མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིག་དགེ་མཐོང་མཆོག་ལ་སེམས་གསོའི་མཆན་པུ་ཞིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

ང་ནི་སེམས་འཁུར་བྱེད་མཁན་མི་གཅིག་ཡིན།།
རེད་དེ་ཞིབ་དུ་ཀློག་རྗེས་རྟོགས་སྒྲུང་ཞིག།
གནམ་ལྕགས་ལགས་ཀྱིས་བྲིས་པ་ཤེས་པ་ན།།
གློ་བར་ལྡིང་བའི་སྙིང་དེ་འཇགས་དུ་སོང་།།

བདེན་པའི་བརྡ་ལ་རིག་པའི་འཕུར་བ་ཅན།།
ཤེས་རབ་མེ་ལ་རྟོགས་བཟོའི་རང་གཤིས་པ།།
རྩོམ་གཤིས་ཡག་པོ་ཀུན་གྱི་སྨོན་ས་དེ།།
གནམ་ལྕགས་འདི་ཡི་བཅོས་སྒྲུང་འཇིགས་གཡེར་བ།།

བདག་པོས་ཐོས་ནས་གསལ་བཤད་གནང་བ་དང་།།
ཀློག་མཁན་དག་གིས་སེམས་པ་སྟོད་དུ་འཚང་།།
དོན་གྱི་ངོ་བོ་སྐྱེ་རྒ་ན་འཆི་འདི།།
ཐོག་དུ་སླེབས་ན་ཐར་ས་མེད་པ་ཡིན།།

ནམ་འཆི་ཆ་མེད་རྟོགས་པར་སྐུལ་བ་ཞིག།
མ་འཆི་སྔོན་དུ་རང་རིགས་གངས་ཅན་ལ།།
ནུས་པའི་སྲི་ཞུ་སྒྲུབ་པར་སྐུལ་ལུགས་འདིས།།
རྗེས་དྲན་ཚོགས་ཆུང་བཙུགས་པ་ངོ་རེ་བསྟོད།།

ཉིན་འགའི་རིང་དུ་རིག་རྒྱུ་མ་བྱུང་བར།།
མི་ཡོང་ཀ་མེད་ཞིག་གི་རྟོགས་སྒྲུང་དེས།།
ཨ་རིག་དགེ་མཐོང་ཉིད་ལ་རྩོམ་ཡིག་འདིས།།
བརྗོད་གཞིར་བཞེངས་པ་དེ་བས་ངོ་འཚར་ཉིད།།

ཕྱིས་སུ་བདེན་པར་བཤད་ཀྱང་གོ་དཀའ་བས།།
དེ་འདྲའི་རིགས་ཀྱི་རྟོགས་སྒྲུང་འདི་རིགས་ལ།།
ཕྱིས་སུ་ཀློག་མཁན་རྣམས་ཀྱིས་གཟབ་པར་གནོངས།།
དམིགས་སུ་འབྲི་མཁན་ལགས་ཀྱིས་ཁ་གསལ་བྱོས།།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 14

  1. dongthe says:
    ལོ་ 17 སྔོན།

    སྒྲུང་འདི་རིགས་ཀྱིས་ཉེན་བརྡ་རྒྱག་གི་ཡོད་ན་ཐང་། སྟག་གི་གྲོགས་པོ་བོང་བུའི་གཏམ་རྒྱུད་དང་མཐུན་ཚབ་ཤིན་ཏུ་ཆེ། བྱིས་སྒྲུང་དེ་ཕལ་ཆེར་གྱིས་ཤེས་རྒྱུ་རེད།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ཉིད་ཀྱིས་བདག་ལ་བསྟོད་པ་བྱེད་རྒྱུ་དངོས་ནས་ཆེ་དྲགས་པ་རེད་ལགས། དྲ་ཐོག་གི་བོད་རིགས་སྤུན་ཟླ་ཚང་མ་ང་ལས་ཀྱང་མཐུན་སྒྲིལ་ལ་དམ་ཟབ་བྱེད་པ་དང་རང་གི་སྐད་ཆ་ལ་རང་གི་འགན་ལེན་མཁན་རྐྱང་བ་ཡིན་ཟེར་ནས་བཤད་ན་ཆོག་ནི་རེད་ལགས།

    Reply
  3. Dre Sha Zen says:
    ལོ་ 17 སྔོན།

    དྲྭ་གྲོགས་ཚོས་་སེམས་ཕམ་མ་གནང་དང་། འདིས་ཁྲོད་དུ་ཡར་ཐོན་དང་མདུན་བསྐྱོད་ཀྱི་ལམ་བུ་ཡོད། བོད་ཤ་ཁྲག་རུས་གསུམ་ནི་ངེས་དོན་གྱི་སེམས་བཟང་ཞིག་ཡིན་པའི་མི་རིགས་མཐུན་བསྒྲིལ་གྱི་དོན་དུ་རང་ཚུགས་མེད་པའི་གཞན་དབང་དུ་ཤོར་བའི་གཡོ་སྒྱུའི་རྩོམ་ཡིག་ནམ་ཡང་འབྲི་མྱོང་མེད།
    ཧཧཧཧ་

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    ཨ་དགེ་ཚང་ཕེབས་ནས་སེམས་གསོའི་སྒང་དུ་སེམས་གསོ་ཞིག་བྱས་དེ་བུད་སོང་གཟིག སེམས་གསོ་དེ་རིང་ཞོགས་པ་ཟེར་ན་འདྲ། ང་རང་ཡང་བླངས་ནས་དྲ་སྒོ་ཕྱེ་ནས་རང་གི་ཁྱིམ་དུ་འཛུལ་ནས་མཐོང་སོང་།

    སྐར་ཁྲི་བཙན་སྡུག་ཐོག་ལ་མ་ཐོན་ཡང་། སྐྱིད་ཐོག་ལ་ཐོན་ནོ་བཟང་གི འདི་ན་དམ་པུ་གཅིག་ཡོད། དེ་ཁྱེད་རང་གི་སྐལ་ཡིན། མིག་ཆུ་དམ་པུ་བཀང་ཡིན་ན་ཐང་་་

    བསེ་རུ་ལགས། ཉིད་ཀྱིས་གསུངས་པ་ལྟར། སྡུག་ཐོག་ལ་འཛོམ་དུས་དངོས་ནས་འཛོམ་པ་ཡིན་ལ། སྡུག་དུས་སུ་ཡོང་དུས་ཡོང་ནི་ཡིན་ཟེར་བ་བཞིན། དངོས་ནས་སྐྱིད་སྡུག་གང་ཞིག་དང་ཐུག་ཀྱང་བགྲོ་གླེང་མཉམ་པོར་བྱེད་ཐུབ་པ་ཡིན་ན་ཡག་པོ་ཅི་འདྲ་མི་འདུག་ལགས།

    Reply
  5. samkhar says:
    ལོ་ 17 སྔོན།

    ཛ་དྲག་གི་གནས་ཚུལ་ཞིག་ཐོན་སྐབས། དྲ་གྲོགས་འདི་ཚོ་དྲ་ཐོག་ནས་འཚང་ཁ་ཤིག་ཤིག་རེད། དཔེར་ན། མདང་ནུབ་ང་ཚོ་དྲ་གྲོགས་མང་པོ་ཞིག་དྲ་ཐོག་ན་མ་གྲོས་གཅིག་མཐུན་གྱིས་འཛོམས་པ་བཞིན་མ་རེད་དམ།།

    Reply
  6. Baichung says:
    ལོ་ 17 སྔོན།

    ཧ་ཧ ཧ་ དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ང་ཁྱོད་སྡུག་ཐོག་ཏུ་སླེབས་མ་ཐུབ་རུང་སྐྱིད་ཐོག་ཏུ་ཐོན་ཡོད་ད།

    Reply
  7. tashi says:
    ལོ་ 17 སྔོན།

    ཨ་རོ་བསེ་རུ་དང་བོད་མིང་ཅན་གཉིས་ལགས། དོ་དགུང་ང་ཚོ་གསུམ་པོ་མ་གཏོགས་དྲ་ཐོག་ན་མེད་པ་འདྲ། ད་འུ་ཆ་བོས་ར་མཚམས་འཇོག་རེ། ཨ་ཡས་ཧོ་མྱི་ཁ་ཤས་ཀྱིས་ཤི་སོང་ཟིག་ཟེར་གོ་ཁུ་ར། ད་རུང་ཟོ་འཆི་རྒྱུ་མ་རེད་ར། ཉིན་མ་ཆ་ཟིག་གི་རྗེས་ནས་ད་ཟླ་བ་ཁ་ཤས་ཟིག་ལ་ངོ་མ་ང་དྲ་ཐོག་ནས་འཆི་རྒྱུ་རེད།

    ད་ཐེངས་ཀི་འདི་བོད་ཤ་ཁྲག་རུས་གསུམ་ལ་དམིགས་གསལ་གྱིས་བྲིས་པ་ཞིག་ཡིན་པས་ང་ལ་ཉེས་ཆད་གཅོད་མི་ཆོག།

    Reply
  8. sha tak ri sim says:
    ལོ་ 17 སྔོན།

    ད་ལྟ་སྐུ་ཉིད་དྲ་ཐོག་འདི་རུ་བཞུགས་ཡོད་ན།།
    ལན་གྱི་དྲི་མེད་འོ་མའི་ཁ་ཚིག་ཞིག།
    མྱུར་དུ་གནང་ན་ང་རང་འདིར་བསྡད་དེ།།
    སྐུ་ཉིད་ལྷན་དུ་གླེང་མོལ་ཐུང་ཙམ་བྱེད།།

    Reply
  9. samkhar says:
    ལོ་ 17 སྔོན།

    ངའི་བྱེད་སྟངས་དེ་བྱབ་ཆུང་ཞིག་ཡིན་ལ། ངས་དྲ་གྲོགས་ཚོར་བཅངས་པའི་ཡིད་ཆེས་རྣལ་མ་ཞིག་ཀྱང་ཡིན། འོན་ཀྱང་་

    Reply
  10. samkhar says:
    ལོ་ 17 སྔོན།

    ད་ནི་མི་མཐོང་དགུ་མཐོང་།།
    ད་ནི་མི་ཐོས་དགུ་ཐོས།།
    ད་ནི་མི་བྱེད་དགུ་བྱེད།།
    ད་ནི་ཅི་ཞིག་ཡིན་ནམ།།

    Reply
  11. sha tak ri sim says:
    ལོ་ 17 སྔོན།

    བསེ་རུ་ལགས་ཀྱིས་སྙིང་འདི་ཆུང་དྲགས་འདུག།
    སེམས་ཆུང་བྱོས་པ་ཡོན་ཏན་ཡིན་ན་ཡང་།།
    དོན་མེད་སེམས་ཆུང་བྱས་ན་སྡུག་བསྔལ་ཡིན།།
    འདི་ནི་བདག་གི་མི་ཚེའི་ཉམ་མྱོང་ཅིག།

    Reply
  12. sha tak ri sim says:
    ལོ་ 17 སྔོན།

    ཨ་ཆེན་གངས་འདབས་ཤིག་གི་མི་རབས་འདི།།
    རིག་གནས་ཆེ་ཆུང་ཀུན་ལ་བྱང་ཆུབ་མིན།།
    དགེ་བའི་ལས་དོན་རྒྱ་ཆེན་སྒྲུབ་ཡོད་མེད།།
    མཐོང་དུས་མི་སེམས་འདར་ནས་བྲིས་པ་རེད།།

    ཨ་ཁུ་ཁྱེད་ཀྱི་རྒྱུན་དུ་ཀུ་རེ་གླེང་།།
    རིག་པ་ཅན་དག་ཁྱེད་ལ་དུངས་དྲགས་པའི།།
    དགེ་ཕྱོགས་ཟེར་ནས་དྲན་ཚོད་མ་ཟིན་སྟབས།།
    མཐོང་འདོད་ཆེ་བའི་དེ་ལྟར་གླེང་བར་འདོད།།

    Reply
  13. samkhar says:
    ལོ་ 17 སྔོན།

    (གཏམ་ངན། རྗེས་དྲན།) ཞེས་པའི་ཟིན་བྲིས་དེ་གནམ་ལྕགས་ལགས་ཀྱིས་སྤེལ་བ་ཞིག་རེད།

    གནམ་ལྕགས་ཐོག་མདས་ཁྱོད་ཀྱི་སྙིང་ག་གས།།
    གནམ་ལྕགས་ཐོག་མདས་ཁྱོད་ཀྱི་སེམས་ཁམས་དཀྲུགས།།
    གནམ་ལྕགས་ཐོག་མདས་དྲ་གྲོགས་གཉིད་ལས་སད།།
    གནམ་ལྕགས་རིན་པོ་ཆེ་ལ་གསོལ་བ་འདེབས།།

    ཚིགས་བཅད་འདིའི་ནང་གི་ཁྱོད་ཅེས་པའི་ཚབ་ཏུ་ངའི་ཟིན་བྲིས་སུ་ང་ཞེས་བཀོད་ཡོད།
    དེ་བཅོས་ཏེ་འདིར་དྲངས་པ་ཞིག་ཡིན།།

    Reply
  14. tashi says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ཁྱེད་རང་ཕེབས་པར་དགའ་བསུ་ཞུ།
    ང་ཤི་མེད་པའི་ལན་ཐུང་ཞིག་བྲིས་པར་ཁྱེད་རང་ཕེབས་པ་དང་། ད་དུང་བསེ་རུ་རྭ་གཅིག་གིས་ཁྱེད་ལ་གྱོད་གཏུགས་ཟེར་བ་ཞིག་བྲིས་འདུག ང་ཚོ་གྲོགས་པོ་ཤས་ཀྱིས་ཕན་ཚུན་ལ་དགའ་དགའ་དུང་དུང་བྱས་དུས། ཁ་ཤས་ཤིག་གིས་མགོ་ཐོག་ཏུ་སྐྱག་པ་གཏང་གི་ཡིན་ཟེར་མཁན་འདུག་ལ། འདི་ཚོ་སྐྱག་ལང་དུ་གཏོང་མི་ཉན་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese