚོས་འཚོ་བའི་དགོས་མཁོ་དང་བསྡོད་ས་འདི་ཆགས་ཡོད་ཀྱང་། བྱིས་པ་དག་ལ་རང་ཉིད་མི་རིགས་གང་ཡིན་ན་མི་རིགས་དེའི་རང་གི་སྐད་ཡིག་ནང་དུ་སློབ་བཞིན་འདུག་ལ། ནང་ནས་རང་སྐད་ལས་གཞན་སྐད་མི་བཤད། དཔེར་ན། ཧྲ་རན་སི། ར་ཤི་ཡ། ཧང་རྒ་རེ་ཡ། སོས་རྡན། ཨེ་རབ་སྤིས་ཡ། ཐེ་ལན་ཀྲི རྒྱ་གར། སོགས་རྒྱལ་ཁབ་གང་ས་ནས་འདུས་པའི་མི་ཡོད་ཀྱང་། ཁོང་ཚོས་ཀྱང་རང་གི་བུ་ཕྲུག་དག་ལ་རང་སྐད་སློབ་པ་ནས་བྱིས་པ་དག་གིས་ཀྱང་རང་མི་རིགས་ཀྱི་སྐད་ཀྱི་སྟེང་ནས་ལན་འདེབས་བྱེད་ཀྱི་ཡོད་པ་མིག་་མཐོང་ལག་ཟིན་བྱུང་བ་ཁ་ཤས་ཤིག་གིས་ལྷག་དུ་རང་གི་བུ་མོ་ལ་བོད་སྐད་སློབ་པའི་སེམས་ཤུགས་སྤར་ནས་འོང་།

ང་ཚོ་བོད་མི་དག་གིས་ནམ་རྒྱུན་དུ་ང་བོད་པ་ཡིན་ཟེར་ཁུལ་བྱེད་ཀྱི་ཡོད་ཀྱང་། གནད་ལ་ཐུག་དུས་རང་གི་བུ་ཕྲུག་དག་གིས་རང་སྐད་མི་ཤེས་པ་ནས་རང་ཡིག་མི་ཤེས་པ་ཞིག་གསོ་སྐྱོང་བྱེད་ཀྱི་འདུག་པ་དེ་དག་ནི། མི་རིགས་རང་ལུགས་ཀྱི་ལྟ་བ་མེད་པ་ནས་འགན་མ་འཁུར་བ་ཞིག་ལས། འཚོ་བའི་དགོས་མཁོ་དང་ཡོད་མེད་གཅིག་བུ་ལ་ཐུག་པ་ཞིག་ཆགས་མེད་པར་བསམ་བཞིན། རང་གི་བུ་མོ་ཟླ་ངོ་གཅིག་ལྷག་ལས་འཇིག་རྟེན་འདིར་སླེབས་ནས་ཕྱིན་མེད་ཀྱང་། ད་ལྟ་ནས་བཟུང་དེ་བོད་སྐད་ལས་གཞན་སྐད་ཐ་རེ་ཐོར་རེ་ཞིག་ཤེས་པ་དེ་དག་གཏན་ནས་ཁོ་མོའི་རྣ་ལམ་དུ་འཇོག་གི་མེད། རྗེས་ཕྱོགས་ཀྱང་གཏན་ནས་འཇོག་གི་མིན།

དེང་སྐབས་མང་བོ་ཞིག་གི་བོད་སྐད་བཤད་པ་དང་བོད་ཡིག་ལ་སློབ་པ་དེ་ནི་འཚོ་བའི་དགོས་མཁོ་དང་ཁེ་ཕན་ཡོད་མེད་གཅིག་བུར་བཤད་ཀྱི་འདུག་ན། དེ་འདྲ་ཁོ་ན་ཞིག་ལས་ང་ཚོའི་བོད་མི་དག་ལ་དགོས་ཀྱི་མེད་ན། ང་ཚོ་བོད་པ་ཡིན་ཟེར་ནས་སྐད་རྒྱག་དགོས་མེད་ལ། བོད་ཡིག་སྤྱོང་དགོས་དོན་ཡང་དེ་བས་ཀྱང་མེད། ད་དུང་། བཙན་བྱོལ་གྱི་བོད་ཁྱིམ་ཟེར་བའི་སློབ་གྲྭ་དགི་འགྲོ་སོང་ཡང་། ༧གོང་ས་མཆོག་གི་གཙོ་བའི་བོད་མི་གནད་ཡོད་དག་གིས་ཁྲག་བརྣག་བསགས་ནས་དཀའ་ལས་རྒྱག་དགོས་མེད་པར། བོད་ཡུལ་ནས་རྒྱ་ཡིག་ཁོ་ན་དང་རྒྱ་སྐད། བྱེས་པ་དང་ཕྱི་རྒྱལ་ཁག་ནས་གཞན་གྱི་སྐད་དང་ཡི་གེ་ཁོ་ན་བསླབ་ན་འགྲིག་ལ། དེ་ལ་སྤྱོང་བ་བྱས་པ་ཡིན་ན་འཚོ་བའི་ཁེ་ཕན་དང་རང་གི་དགོས་མཁོ་ཡང་སྒྲུབ་ཐུབ་ཀྱི་ཡོད།

༧གོང་ས་མཆོག་ལ་དད་པ་ཡོད་ཟེར་ནས་སྐྱག་ལབ་རྒྱག་དགོས་དོན་མེད་ལ། བོད་པ་ཡིན་རྒྱལ་ཁབ་མེད་ཟེར་དགོས་དོན་དེ་བས་ཀྱང་མེད། ནང་བ་ཡིན་ཟེར་ནས་སྟོང་བཤད་དེ་ཚོ་ཡང་གང་ས་ནས་བསྒྲགས་དགོས་དོན་མི་འདུག་སོགས་བསམ་ཞོར་དུ། ངས་རང་ཉིད་བོད་པ་ཞིག་ཡིན་པའི་འགན་འཁུར་དང་རང་ཉིད་བོད་ཀྱི་ཕ་རྒན་ཞིག་ཡིན་པའི་ངོས་ནས་རང་གི་བུ་མོ་འདི་བོད་སྐད་ཤེས་མཁན་ཞིག་དང་བོད་ཡིག་ལ་དགའ་བ་ནས་བོད་མིར་བརྩེ་སེམས་ཡོད་མཁན་ཞིག་ཆགས་འདོད་ཀྱི་རྨི་ལམ་ད་ལྟ་ནས་མགོ་བཙུགས་ཟིན་པ་རེད། གལ་ཏེ། འཆི་བདག་གིས་འཁྲིད་དེ་རྣམ་ཤེས་འདི་མི་ཤེས་ས་དང་རྒྱུས་མངའ་གཏན་ནས་མེད་ས་ཞིག་ལ་བསྐྱེལ་མ་བཏང་བ་ཡིན་ན། ངའི་རང་གི་བུ་མོ་ལ་བོད་སྐད་དང་བོད་ཡིག་སློབ་འདོད་ཡོད། དེ་ནི་འཚོ་བའི་ཁེ་ཕན་དང་གནས་སྐབས་རིང་གི་ཁྱིམ་ཚང་གཅིག་གི་ལྟོ་གོས་ལ་བསམ་ན་ནོར་བ་དེར་ངོས་འཛིན་ཐོབ་བཞིན། བོད་པ་མེད་ས་ཞིག་ནས་བོད་ཡིག་མེད་ས་ཞིག་ནས། ཕ་རྒན་ང་བོད་པ་ཡིན་པས། ངའི་བུ་མོ་ལ་བོད་སྐད་སློབས།

 

ལས་ཞོར་དུ་ཐབ་ཚང་དུ་བོད་ཀྱི་མ་འོངས་པའི་བྱིས་པའི་བསྐོར་ལ་བསམ་བློ་གཏོང་ཞོར་དུ་ཤར་མར་བྲིས།༡༧།༠༩།༠༩

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 38

  1. thupa12 says:
    ལོ་ 16 སྔོན།

    ཡག་པོ་འདུག།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། ཉིད་ཀྱིས་འཛུབ་སྣོན་མི་ཉུང་བ་ཞིག་ལྷག་མ་ཤོར་ཡང་་ཅི་སྐྱོན་ལགས། མ་གཞི་སྐུ་ཉིད་ལྟ་བའི་སྤུན་ཟླ་གསར་བ་མི་ཉུང་བ་ཞིག་བོད་ཀྱི་ཡི་གེ་སྤྱོད་སའི་དྲ་ཚིགས་དག་ལ་ཕེབས་ནས་རང་རིགས་སྤུན་ཟླ་དག་ལ་སྙིང་གཏམ་གླེང་མཁན་ཇེ་མང་དུ་སོང་བ་ཡིན་ན་ནི་ང་ནི་དངོས་ནས་སེམས་གཏིང་ནས་དགའ་བཞིན་ཡོད་ལགས།
    སྐུ་ཉིད་ཀྱིས་རེ་འདོད་ལྟར་བདག་གིས་རྗེས་མ་གཏོགས་ཚང་མ་གསུབ་ཆོག་ལགས།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ལྷག་བསམ་འདི་ཉིད་བོད་ཀྱི་སྤུན་ཟླ་མང་ཤོས་ཤིག་ལ་ཡོད་པ་ཞིག་ལས་ང་རང་ལ་ཐེ་བ་གང་ཡང་ཡོད་ནི་མ་རེད་ལགས། ལྷག་པར་དུ་སྐུ་ཉིད་ལྟ་བུ་སྤུན་ཟླ་མི་ཉུང་བ་ཞིག་ནི་བདག་གི་སེམས་གཏིང་གི་ཟབ་སར་འཛུལ་མཁན་ཆགས་བཞིན་ཡོད་པ་ཡིན་དུས། སྤུན་ཟླ་ཁྱེད་ཅག་གི་ལྷག་བསམ་ནི་ཡར་ངོའི་ཟླ་བཞིན་འཕེལ་གྱི་ཡོད་པ་རེད་ལགས།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    གཉན་མདང་ཕོ་ཉ་ལགས། སྐུ་ཉིད་ཀྱིས་མདུན་ལམ་ཟེར་བ་དེའི་ཕྱོགས་སུ་སྐུ་ཉིད་བསམ་བློ་གཏོང་སྟངས་ག་འདྲ་ཡིན་ལགས། བསམ་ཚུལ་ཐུང་ཐུང་ཞིག་གསུང་ན་འགྲིག་གི་རེད་དམ།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    ཁ་བའི་འདབ་མ་ལགས། དེ་ལྟར་ལོས་ཡིན། ཡིན་ཡང་། དེང་སྐབས་རང་མིས་རང་སྐད་ལ་བདག་པོ་བྱེད་སྟངས་འདིའི་ཐད་དུ་སྐུ་ཉིད་ལ་བསམ་ཚུལ་འདྲ་གསུང་རྒྱུ་མེད་དམ་ལགས།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    འབུར་ཐོ་ལགས། ཉིན་ཤས་རིང་དུ་ཕེབས་མ་ཐུབ་ཀྱང་། ང་རང་ཡང་ཉིན་ཤས་རིང་དུ་གུང་གསེང་དུ་སོང་བ་ཡིན་ལགས། ཕྱིར་འབྱོར་དུས་སྤུན་ཟླ་དག་གཅིག་གཅིག་གཉིས་གཉིས་བྱས་དེ་རང་རང་གི་བསམ་ཚུལ་གསུངས་དུ་ཕེབས་འདུག་པ་དེའི་ནང་དུ་སྐུ་ཉིད་ཀྱང་འདུག་པ་དངོས་ནས་དགའ་ནི་ཡིན་ལགས། རྗེས་ཕྱོགས་ཀྱང་ཁོམ་དུས་སུ་བསྐོར་རེ་བྱེད་རྒྱུ་མ་བརྗེད་ཅིག དེའི་ཞོར་དུ་སེམས་ལ་གང་ཤར་བ་དེ་དག་ཤར་མར་གསུང་རྒྱུར་རེ་བ་ཡོད་ལགས།

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ང་རང་ལ་དེ་འདྲའི་གདེང་འཇོག་བྱེད་རན་ཞིག་དངོས་ནས་ཡོད་པ་མ་རེད་ལགས། སྐུ་ཉིད་གཙོ་བའི་སྤུན་ཟླ་ཚང་མ་ནི་རང་གི་རིགས་ལ་ཤ་ཞེན་དང་སེམས་འཁུར་ཡོད་མཁན་ཤ་སྟག་ཡིན་པར་བདག་ལ་ཡིད་ཆེས་ཡོད་ལགས།

    Reply
  8. sha tak ri sim says:
    ལོ་ 16 སྔོན།

    ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས། དེང་སང་སྐུ་ཉིད་རྒྱལ་ཁབ་གཞན་དུ་ཡོད་ཀྱང་། རང་གི་སྤུན་ཟླ་དག་ལ་སྐུལ་ལོངས་དང་ཟིན་བྲིས་ནང་དུ་མཆན་ཐུང་ཐུང་ཞིག་ལས་མ་བྱུང་རང་། འདི་རུ་ཕེབས་ནས་ཐུགས་སྣང་གནང་བ་དེར་དགའ་ནི་ཡིན་ལགས། ངས་ཀྱང་རང་གི་ཐུབ་ཚོད་ཅིག་ཁ་ཡོད་ལག་ཡོད་ཅིག་བྱེད་ཨེ་ཐུབ་ལྟ་བཞིན་ཡོད་ལགས།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    བསྟན་ཚེ་འཚོ་ལགས། ཉིད་ཀྱིས་ང་རང་ལ་ཐུགས་རྗེ་ཆེ་ཟེར་དགོས་ཀྱི་ཡོད་པ་མ་རེད་ལགས། ལྷག་པར་དུ་བདག་གིས་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། གང་ཡིན་ཟེར་ན་དེང་སང་སྐུ་ཉིད་ལྟ་བུ་བྱེས་སུ་ཡོད་མཁན་གྱི་ཁྲོད་དུ་བོད་པ་རང་གི་སྐད་ཡིག་ལ་དགའ་བ་ནས་རང་གི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཉུང་བ་དེའི་ནང་གི་ཁྱེད་རང་ལ་ངས་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། མ་འོངས་པར་རང་གི་བུ་ཕྲུག་དག་ལ་ཤ་གསེང་རུས་གསེང་དུ་བོད་ལ་ཤ་ཞེན་ཡོད་མཁན་ཞིག་བཟོ་རྒྱུར་འབད་རོགས་ཞུ་ལགས།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    འཕྲིན་ལས་ལགས། ངའི་བུ་མོ་ལས་ཅན་ཞིག་དུ་ངོས་འཛིན་བྱས་པ་ཐུགས་རྗེ་ཆེ་ལགས། རེད་དེ། བུ་མོ་འདི་ལ་རྒྱལ་ཁབ་མེད་པའི་ཕ་ཞིག་ཡོད་སྟབས། འཚར་ལོངས་བྱུང་དེ་འོང་དུས་འདིས་རང་གི་ཕ་རྒན་གྱི་མི་རིགས་འདིའི་བདེ་སྡུག་ལ་འགན་ལེན་བྱེད་པར་སྙིང་སྟོབས་ཤིག་ཡོད་སྲིད་པར་སྨོན། དེའི་ཐད་དུ་བདག་གིས་འབད་བརྩོན་བྱེད་འདོད་ཡོད་པ་འདི་ཉིད་ལམ་ལྷོང་ཡོང་བར་རེ་བ་ཡོད་ཀྱང་། མི་ཚེ་འདི་ནི་རླུང་ནང་གི་མར་མེ་ལྟ་བུ་ཞིག་ཡིན་པས་་་་

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་སྔོན་མོ་ལགས། རྒྱབ་སྐྱོར་གནང་བ་དེ་ནི་དངོས་ནས་སེམས་གཏིང་ནས་དགའ་ནི་ཡིན་ལགས། སྔར་འུ་ཚང་ལ་ལུགས་སྲོལ་མེད་པ་ཞིག་མ་རེད་ཟེར་བ་དེ་ནི་སྔར་འུ་ཚང་གཞན་རིགས་ལ་འབྲེལ་འདྲིས་མེད་པས་ཡིན་ཟེར་ན་འགྲིག་ལ། དེ་དུས་ལུགས་སྲོལ་དེ་དག་དེ་འདྲའི་དགོས་མཁོ་ཆེན་པོ་ཞིག་ཀྱང་ཆགས་མེད། རེད་དེ་དེང་སང་དེ་ལས་བརྒལ་ནས་སྐད་ཡིག་གཉིས་པ་ཞིག་ཤེས་དགོས་པ་དེ་ལྡོག་མེད་ལྟ་བུ་ཆགས་ཡོད་ཁ་རེད་ལགས། དེ་ཡིན་དུས་ཐོག་མར་རང་སྐད་ཡག་པོ་མ་ཤེས་པར་གཞན་སྐད་ཁོ་ན་ལ་གདེང་འཇོག་བྱེད་མཁན་དེ་ནི་མི་རིགས་སུ་ཞིག་ལ་མཚོན་ནས་བཤད་པ་ཡིན་ན། མི་དེ་ནི་མི་རིགས་དེའི་ཞབས་འདྲེན་ཞིག་ལས་གང་ཡང་མིན་ཟེར་ན་འགྲིག་གི་ཡོད་པར་སྙམ་ལགས།

    Reply
  12. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། སྐུ་ཉིད་བདག་གི་ཆེས་སེམས་ཐག་ཉེ་བའི་སྤུན་ཟླ་ཞིག་ཆགས་ཡོད་པ་དེ་ལྟར་དུ་སྐུ་ཉིད་ཀྱིས་ཀྱང་། ཟིན་བྲིས་འདིར་སྔ་གཞུག་བར་གསུམ་ལ་ཕེབས་ནས་བདག་ལ་གྲགས་འགུལ་ཡོད་མེད་ལ་ཡང་ཡང་གསན་གནང་བ་དེར་ཐུགས་རྗེ་ཆེ་ལགས། བདག་ཉིན་མ་འདི་དག་གི་རིང་དུ་རིག་རྒྱུ་མེད་པ་དེ་ནི་གུང་གསེང་དུ་ནུབ་ཕྱོགས་སུ་སོང་དེ་རང་བྱུང་གི་ཁོར་ཡུག་དག་ལ་ལྟ་བསྐོར་ཕྱིན་སྟབས་རེད་ལགས། དེ་མིན་སྐུ་ཉིད་ཀྱིས་བསམ་པ་དེ་ལྟར་དུ་གཏན་ནས་མིན་ལགས། ང་རང་ལ་དུས་ཚོད་གང་ཡོད་དུ་དྲ་ཐོག་འདིར་ཡོང་ནས་སྤུན་ཟླ་ཁྱེད་རང་ལྟ་བུ་དག་ལ་རང་གི་ནང་བསམ་པ་ཅི་དྲན་ཞུ་རྒྱུ་དེ་ནི་བདག་གི་མི་ཚེའི་འདིས་ཆ་ཤས་ཤིག་ལ་གྱུར་ཡོད་ཟེར་ན་མ་ཆོག་པ་མེད་ལགས། སྔར་རྒྱུན་བཞིན་དེ་རིང་ནས་སྐུ་ཉིད་ཁོམ་དུས་ཁོམ་དུས་ཕེབས་རྒྱུ་མ་བརྗེད་རོགས།

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    སྦྲ་དཔལ་ལྡན་ལགས། ཉིད་རང་དེ་ལྟར་དུ་སེམས་ཤུགས་ཆག་ལགས། ང་རང་དང་སྐུ་ཉིད་གཙོ་བའི་བྱེས་སུ་འབྱོར་མཁན་གྱི་སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་ན་ཟུག་དེ་དག་འཁུར་མྱོང་ཡོད་པ་རེད་ལ། ད་ལྟ་ནི་ན་ཟུག་དེ་དག་འཇགས་བྱེད་ཀྱི་སྨན་འཚོལ་བའི་དུས་ལ་སླེབས་ཡོད་དུས་སྐུ་ཉིད་སློབ་གྲྭའི་ཁོར་ཡུག་ཞིག་ན་ཡོད་པ་དེ་ནི་དེ་ལས་ཀྱང་། རྩོད་ལེན་བྱེད་ས་ཆེས་ཡག་པོ་ཞིག་དང་བོད་ཡིག་གི་ཁོར་ཡུག་བསྐྲུན་ས་ནས་ཁོར་ཡུག་ཡོད་ས་ཞིག་ནས་ཇེ་ལེགས་བཏང་བར་སྐུལ་འདེད་དང་རང་གིས་གང་ཤེས་པ་སྤུན་ཟླ་དག་ལ་ལྷག་བསམ་རྣམ་དག་གིས་ཤར་བསྐྱོད་བྱོས་དང་། ད་གཟོད་འུ་ཅག་བོད་པ་ཚང་གི་མ་འོངས་པ་ཞིག་མངོན་དེ་འོང་བར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད་ལགས། དེ་མིན་སྔར་བྱས་དེ་དག་ལ་འཁོན་ལན་ལྟ་བུ་ཞིག་བཟུང་དེ་བསྡད་པ་ཡིན་ན་ནི། གང་ཡང་མི་ཡོང་བར་སྙམ་ལགས། འདི་ནི་བདག་གི་ལྟ་ཚུལ་ཞིག་ལགས།

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    ཨ་ཚོགས་བློ་བྷེ་ལགས། ཉིད་ཀྱིས་བདག་ལ་ཡིད་ཆེས་དེ་འདྲ་ཞིག་གནངས་པ་དེར་ཐུགས་རྗེ་ཆེ་ལགས། ངས་ཀྱང་རང་གིས་ཐུབ་ཚོད་ཅིག་འདུར་ངེས་ཡིན། རེད་དེ། འུ་ཚང་གི་ལུང་རིགས་གན་ན་ང་འདྲ་ཞིག་ཐུབ་ས་མ་རེད་་་་

    Reply
  15. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། ཉིད་ཀྱིས་ང་རང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དགའ་ནི་ཡིན་ལགས། ལྷག་པར་དུ་རིགས་བོད་ལ་སྐྱེ་བའི་ན་ཟུག་འདིས་འུ་ཅག་གིས་གང་ཞིན་འཇོན་མིན་དེ་ལ་ཤུ་རེ་བྱེད་ཡ་་

    Reply
  16. sha tak ri sim says:
    ལོ་ 16 སྔོན།

    གངས་རིའི་གླིང་བུ་ལགས། སྐུ་ཉིད་ཐོག་མར་ཕེབས་ནས་འདི་རུ་གླིང་བུ་སངས་སངས་ཤིག་འབུས་པ་དང་ལྷན་དུ་སྤུན་ཟླ་དག་གཅིག་རྗེས་གཉིས་མཐུད་དུ་འདི་རུ་ཕེབས་ནས་ང་རང་ཉིན་འགའ་ལ་གུང་གསེང་དུ་ནུབ་ཕྱོགས་སུ་བསྐྱོད་རྗེས་ཡང་ཡང་གཏམ་གླེང་མི་ཉུང་བ་ཞིག་འདི་རུ་ཕེབས་པ་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། དེ་རིང་བདག་གུང་གསེང་ནས་ཕྱིར་འབྱོར་མ་ཐག་སྤུན་ཟླ་དག་ལ་ལན་ཞིག་རིམ་བཞིན་ཕུལ་རྒྱུ་ཡིན་ལགས།

    Reply
  17. lha mo says:
    ལོ་ 16 སྔོན།

    མ་རེད། སྒོམ་སྡེ་དོན་གྲུབ་ཀྱིས་ཤོར་དོན། ག་རེ་ག་རེ་ཤོད་ཨེ་ཉན་གི་ར། ཁ་སང་གི་བུ་མོ་དེ་སུ་རེད་ཀོ ཨ་ལ་དོན་གྲུབ་ལགས་རྩེད་མོ་ཡིན་དྲ་ལམ་ཡག་པོ་མེད་ས་ནས་དེ་འདྲ་ཡོང་གི་འདུག ཡིན་ནའང་ལོ་ཁ་ཤས་རྗེས་སུ་བོད་ནང་ལ་དྲ་ལམ་གསར་བ་ཞིག་འགྲུབ་ཨེ་མི་ཡོང་།

    Reply
  18. tashi gonpo says:
    ལོ་ 16 སྔོན།

    ཁྱེད་ལ་ངས་ཡིད་ཆེས་བྱས་ཡོད་ལ།
    ཡིད་ཆེས་དེའང་ཡིད་རངས་བྱས་ནས་ཡོད།
    ད་ཐེངས་ཀྱི་བསམ་དམིགས་དང་མ་འོངས་ཀྱི་ཁ་ཕྱོགས་གང་ལ་བསམ་ཡང་ཡིད་སྨོན་ཡོད།
    དེ་བཞིན་བོད་འདི་ཚཽ་ཚང་མ་འདི་འདྲ་ཞིན་མིན་པ་ཅིས་ལན་ནམ་སྙམ་པ་དེ་རེད།

    Reply
  19. dhondup2009 says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་དགོངས་དག
    འདི་གར་དྲ་ལམ་གྱིས་རྐྱེན་པས་ངས་མང་དག་ཤོར་སོང་འདུག
    དོན་དུ་མཐའ་མ་དེ་ལས་གཞན་རྣམས་འདོར་རོགས་ཞུ།

    Reply
  20. samkhar says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    མཆན་ཟློས་སྐྱོན་ཡོད་པ་རྣམས་དོར་རོགས།
    སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས་ཀྱིས་མཐེབ་མཛུབ་ཐེངས་ལྔ་ཙམ་སྣོན་ཡོད་འདྲ། ནང་དོན་གཅིག་པ་རེད་འདུག

    ད་ལྟ་སྐུ་ཉིད་ལས་བྲེལ་ཧ་ཅང་ཆེན་པོ་ཡོད་པ་རེད་དམ།
    བསེ་རུའི་ཉེ་སར་ཡང་ཡོང་གི་མི་འདུག་ལ། རང་གི་མལ་ཁང་དུ་ཡང་སྙིང་གཏམ་གླེང་བར་ཕེབས་ཀྱི་མི་འདུག་གོ།

    Reply
  21. Dre Sha Zen says:
    ལོ་ 16 སྔོན།

    སྐུ་ཞབས་སྒོམ་སྡེ་དོན་གྲུབ་རྒྱལ་ལགས།་་་་་ལྷག་བསམ་མང་དྲགས་ནས་བསམ་འཆར་གཅིག་གི་ཚབ་ལ་ལྔ་དྲུག་རེ་བཀོད་ནས་སོང་འདུག་་་་ངོ་མ་ལྷག་བསམ་མེ་འབར་འདྲ་ཟེར་བ་དེ་ཁྱེད་རང་རང་རེད།
    བོད་ཤ་ཁྲག་རུས་གསུམ་་དགའ་དྲགས་ནས་སྐྱར་དུ་དེ་འདྲ་ཞིག་འབྲི་ངེས་ཡིན།

    Reply
  22. dhondup2009 says:
    ལོ་ 16 སྔོན།

    དངོས་གནས་འདྲ་ས་མརེད། ཐར་པ་མཚོ་ལ་བསོད་བདེ་འདུག་ག ཨ་ཕ་འདི་འདྲ་བཟང་ནོ་ཞིག ངས་ཡི་རང་ཞུ་སྙིང་ནས་ཡི་རང་ཞུ། ད་ང་ལ་ཡིད་ཆེས་ཤིག་སྐྱེས་སོང་།
    ཐར་པ་མཚོ་ལ་བོད་དྲི་རྣལ་མ་ཞིག་བྲོ་ཡོང་བའི་ཡིད་ཆེས་སྐྱེས་སོང་། དེ་ཡང་ངའི་རྒྱལ་ཁ་རེད་། ཧ་ཅང་མངོན་པ་མི་གསལ་བའི་རྒྱལ་ཁ་རེད་།
    ཡ་ཐར་པ་མཚོ་ལགས་་་
    ཁྱོད་ཀྱི་ཨ་ཕས་ཁྱོད་བལྟས་ནས
    རྨི་ལམ་ཞིག་གི་ཤུལ་ལམ་འགྲིམས་སོང
    དགའ་སྐྱོ་འདྲེས་པའི་ཤུ་རིང་བཏང་སོང
    མི་ཚེ་གཅིག་གི་རྒྱ་ལམ་འཚོལ་སོང
    མི་རིགས་ཤིག་ལ་བསམ་གཞིག་བྱེད་ཀི
    ད་ངོ་མ་ཐར་པ་མཚོ་་་་་
    ཁོང་གི་རྨི་ལམ་དེ་མངོན་འགྱུར་ཡོང་བར
    ཁོང་ཤུ་རིང་ལ་དོན་སྙིང་ལྡན་པར
    དེའི་སླད་་་་དེའི་ཆེད་་་་དེའི་དོན
    ཁྱོད་བདེ་བླག་ངང་འཚར་ལོང་ཡོང་བར་སྨོན
    ཁྱོད་་་་་ཁྱོད་་་་་་་་་་་་་་ད་དུང་ཁྱོད་་་་་་་་་་་་་་་་
    སྒོ་སྡེ་ང་ཡི་སྨོན་འདི་འགྲུབ་ཤོག

    Reply
  23. samkhar says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ཉིན་ཤས་མ་མཇལ་བས།།
    དེ་རིང་ཟིན་བྲིས་དོ་རར་ཐུན་གཅིག་སླེབས།།
    སྙིང་གཏམ་ལྷུག་པོར་སྨྲ་བའི་སྐབས་མེད་ཀྱང་།།
    སེམས་དང་སེམས་པ་འབྲེལ་བས་བཟོད་ཐབས་ཅི།།

    ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
    བློ་ཕམ་སྡུག་སྐད་རྒྱག་མཁན་ཇེ་མང་རེད།།
    སྤྱི་འཐུས་སྤྱི་འཐུས་ཟེར་མཁན་ཇེ་མང་རེད།།
    ཞབས་འདྲེན་ཞབས་འདྲེན་ཟེར་མཁན་ཇེ་མང་རེད།།

    ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
    ཆོལ་ཁ་ཆོལ་ཁ་ཟེར་མཁན་ཇེ་མང་རེད།།
    འདིས་འགྲིག་མི་འགྲིག་ཟེར་མཁན་ཇེ་མང་རེད།།
    འདི་བདེན་དེ་རྫུན་ཟེར་མཁན་ཇེ་མང་རེད།།

    ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
    མ་བྱུང་མ་བྱུང་ཟེར་མཁན་ཇེ་མང་རེད།།
    འུ་ཐུག་འུ་ཐུག་ཟེར་མཁན་ཇེ་མང་རེད།།
    ཅི་དྲག་གང་དྲག་ཟེར་མཁན་ཇེ་མང་རེད།།

    ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
    སྙིང་རླུང་སྟོད་ལ་འཚང་བའི་ནད་པ་མང་།།
    དུག་གསུམ་དུག་གིས་མྱོས་པའི་ནད་པ་མང་།།
    སྨན་པའི་རྒྱལ་པོས་བཅོས་ཐབས་ཡོད་དམ་ཅི།།

    ད་ནི་ཆོལ་ཁ་ཟེར་བའི་མིང་བྱང་འོག།
    རྣམ་རྟོག་ཁྲི་མ་འབུམ་གྱི་དུག་རྫས་ཀྱིས།།
    དམ་ཚིག་འོ་ཆུ་ལྟར་འདྲེས་བོད་འབངས་ཚོའི།།
    སྙིང་ཁམས་གས་སུ་བཅུག་ན་ཀྱེ་མ་ཧུད།།

    ད་ནི་དྲ་རྒྱའི་དྲ་གྲོགས་དཔྱོད་ལྡན་ཚོས།།
    མི་རིགས་བླ་སྲོག་འཇིགས་པའི་ནད་ཡམས་དེར།།
    སྙིང་གི་དགྲ་བཞིན་ཐུགས་གཟབ་མ་གནང་ན།།
    གདོང་དམར་བོད་པ་རྨེག་མེད་གཞོམ་པའི་ཉེན།།

    Reply
  24. Dre Sha Zen says:
    ལོ་ 16 སྔོན།

    ལྷག་བསམ་་གཙང་མ་རེད་འདུག
    ཐུགས་རྗེ་ཆེ།་

    Reply
  25. tashi gonpo says:
    ལོ་ 16 སྔོན།

    བོད་པས་བོད་ཡིག་ལ་དོ་སྣང་བྱས་ན་མདུན་ལམ་མེད་པས་དེ་སྦྱོང་ནས་དཀའ་ངལ་སེལ་མ་ཐུབ་ན་སྡུག་གྱོང་རེད་ལབ་འདུག་ག
    འདི་གཞན་གྱི་བསམ་ཚུལ་དང་ཟིན་བྲིས་རེད་་་

    Reply
  26. snowflake says:
    ལོ་ 16 སྔོན།

    བོད་པས་བོད་ཡིག་ལ་དོ་སྣང་སྤྲོད་དགོས་པ་ནི་རང་འགན་ཞིག་རེད་ལགས།

    Reply
  27. lobsang ngodup says:
    ལོ་ 16 སྔོན།

    ང་ཚོའི་བོད་པའི་སྤྱི་ཚོགས་ནང་། འདི་འདྲའི་རིགས་ག་ཚོད་མང་པ་དེའི་ཚོད་ཀྱིས་གྲུབ་འབྲས་མི་དམན་པ་ཞིག་སྦྱིན་ཐུབ།

    Reply
  28. lha mo says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས། ང་ཁྱོད་ཀྱི་ནང་ལ་ཉིན་ཤས་རིང་ཡོང་ཐུབ་མ་སོང་། ཡིན་ནའང་། ཉིན་རེ་བཞིན་ཁྱོད་ཧ་ཅང་དྲན་སོང་། ཁྱོད་ཀྱིས་སྤོབས་པ་དང་ནུས་ཤུགས་ཆེ་རུ་སོང་ཡོད་པར་གུས་པས་དགའ་བསུ་ཞུ།

    Reply
  29. tsekyis says:
    ལོ་ 16 སྔོན།

    གངས་ཅན་པའི་རུས་རྒྱུད་འཁྲུལ་མེད་ལགས། ཁྱེད་དང་ཁྱེད་འདྲ་བའི་ཨ་ཕ་མང་པོ་ཞིག་ཡོད་ན་ད་བཟོད་གངས་ཅན་པའི་ཕ་སྐད་ཉམས་མི་སྲིད་ལ་ས་ཡ་དྲུག་པོ་གོ་བརྡ་ལེགས་པར་འཕྲོད་ངེས་ལགས།།

    Reply
  30. chokey says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་བཀྲིས་བདེ་ལེགས།
    དེང་སྐབས་ང་རང་རྒྱ་གར་ནང་མེད་པས་ཟིན་བྲིས་དག་ལ་མཆན་བཀོད་ཐུབ་མ་སོང་།
    ཉིད་ཀྱི་ཀུན་སྤྱོད་དང་བསམ་བློར་རྒྱབ་བསྐྱོར་ཡོད་ལགས། དེ་བས་ཁ་བཤད་ལག་ལེན་ཐུབ་པའི་རེ་བའང་ཡོད།
    རྗེས་ནས་མཇལ་ཡོང་།་

    Reply
  31. Tentsetso says:
    ལོ་ 16 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་ཀྱིས་མཐོ་རུ་བཏེགས་པའི་ཀུན་སྤྱོད་དེས་ང་དགའ་དྲགས་ནས་ཅི་ཞིག་ལབ་དགོས་པའང་དྲན་མ་བྱུང་། གཙོ་ཆེར་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ། རང་ཉིད་ཀྱི་བུ་མོ་ལ་དེ་ལྟ་བུའི་ཐུགས་ཁུར་གནང་བ་དེའི་ཆེད་དུ་ཡིན། དངོས་ཡོད་ཐོག་ཕ་མ་ཚང་མ་དེ་འདྲ་ཞིག་ཡིན་མོད། ང་རང་སྐྱེས་ལུས་མོ་ཞིག་ཡིན་པའི་ཆ་ནས་ཡིན།

    Reply
  32. thinley says:
    ལོ་ 16 སྔོན།

    ཨ་ཙི་་་་རིང་བོ་ཞེ་དྲགས་འདུག
    ཀློག་ཚར་རྒྱུ་ཁག་ཙམ་བྱུང་།

    ཁྱེད་ཀྱི་སྒྲུང་འདི་ཕྱོགས་གཅིག་ནས་ཡིད་སྐྱོ་བ་ཞིག་རེད་ལ། ཕྱོགས་གཅིག་ནས་དགའ་འོས་པ་ཞིག་ཀྱང་རེད། ངས་འདི་ལྟར་བཤད་འདོད་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཁྱོའི་བུ་མོས་མ་འོངས་པར་སྐད་གཉིས་རང་བཞིན་གྱིས་ཕ་སྐད་ལྟར་ཤེས་ངེས་པ་དེ་རེད། སྐད་གཉིས་པ་ཞིག་ཡག་པོ་སྦྱོང་དགོས་ན་མ་མཐར་ཡང་ལོ་ངོ་བཞི་གཏང་དགོས་པ་ཡིན། དེར་བརྟེན་ཁྱོའི་བུ་མོ་ལས་ཅན་ཞིག་རེད་ཅེས་བཤད་ཆོག

    ཨ་ཕ་ཡག་པོ་ཞིག་བྱོས་ཨ་་་

    Reply
  33. mekor says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་རེད། མི་སུ་ཡིན་ཡང་རང་གི་མི་རིགས་ཀྱི་སྐད་ཡིག་གཞིར་བཞག་ནས་གཞན་སྐད་རྗེས་ནས་སྦྱང་དགོས་མོད། སྔར་འུ་ཚང་ལ་དེའི་ལུགས་སྲོལ་མེད་ནའང་མི་རབས་གསར་པ་ཚོས་ལུགས་སྲོལ་འདི་གཞིར་བཞག་ནས་འགྲོ་རྒྱུའི་རེ་བ་ཡོད།

    Reply
  34. samkhar says:
    ལོ་ 16 སྔོན།

    ཕྱི་དྲོ་ཞིབ་པར་བཀླག་ཆོག

    Reply
  35. ngawa_palden says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ངོ་མ་ཉིད་ཀྱི་བསམ་ཚུལ་དེ་འདྲས་བདག་གི་མི་ཚེར་ཕོགས་གཏུགས་གང་མང་བཏང་མྱོང་། ངས་ཁྱོད་ལ་སྒྲུང་ཞིག་བཤད་ལ་སྒྲུང་འདི་བདག་གི་ཉམས་མྱོང་ལས་ཡོང་ནི་ཞིག་ཡིན། ང་ལ་མཚོན་ན་ཆུང་ཆུང་ཡིན་དུས་ནས་སློབ་གྲྭ་འགྲོ་མྱོང་ལ་ད་ལྟའང་འགྲོ་གི་ཡོད། སྔོན་མ་ང་སློབ་ཆུང་ལ་འགྲོ་དུས་ངའི་སློབ་གྲྭའི་ནང་དུ་སློབ་མ་ཉིས་བརྒྱ་ལྷག་ཡོད་ལ་སློབ་གྲྭ་ཁྱོན་ཡོང་ནས་བདག་སློབ་སྦྱོང་དང་སྦྱང་འབྲས་གང་གི་ཐད་ནས་སློབ་མ་གཞན་གྱི་མིག་དཔེ་བལྟ་ས་ཞིག་ཏུ་ཆགས་ཡོད་ལ་བཟང་བོ་གསུམ་ལྡན་གྱི་གཟེང་རྟགས་དང་ཡིག་རྒྱུགས་ཀྱི་གྲུབ་འབྲས་སོགས་ཀྱི་རག་ཉིད་ཀྱིས་རང་ཉིད་ལ་མ་འོང་བ་བོད་ཡིག་ཚད་ལྡན་ཞིག་ཆགས་ནས་བོད་ལ་ཞབས་ཞུ་ཞུག་སྒྲུབ་དགོས་ཞེས་པའི་དམ་བཅའ་བྲག་རིལས་བརྟན། རྗེས་ནས་གྲོགས་པོ་རེ་ཟུང་གིས་གླེང་ན་རྒྱ་གར་ལ་༧་རྒྱལ་བ་རིན་པོ་ཆེས་བཙུགས་པའི་སླབ་གྲྭ་མང་བོ་ཡོད་པ་མ་ཟད། བོད་ཡིག་སྦྱང་ས་ཚད་ལྡན་ཡོད་རེད་ཅེས་པའི་གཏམ་དེས་བདག་རྒྱ་གར་ལ་ཡོང་ནས་སློབ་གྲྭ་འགྲོ་མྱོང་ལ་སློབ་གྲྭ་གང་དུ་སོང་ཡང་བོད་ཡིག་ལ་མདུན་ལམ་མེད་པས་བདག་ལའང་རང་བཞིན་གྱི་བོད་ཡིག་ཐོག་ལ་དོ་སྣང་ཆུང་རུ་འགྲོ་སོང་། ད་དུང་དགེ་རྒན་དང་སློབ་གྲོགས་ཚང་མས་བོད་ཡིག་གལ་ཆེན་ཡིན་རབས་མེད་ལ་དབྱིན་ཡིག་དང་ཧིན་རྡི་མ་གཏོགས་བོད་ཡིག་རང་གི་སྐད་ཡིག་ཡིན་པ་བརྗེད་སོང་པ་འདྲ། གྲོགས་ཤ་ཁྲག་རུས་གསུམ་ལགས། སྒྲུང་ཐུང་འདི་ང་མི་གང་ཟག་སྒེར་བ་ཞིག་གི་ལོ་རྒྱུས་ཡིན་དུས་ང་དང་ང་འདྲ་བས་སྤྱི་ཚོགས་ལ་གདུང་ཐུག་རྒྱག་མ་ཐུབ་པ་ག་ཚོད་ཡོད་རེད། ངོ་མ་འི་ཚོའི་སྤྱི་ཚོགས་ལ་བོད་ཡིག་གི་ཆེད་ལས་མི་སྣས་གོ་ས་ཞིག་འཛིན་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

    Reply
  36. atsoklobei says:
    ལོ་ 16 སྔོན།

    ཤ་ཁྲག་ལགས། ང་ཚོར”ཕ་བཟང་གི་བུ་ར། གཡག་ཆེན་གྱི་ཀོ”ཞེས་བཤད་སྲོལ་ཡོད་པ་བཞིན་ཁྱེད་ཀྱི་བུ་མོའང་ཁྱེད་རང་ནང་བཞིན་ཞིག་བཟོ་བའི་ཡིད་ཆེས་ཡོད། ལུང་རིགས་ལ་ཁྱེད་ཀྱིས་སློབ་གསོ་ཞིག་ཐོངས་མ་གཏོགས་གན་གིས་ཅིག་གི་ཁ་ཉན་རྒྱུ་ཡིན་ཁ་ཟིག་རེད། ཧ ཧ ཧ།

    Reply
  37. Baichung says:
    ལོ་ 16 སྔོན།

    ནོར་ཡོད་ནི་མ་རེད་ཕ་བཟང་གི་བུ་བོད་ཡིག་ཡག་པོ་ཞིག་ཤེས་ན། དིའི་ཧེ་ལོ་པེ་པེ་ད་ལས་སླ་བོ་རེད།

    Reply
  38. ajamyang says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་སོན་རྩ་་བོད་མི་རིགས་ཀྱི་རྒྱུད་འཛིན་པ་དག་གི་ཁ་ཕྱོགས་དང་དམིགས་ཡུལ་མ་ནོར་དང་མ་འཆུགས་པ་ཞིག་བཟོ་རྒྱུ་དེ་བུ་ཕྲུག་དག་གི་ཕ་མའི་འོས་
    གན་ཆེས་ཤོས་དེ་ཡིན་པ་རེད།དེ་བས་ཤ་ཁྲག་ཁྱེད་ཀྱི་ཕ་མ་ཞིག་གི་འོས་འགན་ལ་ངེས་ཤེས་རྙེད་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese