མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་གཟེངས་རྟགས་དང་ཞབས་བརྟན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱིས་༧གོང་ས་མཆོག་ལ་རང་དབང་གཟེངས་རྟགས་ཕུལ་བར་རྟེན་འབྲེལ་ཞུས་པ།

ཕྱི་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་གིས་༧གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་ཞེས་པ་དེ་ཕུལ་ཡོད་ལ། སྦེལ་ཀོབ་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག་མི་མང་གིས་དགའ་གུས་མཚོན་སླད། ཞོགས་པའི་ཆུ་ཚོད་ ༩ ནས་ཉིན་རྒྱབ་ཆུ་ཚོད་ ༣ པ་བར་རྒྱལ་བའི་ཞབས་བརྟན་དང་སྒྲོལ་མ། མ་ཎི་སོགས་གྲངས་གསོག་གནང་ཡོད།

ཉིན་དེར་གཞོན་ནུའི་ཚོགས་གཙོ་པདྨ་ཚེ་དབང་ལགས་ཀྱིས་གསུངས་དོན། དེ་རིང་སྟེ་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཨ་རིའི་ལྷོ་ཤར་མངའ་སྡེ་ཊེ་ནེ་སིའི་གྲོང་ཁྱེར་མེམ་བྷི་སིར་ཡོད་པའི་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་གིས་༧གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་གནང་གི་ཡོད་པ་རེད། དེ་རིང་གི་ཞི་བདེའི་གཟེངས་རྟགས་འདི་ནི་འཚེ་མེད་ཞི་བའི་ཆེད་དུ་ཕྱག་ལས་གནང་མཁན་གྱི་སྐྱེས་བུ་གྲགས་ཅན། རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་དང་། མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མར་ཊིན་ལུ་ཐར་ཁིན་གཉིས་ལྟ་བུར་འབུལ་གྱིན་ཡོད་ནའང་། ཁོང་རྣམ་པ་གཉིས་སྐུ་འཚོ་བཞུགས་མིན་སྟབས། ཁོང་གཉིས་ཀྱི་རྗེས་འཇུག་༧གོང་ས་མཆོག་ཁོང་ལ་རང་དབང་གཟེངས་རྟགས་དེ་འབུལ་གྱིན་ཡོད་པ་རེད།

ཕྱོགས་གཅིག་ནས་རྒྱ་ནག་གིས་༧གོང་ས་མཆོག་ལ་མཚན་སྨད་དང་བསྐུར་བ་སྣ་ཚོགས་འདེབས་ཀྱིན་ཡོད་ནའང་། ཕྱོགས་གཞན་ཞིག་ནས་འཛམ་གླིང་གི་རྒྱལ་ཁབ་གྲགས་ཅན་མང་བོས་༧གོང་ས་མཆོག་འཚེ་མེད་ཞི་བའི་ཐོག་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ལ་ངོས་འཛིན་མཛད་དེ། རང་དབང་གཟེངས་རྟགས་དེ་འདྲ་གནང་སྐབས། ང་ཚོས་དགའ་དད་སྤྲོ་གསུམ་དང་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པ་དང་། མཛད་པ་འཕྲིན་ལས་སྔར་བས་ཀྱང་འཛམ་གླིང་ཡོངས་ལ་ཁྱབ་ཆེད་དེ་རིང་གི་ཞབས་བརྟན་དག་བསྒྲུབས་པ་ཡིན།

སྤྱིར་འདི་ལྟ་བུའི་གལ་ཆེའི་ཉིན་འདིར་གཞུང་འབྲེལ་ཕྱོགས་ནས་ཁོང་ལ་འཚམས་འདྲི་ཞུ་ཆེད་དམིགས་བསལ་གྱིས་མཛད་སྒོ་སོགས་འཚོགས་དགོས་པ་རེད་མོད། གཞུང་ངོས་ནས་བྱེད་སྒོ་གང་ཡང་གནང་གི་མི་འདུག གནང་ཆོག་གི་མེད་པ་ཡིན་ནམ། ཡང་ན་གནང་བདེ་བོ་མེད་པ་ཡིན་ཤེས་ཀྱི་མི་འདུག དེར་བརྟེན་ཚོགས་པ་སྒེར་ངོས་ནས་འདི་ལྟར་གོ་སྒྲིག་ཞུས་པ་ཡིན་ཞེས་གཞུང་འབྲེལ་གྱི་ངོས་ནས་དེ་རིང་གི་ཉིན་མོ་འདིར་བྱེད་སྒོ་གང་ཡང་སྤེལ་མེད་པར་འཁང་ར་ཞིག་ཀྱང་གནང་ཡོད།
 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 10

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཧ་ཧ་ཧ། བླ་མ་ཇི་སྲིད་བར་དུ་འབར་བར་ཤོག་ཟེར་ན་ཅི་རེད། འབར་ནི་མེ་སོགས་ལ་འབར་ཟེར་བ་རེད། འབའ་པ་ལགས། གོང་གི་ཚིག་འདིའི་དོན་ཅི་རེད་གསལ་བཤད་ཅིག་གནང་རོགས་ཞུ།

    Reply
  2. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 17 སྔོན།

    བདག་གི་བླ་མ་ཇི་སྲིད་བར་དུ་འབར་བ་ཤོག

    Reply
  3. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 17 སྔོན།

    སྐྱབས་སུ་མཆི་༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་་འཕྲིན་གོང་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    མགོན་པོ་གང་ཉིད་ཕྱིར་གཞུགས་སྒར་དུ་ཆིབས་བསྒྱུར་གནང་སྐབས་ང་ཚོ་གཞུགས་སྒར་གཞུང་དམངས་གཉིས་ཀྱིས་གནམ་ས་འགུལ་བའི་བསུ་བ་བྱེད་ངེས་ཡིན་ནོ།།

    Reply
  5. རོང་སྲས་རྨེ་འོད says:
    ལོ་ 17 སྔོན།

    ཁོང་གི་མཛད་པ་འཕྲིན་ལས་ཁ་འབབ་བཞིའི་བཞུར་རྒྱུན་དང་འགྲོགས་ཏེ་འཛམ་གླིང་གོ་ལ་ཟླུམ་པོའི་སྣོད་བཅུད་ཐམས་ཅད་ཀྱི་གསོན་ཤུགས་གསོ་ཕྱིར་རྒྱུན་མི་ཆད་པར་རྟགས་བརྟན་མཛོད་་་་་་་་་་རྒྱལ་གྱུར་ཅིག གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག

    བོད་གཞུང་དམངས་གཉིས་ཀའི་དགའ་དད་སྤྲོ་གསུམ་གྱིས་མགོན་པོ་གང་གི་རླབས་ཆེན་གྱི་མཛད་རྗེ་ལ་བཀྲ་ཤིས་བའི་དགའ་འབོད་ཞུས་ཆོག་མོད་གྲགས་འགུལ་མེད་པས་སྐྱོ་བ་ལ།

    Reply
  6. བསྟནའཛིན says:
    ལོ་ 17 སྔོན།

    dalai lama long life

    Reply
  7. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ༧་གོང་ས་མཆོག་གི་སྐུ་ཚེ་རྒྱན་མཚན་བརྟེན་གྱུར་ཅིག

    Reply
  8. དོན་གོ says:
    ལོ་ 17 སྔོན།

    བོད་མི་ཡོངས་ཀྱི་སྐྱབས་མགོན་དམ་པ་༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་གྱུར་ཅིག

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཡུན་རིང་ལ་བཅོས།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་རྒྱལ་གྱུར་ཅིག སྐུ་ཚེ་ཡིན་རིང་བརྟན་གྱུར་ཅིག ཞབས་བརྟན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese