མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ཨ་རི་དང་ཁེ་ན་ཌ་གཉིས་ཀྱི་ནང་ཆིབས་བསྒྱུར་གནང་སྟེ། བདུན་ཕྲག་གཉིས་རིང་མཛད་འཕྲིན་བསྐྱང་མགོ་བཙུགས་ཡོད་པ་རེད།

ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་ཨ་རི་དང་ཁེ་ན་ཌའི་ནང་ཆིབས་བསྒྱུར་གནང་ཡོད་ལ།  ཐེངས་འདིར་༧གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་མོན་ཧྥེ་སུ་ཁྲེན་ནེ་སི་  Memphis, Tennessee  རུ་ཡོད་པའི་རིག་གཞུང་བསྟི་གནས་ཁང་སྟེ་ཁཱན་ནོན་ལྟེ་གནས་  Cannon Center དུ་ཆིབས་བསྒྱུར་གནང་སྟེ། དེར་ཡོད་མི་མང་ལ་ཞི་བདེ་དང་འཆམ་མཐུན་གྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག་ལ།  ཕྱི་ཚེ་ ༢༥ དང་ ༢༦ ཉིན་གྲངས་གཉིས་རིང་ལོ་སེ་ཨན་རྗེ་ལི་སི་ Los Angeles  དགའ་ལྡན་ཤར་གླིང་རིག་གཞུང་བསྟི་གནས་ཀྱིས་གསོལ་འདེབས་གནང་བ་ལྟར། དེར་ཡོད་མི་དམངས་ལ་བདེན་པ་བཞི་གཙོས་པའི་སངས་རྒྱས་དང་སངས་རྒྱས་སྨན་བླའི་སྐོར་ཀྱི་བརྗོད་གཞིའི་ཐོག་གསུང་ཆོས་དང་བཀའ་སློབ་གནང་གཏན་འཁེལ་ཡོད་པ་རེད།

ཕྱི་ཚེས་ ༢༧ ནས་ ༢༩ བར་༧གོང་ས་མཆོག་ཨ་རི་ནས་ཁེ་ན་ཌའི་ནང་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་།  ཁེ་ན་ཌའི་ནང་འཛམ་གླིང་ཆེས་མཐོའི་མི་སྣའི་ཚོགས་འདུའི་སྟེང་ཆིབས་བསྒྱུར་གྱིས་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་དང་ལྷན་དུ་ཇི་ལྟར་འཛམ་གླིང་མི་དམངས་ལ་ཞི་བདེའི་འདུ་ཤེས་སླེབས་པར་བྱ་རྒྱུ་དང་མ་འོངས་སྐུལ་འདེད་བྱ་དགོས་པའི་ཐད་བགྲོ་གླེང་གོ་བསྡུར་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༣༠ ཉིན་ནས་འཆར་ཟླའི་ཚེས་ ༡ བར་གྱི་ཉིན་གཉིས་རིང་ཁེ་ན་ཌའི་ཁེལ་གྷ་རི་ University of Calgary  སློབ་ཆེན་དུ་དགེ་སློབ་མཉམ་འཛོམས་ཀྱི་བྱ་འགུལ་ཁྲོད་མཉམ་ཞུགས་གནང་འཆར་ཡོད་པ་དང་།  ཕྱི་ཚེས་ ༣   ཉིན་མོན་ཁྲི་རེལ་ཁེ་བྷེ་ཁི་ Montreal, Quebec  དུ་ཆིབས་བསྒྱུར་གནང་སྟེ། དེར་ཡོད་མི་དམངས་ལ་ནང་སེམས་ཀྱི་སློབ་གསོའི་བརྗོད་གཞིའི་ཐོག་གསུང་ཆོས་དང་བཀའ་སློབ་གནང་རྒྱུ་ཡིན་པ་རེད། ཁོང་གིས་ཐེངས་འདིའི་ཁེ་ན་ཌའི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༤ ཉིན་ཕྱིར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཆིབས་བསྒྱུར་གནང་སྟེ་དེར་ཡོད་དད་ལྡན་པ་རྣམས་ལ་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་རྒྱུ་ཡིན་འདུག་ལ། འཆར་ཟླའི་ཚེས་ ༨ ནས་ ༩ གཉིས་རིང་ཝ་ཤིན་ཊོན་དུ་ཆོས་ལུགས་དང་ཚན་རིག་གི་སྟེང་ནས་མིའི་འདུ་ཤེས་དང་འཚོ་གནས་སྐོར་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཏེ།  ཡིད་འཛིན་དང་དངོས་ཡོད་རྟོག་ཞིབ་རིག་པའི་ཐོག་བརྡ་འཕྲིན་མ་ལག་བསྡུ་སྒྲིག་སོགས་ཀྱི་ཐད་བགྲོ་གླེང་གོ་བསྡུར་དང་། ཕྱི་ཚེས་ ༡༠ ཉིན་བོད་ཀྱི་སྒྱུ་རྩལ་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་གདན་ཞུའི་ཐོག་ཝ་ཤིན་ཊོན་དུ་ཉིན་ཕྱེད་རིང་ནང་སེམས་ཀྱི་འགྱུར་བའི་ཐོག་བཀའ་སློབ་གནང་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 6

  1. Tsering says:
    ལོ་ 16 སྔོན།

    བླ་ན་མེད་པའི་དབུ་འཁྲིད་ཀྱི་མཛད་འཕྲིན་དེ་ནི་ཆེས་རླབས་ཆེ་བ་དང། བྱིན་ཆགས་པ་ཞིག་རེད། སྐྱབས་སུ་མཆི་རྩ་བའི་བླ་མ། སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

    Reply
  2. དོན་གོ says:
    ལོ་ 16 སྔོན།

    ༧གོང་ས་མཆོག་མཁྱེེན། སྐྱབས་མགོན་ཁྱེད་རང་གཅིག་པུ་ལ་མཁྱེེན།

    Reply
  3. ནད་པ says:
    ལོ་ 16 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་རྒྱུར་ཅིག།

    རྒྱལ་བའི་ཡོངས་འཛིན་མཆོག་གི་གསུང་།

    Reply
  4. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    འཛམ་གླིང་དུ་ཞི་བདེ་རྒྱས་དགོས་ན་སྐྱེས་ཆེན་གསེར་གྱི་རི་བོ་ཁོང་ལྟ་བུ་སྐུ་ཚེ་བརྟན་དགོས་ཡ།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    འཚེ་མེད་བདེན་པའི་རྒྱལ་དར་ཕྱར་ན་ཡང་།།
    རྩོད་ལྡན་སྙིགས་དུས་འགྲོ་བ་འདྲེན་པའི་མགོན།།
    མཁས་དབང་མྰ་ཧྰ་གན་དྷེ་མ་ལགས་ཏེ།།
    བྱང་ཆུབ་སེམས་དཔའི་སྤྲུལ་བ་༸གོང་ས་ཉིད།།

    Reply
  6. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི། ཁོང་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese