མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རིགས་འགར་སྟངས་ཤིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

སེམས་ནི་རང་ཉིད་ལ་འདུ་སྤྱོང་སྤྲོད་མཁན་གྱི་སློབ་དཔོན་ཐོག་མ་དང་རང་ཉིད་ལ་མནར་གཅོད་ཚད་མེད་གཏོང་མཁན་གྱི་འཆི་ཁ་མ་དེའི་སྔོན་འགྲོ་ལྟ་བུ་ཞིག་ཆགས་ཡོད་པ་ཡིན།

མི་ནི་འདི་ལ་དུངས་ཤ་ཅན་ཞིག་དུ་ཆགས་པའི་ཉིན་མ་དང་བོ་དེ་ནི་ལུས་ཕུང་འདི་མི་ཡུལ་དུ་ཐོག་མར་སླེབས་དུས་ནས་མགོ་བཙུགས་པར་བཤད་ཆོག་པར་མི་ཁ་མང་བོ་ཞིག་ཁ་གཅིག་གྲགས་རེད།

ཡུལ་དུས་ཀྱི་དབང་གིས་མི་ལ་ཡང་དེ་མཚུངས་ཀྱི་བདེན་ལུགས་རེ་དང་གོམ་གཤིས་ཤིག་ཆགས་ཉིན་ནས་བཟུང་དེ། རིགས་སུ་འགར་བའི་ཚོར་བ་ཕྱོགས་རུས་པ་དེ་བྱུང་བ་ཡིན་ལ། དེ་དུས་ནས་བཟུང་དེ། མི་རྣམས་ཀྱི་རང་གི་རིགས་ཟེར་ནས་འགྲོ་ལམ་དོགས་པོ་ཞིག་བསྐྲུན་པ་རེད།

འདི་ལ་འཐམ་མཁན་དག་ནི་རིགས་ཞེན་ཅན་གྱི་དྭངས་མར་འབོད་ཀྱི་ཡོད་ལ། མི་དག་གིས་ཀྱང་དེ་དག་ལ་བཀུར་བསྟུ་དང་དགའ་ཞེན་བྱེད་དོན་ཡང་གོང་གི་རྒྱུ་མཚན་དེ་ལས་གཞན་གང་ཡང་རྙེད་མྱོང་མེད་ཀྱང་། དེ་ནི་མི་རྣམས་ཀྱི་རིགས་ཀྱི་འགན་སྲུུང་ཁོ་ན་བྱེད་བསྐྱེད་ཞིག་ལས་མིའི་རིགས་ཀྱི་གཙོ་བའི་ཚེ་སྲོག་གི་རྣམ་ཤེས་ཤིག་ཡོད་མཁན་ཚང་མ་ལ་འདྲ་མཚུངས་ཀྱི་ལྟ་ཚུལ་དངོས་ཤིག་སེམས་རྒྱུད་དུ་བསྐྲུན་མ་ཐུབ་པ་རེད།

༡༨།༠༩།༠༩ནུབ་ཕྱོགས་ཀྱི་གུང་གསེང་གི་མཚན་མོ་དེར།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 18

  1. samkhar says:
    ལོ་ 14 སྔོན།

    ཆབ་ཅིག ཆབས་ཅིག
    མདངས་ལ་ཁུ། མདངས་ལ་འཁུ།

    Reply
  2. tsekyis says:
    ལོ་ 14 སྔོན།

    རིགས་ཞེན་དཀར་བ་ག་བུར་མདངས་ལ་ཁུ།།
    ལ་རྒྱ་ཟབ་པ་མཐའ་ཡས་རྒྱ་མཚོའི་ཟླ།།
    ཕ་སྐད་སྙན་མོ་གླུ་མ་ལྷ་སྐྱིད་འདྲ།།
    དེ་འདྲའི་གྲོགས་ཤིག་ཡོད་པའི་དུས་བབས་སྨོན།།

    Reply
  3. sha tak ri sim says:
    ལོ་ 14 སྔོན།

    བསེ་རུ་ལགས། ཉིད་ཀྱིས་བདག་ལ་སེམས་འཁུར་ཚད་མེད་གནང་བ་དང་ཆབ་ཅིག རིགས་ཞེན་གྱི་དྲི་མ་མེད་པའི་ལག་ལེན་གྱི་གོ་བརྡ་སྤྲོད་ལུགས་འདི་དག་གིས་ང་རང་གཙོ་བའི་དྲ་ཐོག་གི་སྤུན་ཟླ་ཡོངས་ལ་ཕན་ངེས་པ་ནི། སྤུན་ཟླ་མི་ཉུང་བ་ཞིག་གིས་ཉིད་ལ་རེ་བཞག་བཅིངས་ཡོད་པ་དེའི་ནང་དུ་དུས་རྟག་དུ་ང་རང་ཡང་ཡོད་པ་ཐུགས་ནས་འདོར་མི་རུང་ལགས།

    Reply
  4. sha tak ri sim says:
    ལོ་ 14 སྔོན།

    སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། ཉིད་ཀྱིས་བདག་གིས་དྲིས་པའི་ལན་དང་། གོ་ནོར་ཐེབས་འདུག་ཟེར་བ་དེར་རང་གིས་རང་ལ་ངོ་གནོང་མི་དགོས་པའི་གསུངས་དྲོན་མོ་དེ་དག་བདག་གིས་ཞིབ་དུ་བཀླགས་ཟིན་པ་ཡིན་ལ། ཉིད་ཀྱིས་བསམ་ཚུལ་དེ་དག་ལ་ཡང་བདག་གིས་གཅིག་མཚུངས་ཀྱིས་རྒྱབ་སྐྱོར་དང་མོས་མཐུན་ཡོད་ལགས། སྐུ་ཉིད་ཀྱིས་དཀའ་ཚེགས་ལ་མ་འཛེམ་པར་དམིགས་བསལ་གྱིས་དུས་ཚོད་བཏང་དེ་བདག་ལ་ལན་གསལ་དག་གཅིག་གནངས་པ་དེ་ནི་དངོས་ནས་སེམས་གཏིང་ནས་དགའ་ནི་ཡིན་ལགས། རྗེས་ཕྱོགས་ཀྱང་བསམ་ཚུལ་ལྷུག་པོར་གནང་རྒྱུར་རེ་བ་ཡོད་ལགས།

    Reply
  5. samkhar says:
    ལོ་ 14 སྔོན།

    རིགས་འགར་སྟངས་ཤིག རིགས་དགར་སྟངས་ཤིག

    དགར་བྱ། འགེར་བྱེད། བཀར། ཁོརད།
    གོང་གི་དགར་སྟངས་ཞེས་པ་ནི་བྱ་ཚིག་མ་འོངས་པ་ནས་གྲུབ་པའི་མིང་ཚིག་རེད།

    དུས་མ་འོངས་པ་ནས་གྲུབ་པའི་མིང་ཚིག་སྟེ།
    དགར་བ།
    དགར་སྡུད།
    དགར་སྟངས།
    དགར་ཆོས།
    དགར་གཞི།

    ད་དུང་རྗེས་སུ་འདི་རིགས་ནས་འཕྲོས་ཏེ་གླེང་ཆོག

    Reply
  6. dhondup2009 says:
    ལོ་ 14 སྔོན།

    དྲ་གྲོགས་ལགས་ང་གོ་ནོར་ཐེབས་པར་སྙིང་ཐག་པ་ནས་དགོངས་སེལ་ཞུ། ངས་རང་ཉིད་གོ་ནོར་ཐེབས་ཡོད་པ་མཐོང་དུས་ད་གཟོད་ངས་ཁྱེད་ཀྱི་རྩོམ་དེ་ཡག་པོ་བཀླགས་ཐུབ་མེད་པའི་ཚོར་སྣང་ཞིག་སྐྱེས་སོང་།
    སློབ་སྦྱོང་ཆུ་ཚད་ཀྱི་ཆ་ནས་བཤད་ན་ང་ནི་རང་གི་རང་ལ་གདེངས་ཚོད་གཏན་ནས་མེད་མཁན་ཞིག་ཡིན། ཡིན་ནའང་ངས་རང་གིས་གང་བསམ་པ་དེ་བཤད་རྐྱང་བྱེད་ཀྱིན་ཡོད་ལ་ངས་བཤད་པ་དེར་ནོར་འཁྲུག་མི་ཉུང་བ་ཡོད་པའང་རྟག་པར་དྲན་གྱི་ཡོད། ངས་གང་བཤད་པ་དེར་གཞན་ཞིག་གིས་ལྷག་བསམ་གྱི་སྒོ་ནས་སྐྱོན་འཛུག་བྱས་འོང་ན་ངས་དེ་ལ་སྙིང་ནས་དགའ་བའི་ཡི་རང་བྱེད་ཀྱི་ཡོད།
    དེ་ནི་ངའི་གཤིས་ཀ་ཡིན། རིགས་ཞེན། ངར་འཛིན། མི་རིགས་རང་ལུགས་ཀྱི་ལྟ་བ་་་་་་་འོ་རེད་འདི་གསུམ་ལ་ཁྱད་པར་ཆེན་པོ་མཐོང་གི ངར་འཛིན་ནི་གཞན་འཛིན་ལས་ཐ་དད་པའི་འཛིན་སྟངས་ངར་ལྷང་ངེ་བ་ཞིག་ཡིན་ལ་རིགས་ཞེན་ནི་རང་ཉིད་གཙོར་བྱས་པའི་རང་ཕྱོགས་ཀྱི་མི་དང་བྱ་དངོས་གང་ཡིན་ཡང་དེ་ལ་འཁྲེང་བའི་འཁྲེང་སེམས་ཤིག་རེད་། མི་རིགས་རང་གི་ལྟ་བ་ཟེར་ན་ཕལ་ཆེར་མི་རིགས་རང་ཉིད་ཀྱི་ཐུན་མིན་རིག་གནས་ཀྱིས་མི་རིགས་རང་ཉིད་ཐུན་མོངས་ལ་བཞག་པའི་བག་ཆགས་སམ་བསམ་བློའི་འཁྱེར་སོ་ཞིག་ལ་གོ་བ་རེད་བསམ། ད་དུང་ངར་འཛིན་དང་ཁྱོད་འཛིན་བལྟོས་གྲུབ་བམ་རྟེན་འབྱུང་ཡིན་པར་བཤད་དུས་ཁྱེད་ཀྱིས་ཁ་ཐུག་ཆོས་ཕྱོགས་ལ་གོ་བ་བླངས་སོང་འདུག རྟེན་འབྱུང་ངམ་བལྟོས་གྲུབ་ཀྱི་རྣམ་གཞག་ནི་ཆོས་ཕྱོགས་ཁོ་ནའི་སྐད་ཆ་གཏན་ནས་མ་རེད་སྙམ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་འབྱུང་ཡིན་པའི་དབང་གིས་རྣམ་གཞག་འདི་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་བཤད་ཀྱང་ཧ་ཅང་མཁོ་བའི་རྣམ་གཞག་ཅིག་རེད་། ཁྱེད་ཀྱིས་དོ་སྣང་བྱུང་སོང་ངམ། མི་མང་པོ་ཞིག་གིས་དབུ་མའི་ལམ་ཞེས་བཤད་དུས་ཆོས་ཕྱོགས་ཀྱི་སྐད་ཆ་ཞིག་ལ་ལམ་སང་གོ་འགྲོ་གི་འདུག རེད་དབུ་མའི་ལམ་གྱི་རྣམ་གཞག་དང་པོར་ནང་པའི་ལྟ་གྲུབ་ཀྱི་ནང་བཤད་ཡོང་བ་རེད་། འོན་ཀྱང་དེའི་དོན་ལ་བསམས་ན་ད་གཟོད་རྣམ་གཞག་འདིས་ཆོས་དང་འཇིག་རྟེན་གང་གི་ཆ་ལའང་ཤིན་ཏུ་མཁོ་བ་ཞིག་རེད་། ཁྱེད་ཀྱིས་མཁྱེན་གསལ་རེད་། དབུ་མ་ཞེས་པའི་གོ་དོན་ནི་དབུས་མའམ་དཀྱིལ་མ་རེད་། འོན་ན་དབུས་མའམ་དཀྱིལ་མས་ཆོས་དང་འཇིག་རྟེན་གཉིས་ཆར་ཇི་ལྟར་མཁོ་བ་རེད་ཟེར་ན་ཆོས་ཕྱོགས་ནས་བཤད་ན་མཐའ་གང་དུའང་མི་འཛིན་པར་དབུ་མའི་ལྟ་བ་རྒྱུད་ལ་སྐྱེ་དགོས་ལ། ང་ཚོ་འཇིག་རྟེན་པའི་ཆ་ནས་བཤད་ན་དབུ་མའི་ལྟ་བ་ནི་རང་གཞན་གཉིས་ཀར་གྱོང་མེད་པའི་བྱ་སྤྱོད་ཅིག་ལ་གོ་བས་དེ་ལྟ་བུའི་བྱ་སྤྱོད་ནི་འཇིག་རྟེན་ལུགས་དང་མཐུན་པའི་བྱ་སྤྱོད་ཡང་དག་པ་ཞིག་ཡིན་ཙང་དབུ་མ་ནི་འཇིག་རྟེན་ལ་ཡང་མཁོ་བ་རེད་། དེ་དང་གཅིག་མཚུངས་ལྟོས་གྲུབ་བམ་རྟེན་འབྱུང་གི་ལྟ་བ་དང་དེའི་རྣམ་གཞག་རྣམས་ཀྱང་འཇིག་རྟེན་འབྲལ་ཐབས་མེད་པ་ཞིག་རེད་། དེས་ན་རྟེན་འབྱུང་གི་རྣམ་གཞག་བྱས་པ་ཙམ་གྱིས་ངར་འཛིན་མི་དགོས་པར་ཁས་ལེན་ནི་མི་དགོས་པར་སྙམ་མོ། དེ་དག་ནི་ངས་ལྟ་ཚུལ་ཁྱེད་ཞུས་པ་ཙམ་ལས་ཡང་དག་ཅིག་ཡིན་པར་ང་ལའང་གདེངས་ཚོད་མེད། ངོ་མ་ཡིན།

    Reply
  7. sha tak ri sim says:
    ལོ་ 14 སྔོན།

    སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། དེས་ན་སྐུ་ཉིད་ཀྱིས་ངར་འཛིན་གྱི་བློ་དང་མི་རིགས་རང་ལུགས་ཀྱི་ལྟ་བ་གཉིས་ཀྱི་ཁྱད་པར་ཞིག་མཐོང་གི་འདུག་གམ། རིགས་ཞེན། ངར་འཛིན། མི་རིགས་རང་ལུགས། འདི་གསུམ་རེ་རེ་ནས་མ་འདྲ་བའི་ཆ་རེ་འདུག་གམ་ལགས། བདག་གིས་དུས་རྒྱུན་དུ་འདི་གསུམ་ལ་མི་འདྲ་བའི་ཆ་མི་ཉུང་བ་ཞིག་ཡོད་པར་འདོད་ཀྱི་ཡོད་ལགས། རེད་དེ། སྐུ་ཉིད་ཀྱིས་གོ་ནོར་ཞིག་ཐེབས་འདུག་པ་དེ་ནི་རིགས་ཞེན་མི་དགོས་ཚུལ་ཞིག་བདག་གིས་བཤད་འདུག་ཟེར་བ་དེ་རེད་ལགས། རིགས་ཞེན་དགོས་པའི་མི་ཚད། རིགས་ཞེན་དེ་ནི་མིའི་རིགས་མ་འཇིགས་བར་དུ་མེད་དུ་མི་རུང་བ་དང་ཡོད་དགོས་པ་ཞིག་ཆགས་ཡོད་པ་རེད་ལགས། ངར་འཛིན་དང་ཁྱོད་འཛིན་གྱི་བློ་གཉིས་འབྲེལ་བ་ཡོད། ཕན་ཚུན་ལྟོས་གྲུབ་ཡིན་སོགས་རྟེན་འབྱུང་གི་བསྐོར་ནས་གསུངས་འདུག རྟེན་འབྱུང་གི་བསྐོར་ནས་ཁས་ལེན་བྱེད་དགོས་བྱུང་ན་ནི། ངར་འཛིན་གྱི་བློ་དེ་ནི་འདོར་དགོས་པ་ཞིག་ལ་གཟིགས་ཀྱི་མི་འདུག་གམ་ལགས།

    Reply
  8. dhondup2009 says:
    ལོ་ 14 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ངོ་ཚོས་གང་ཞིག་གླེང་ན་དགག་སྒྲུབ་ཀྱི་ཕྱོགས་གཉིས་ནས་གླེང་ཆོག་བསམ། དཔེར་ན་རིགས་ཞེན་ལྟ་བུ་ལ་ཆ་མཚོན་ན་ཁྱེད་ཀྱིས་དེའི་སྐྱོན་ཕྱོགས་ནས་གླེང་བཞིན་འདུག་ལ་ངས་ནི་དེའི་ཡོན་ཏན་གྱི་ཕྱོགས་ནས་གླེང་གི་ཡོད། དེ་ནི་འུ་གཉིས་ཀྱི་ལྟ་ཚུལ་མི་མཐུན་པ་ཙམ་རེད། ངས་ནི་འཇིག་རྟེན་ལུགས་ཀྱི་ཆ་ནས་བཤད་ན་ངར་འཛིན་དགོས་པར་འདོད་ཅིང་ཁྱེད་ཀྱིས་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་དེ་རྩ་ནས་མི་དགོས་པར་འདོད་པ་དེ་ནི་འུ་གཉིས་ལྟ་ཚུལ་མི་མཐུན་ཡོང་སའི་གཞི་རེད། ནང་པའི་ལྟ་བའི་ཆ་ནས་བཤད་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་ནི་ངར་འཛིན་ཡིན་པར་འདོད་ཀྱང་འཇིག་རྟེན་སྲིད་ལུགས་ཀྱི་ཐད་ནས་གླེང་ན་ངར་འཛིན་ནི་འཕེལ་འགྱུར་གྱི་སྒུལ་ཤུགས་ཤིག་རེད་ཅེས་བཤད་ན་མི་ཆོག་རྒྱུ་གཏན་ནས་མེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཐམས་ཅད་རྟེན་འབྱུང་ཁོར་ནར་གསུངས་པ་ལྟར་ངར་འཛིན་དང་ཁྱོད་འཛིན་ཡང་གཅིག་ལ་གཅིག་རྟེན་རེད། ངར་འཛིན་མེད་ན་ཁྱོད་འཛིན་མེད་པ་ནི་རྟེན་འབྲེལ་གྱི་འགྲོ་སྟངས་ཤིག་རེད། ངས་ངར་འཛིན་དགོས་པར་འདོད་པ་ནི་གོང་དུ་བཤད་པ་ལྟར་དེ་ནི་སྒུལ་ཤུགས་ཐམས་ཅད་ཀྱི་རྩ་བར་འདོད་པས་སོ། ཁྱེད་ཀྱིིས་མི་དགོས་པར་འདོད་ནི་དེ་ཉིད་ཉེས་པ་ཐམས་ཅད་ཀྱི་བྱེད་པོར་མཐོང་བས་ཅི་ལ་མིན། ངས་གོང་དུ་བོད་པ་ཚང་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་ནི་རིགས་ཞེན་མེད་པའི་དབང་གིས་རེད་ཅེས་བཤད་པ་ཡིན། ཡ་ད་འོ་ན་བོད་པ་ཚང་ལ་རིགས་ཞེན་གཏན་ནས་མེད་པ་རེད་དམ་ཞེ་ན་དེ་ནི་ག་ལ་ཡིན་ཏེ་ང་ཚོ་བོད་པ་ཚང་ལ་རིགས་ཞེན་ཡོད་ཀི ངས་བོད་པ་ཚང་ལ་རིགས་ ཞེན་མེད་ཅེས་པའི་རིགས་ཞེན་དེ་ནི་རིགས་ཞེན་བྱེ་བྲག་པ་ཞིག་ཏེ་དེ་ནི་འཕེལ་འགྱུར་གྱི་སྒུལ་ཤུགས་སུ་གྱུར་པའི་རིགས་ཞེན་དེ་མེད་པ་རེད་ཅེས་བཤད་པ་ཡིན། ངར་འཛིན་གྱིས་རིགས་ཞེན་བསྐྱེད་ཅིང་རིགས་ཞེན་གྱིས་འགྲན་རྩོད་སློང་བར་བྱེད། འགྲན་རྩོད་ཀྱིས་ཧུར་བརྩོན་ལ་སྐུལ་འདེད་བྱེད་ཅིང་ཧུར་བརྩོན་ནི་འཕེལ་རྒྱས་ཐམས་ཅད་ཀྱི་སྐྱེད་མ་ལྟ་བུ་རེད། ངས་དེ་ལྟར་དུ་འདོད་པས་ན་ད་གཟོད་འཇིག་རྟེན་པའི་ཕྱོགས་ནས་གླེང་ན་ངར་འཛིན་ནི་ཧ་ཅང་མེད་དུ་མི་རུང་བ་ཞིག་ཏུ་མཐོང་།

    Reply
  9. samkhar says:
    ལོ་ 14 སྔོན།

    དེང་སང་ང་མི་ཁོམ་པའི་གནས་སུ་སྐྱེས་ཡོད་དཱ།

    Reply
  10. sha tak ri sim says:
    ལོ་ 14 སྔོན།

    རི་བོང་ལགས། སྐུ་ཉིད་ཀྱིས་ཞོགས་དུང་སོགས་ཀྱི་རྗེས་འབྲང་ཡོངས་ཀྱིས་རིགས་ཞེན་འཛིན་སྟངས་ལ་ལྟ་བའི་མིག་དང་། རིགས་ཞེན་ལ་བཅིངས་པའི་ཆོས་ལུགས་ལ་ལྟ་ཚུལ་གྱི་མིག་དེ་གཉིས་ཁ་ཁར་ཆགས་པ་ལྟ་བུ་ཞིག་ཚོར་གྱི་མི་འདུག་གམ་ལགས།

    Reply
  11. sha tak ri sim says:
    ལོ་ 14 སྔོན།

    སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། རིགས་ཞེན་བསྐོར་ལ་སྐུ་ཉིད་ཀྱིས་ཆོས་སྲིད་ཟུང་དུ་འབྲེལ་ནས་གསུངས་འདུག ཡིན་ཡང་། ཆོས་སྲིད་གང་ཅིའི་ཐད་ནས་བཤད་པ་ཡིན་ན་ཡང་། འཛམ་གླིང་འདིའི་འགྲོ་བ་ཡོད་དོ་ཅོག་ལ་གདབས་ཟུག་གཏོང་མཁན་ཞིག་ལས་གང་ཡང་མེད་པ་ཟེར་ན་མ་ཆོག་པ་མི་འདུག་ལགས། རིགས་ཞེན་ཡོད་དགོས་པ་དེ་ཡང་སྐུ་ཉིད་ཀྱིས་བོད་པ་འདི་ཚང་རིགས་ཞེན་མེད་པའི་རྗེས་ལུས་རེད་ཟེར་བ་དེ་ལ་ང་རང་དེ་འདྲའི་མོས་མཐུན་མེད་ལགས། སྤྱིར་ན་བོད་པ་འདི་ཚང་འཕྲུལ་ཆས་དང་དེང་རབས་གོམ་གཤིས་ཀྱི་རྗེས་མ་ཟིན་པ་དེ་ནི་བདེན་པ་རེད། ཡིན་ཡང་། རིགས་ཞེན་ཡོད་མེད་དང་རིགས་ཞེན་འཛིན་སྟངས་ཀྱི་བསམ་ཚུལ་དེ་ནི་སྐུ་ཉིད་ཀྱིས་ད་དུང་ཞིབ་པར་བརྟག་ནས་བསམ་ཚུལ་རེ་ཡང་བསྐྱར་ཡོད་པ་ཞུ་ལགས།

    Reply
  12. sha tak ri sim says:
    ལོ་ 14 སྔོན།

    སྐར་ཁྲི་བཙན་ལགས། མི་སུ་ཞིག་ཡིན་ན་ཡང་། རིགས་ཞེན་དགོས་པ་ཡིན་ལ་རིགས་ཞེན་དེ་ཡང་རང་རིགས་ཁོོ་ན་རྒྱལ་བའི་དོན་ཞིག་ལ་ངོས་འཛིན་བྱེད་པ་ནི་གཏན་ནས་འགྲིག་གི་མེད་པ་དེ་ནི་རྒྱའི་སྲིད་གཞུང་གི་གཙོ་བའི་དེང་སང་གི་གནམ་འོག་གི་སྲིད་འཛིན་དག་ལ་ཞིབ་གཟིགས་དང་ལན་ཞིག་རེག་ངེས་ཡིན་ལགས།

    Reply
  13. sha tak ri sim says:
    ལོ་ 14 སྔོན།

    ཆུ་ཐིགས་སྔོན་མོ་ལགས། སྐུ་ཉིད་དེ་རིང་སྐུ་མགྲོན་ཐོག་མ་རེད་འདུག་ལ་སེམས་པ་སྐྱིད་པོའི་ངང་དུ་ཐེངས་ཤིག་ཀློག་ནས་བགད་མོ་ཞིག་ཤོར་ནས་ཕྱིན་འདུག འཕྲོན་བརྟེན་རེད།

    Reply
  14. dhondup2009 says:
    ལོ་ 14 སྔོན།

    དྲ་གྲོགས་རི་བོང་ལགས། ཁྱོད་བསམ་ཆར་བཤད་པར་ཐུགས་རྗེ་ཆེ། ངས་བལྟས་ན་ཁྱོད་ཀྱིས་ནང་དོན་རིག་པའི་བརྗོད་དགག་བྱ་གཙོ་བོ་ང་དེ་གཏན་ནས་ངོས་འཛིན་ཐུབ་མི་འདུག་ལ་ནང་དོན་རིག་པར་གཏན་ནས་ལྟ་ཀློག་བྱེད་མྱོང་ཡོད་ས་མ་རེད། སྐུ་ཞབས་ཞོགས་དུང་ལགས་ཀྱི་རྗེས་འབྲང་རྣམས་ཀྱིས་གླེན་བཤད་བླ་མེད་རེ་བརྒྱབས་ཞེས་པར་གཞིགས་ན་ཁྱོད་ཀྱིས་སྐུ་ཞབས་ཞོགས་སོགས་ཀྱིས་ཅི་ཞིག་བཤད་ཡོད་དང་ཁོང་ཚོའི་དོན་ངོ་མ་ལྟ་བ་དེ་གང་ཡིན་ཁྱོད་ཀྱིས་ད་དུང་གོ་ཚོས་མི་འདུག
    ངས་བསམས་ཁྱོད་རང་དངོས་གནས་དུངས་ཞེན་གྱི་དབང་ཤོར་འགྲོ་གི་འདུག
    དུངས་ཞེན་གྱི་དབང་དུ་ཤོར་བའི་མི་བུ་ཞིག་ལ་ཆ་མཚོན་ན་ཕྱོགས་གཞན་དེར་བལྟ་བའི་བློ་མིག་ཡོངས་གྲིབ་ཚར་བ་རེད། དེས་ན་ཁྱོད་རང་དུངས་ཞེན་གྱི་དབང་དུ་མ་ཤོར་བ་བྱ་རོགས་ཞེས་འབོད་སྐུལ་ཞུ་བ་ཡིན་ལགས།

    Reply
  15. sangsar says:
    ལོ་ 14 སྔོན།

    སྒོམ་སྡེ་དོན་གྲུབ་ལགས་རྒྱལ་མཚནལགས།
    ངར་འཛིན་འཁོར་རྩ་ལ་འདོད་པའི་ངར་འཛིན་དང་། ང་ལ་བདེ་སྐྱིད་དགོས། ང་ལ་ཤེས་ཡོན་དགོས། ངས་རང་དང་གཞན་ལ་ཕན་བདེ་བསྒྲུབ་དགོས་ཞེས་པའི་ངར་འཛིན་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། ཁྱད་པར་དེ་མ་ཤེས་པར་ཞོགས་དུང་རྗེས་འབྲང་དང་བཅས་པས་ཀྱང་གླེན་བཤད་བླ་ན་མེད་པ་རེ་བརྒྱབ་ནས་ད་དུང་ངོ་མ་ཚ་བསྡད་ཡོད་པ་རེད།

    Reply
  16. dhondup2009 says:
    ལོ་ 14 སྔོན།

    ཡང་གཅིག་བཤད་ན་རིགས་ཞེན་མེད་པའི་མི་ཚོ་རང་གི་སྤུན་ཟླ་ཚོའི་གྲལ་ནས་རང་བཞིན་འབུད་ཀྱི་འདུག ཆོས་ཕྱྱོགས་ནས་བཤད་ན་ངར་འཛིན་ནི་འཁོར་བའི་རྩ་བ་རེད་ཀྱང་འཇིག་རྟེན་གྱི་ཕྱོགས་ནས་གླེང་ན་ངར་འཛིན་ནི་ཡོད་དགོས་ངེས་ཤིག་རེད་སྙམ། གང་ལ་ཞེ་ན་ངར་འཛིན་མེད་ན་ཁྱོད་འཛིན་ཡང་མེད་པས་དེ་ལྟ་བུའི་འཛིན་པ་གང་ཡང་མེད་འཇིག་རྟེན་ན་འགྲན་རྩོད་མེད་ལ། འགྲན་རྩོད་མེད་ན་འཕེལ་འགྱུར་གྱི་སྒུལ་ཤུགས་ནི་མེད་ཚར་ནི་རེད། འཕེལ་འགྱུར་གྱི་སྒུལ་ཤུགས་མེད་ན་ནམ་ཡང་རྗེས་ལུས་རེད་དཔེར་ང་ཚོ་བོད་པ་ཚང་བཞིན། དེས་ན་ང་ཚོར་རིགས་ཞེན་དགོས། རིགས་ཞེན་ཡོད་ན་འཇིག་རྟེན་ན་འགྲན་རྩོད་ཡོད་ལ་འགྲན་རྩོད་ལ་ཐོབ་ཤོར་ཡོད་པས་ད་གཟོད་འཇིག་རྟེན་ལ་བྲོ་བ་ཡོད།

    Reply
  17. Baichung says:
    ལོ་ 14 སྔོན།

    ངོ་མ་རིགས་ཞེན་ཟེར་བ་འདི་མེད་ན་ང་ཚོས་ཀྱང་མི་ཐུབ་དྲན་རྒྱ་མང་ན་སྡུག་བསྔལ་ནང་གི་ཆེ་བ་དེ་བསགས་དགོས་དོན་ཡོད་ནི་མ་རེད། འགྲོ་བ་མི་ཡིན་པས་ཆ་ནས་རང་ལུས་ན་ཧམ་སེམས་ཀྱི་མེ་ལྕེ་ཡོད་ན་མ་གཏོགས་རང་ལྟོ་འགྲང་བ་དང་རང་རྒྱབ་མི་ཁེབ་པར་སེམས་ཁྲལ་ཡོད་ནི་མ་རེད།

    Reply
  18. mekor says:
    ལོ་ 14 སྔོན།

    ཧཧཧཧ་འོ་ཙམ་ཞིག་རེད། གུང་སེང་སྐྱིད་པོ་ཞིག་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist