མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་བརྩེ་དང་བརྩི་བཀུར། {༧གོང་ས་མཆོག}

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཡ་དེ་རིང་འདིར་རྒྱ་རིགས་ཕོ་མོ་མང་བོ་ཞིག་ཐུག་པ་རེད། ངས་ཁྱེད་རང་ཚང་མ་ལ་འཚམ་འདྲི་ཡོད། ད་ང་བཙན་བྱོལ་བ་ཆགས་ནས། ཕྱོགས་གཅིག་ནས་ལུང་པ་བྲལ་བ་རེད། ཕྱོགས་གཅིག་ནས་རང་དབང་ཐོབ་ནས་ལོ་ལྔ་བཅུ་ཕྱིན་པ་རེད།

ཁྱེད་རང་ཚོ་དེ་ཡང་རང་དབང་ལུང་པ་ནས་རང་དབང་ལོང་སྤྱད་བསྡད་ཡོད་པ་རེད། ད་ཡིན་ནས་ང་རང་ཚོའི་ཤ་ཁྲག་རུས་གསུམ་དེ་ཡོང་ས་དེ་ལུང་པ་གཞན་དག་ཞིག་ནས་ཡོང་བ་རེད། ང་རང་ཚོའི་ལུང་པ་ནས་ཡོང་བ་རེད། བྱས་ཙང་ང་ཚོ་ས་ཆ་ག་བ་བསྡད་ཡོད་པ་ཡིན་ནས། ང་རང་ལ་ཆ་བཞག་ན་བོད་པ་ཟེར་བ་ཞིག་དང་། ཁྱེད་རང་ཚོ་ཆ་བཞག་ན་རྒྱ་རིགས་ཟེར་བ་ཞིག་མ་ཤི་བར་དུ་བསྡད་ཡ་རེད།

དེ་འདྲ་ཞིག་ཡིན་དུས། ང་རང་ཚོ་སོ་སོའི་ལུང་བའི་གནས་ཚུལ་དེ་བརྗེད་ཐབས་མེད་པ་རེད། <འདིས་སྐབས་སུ་གསལ་བོ་ཞིག་གོ་མ་སོང་མོད། ཕལ་ཆེར་འདི་གསུངས་པ་ཡིན་པ་འདྲ་ཞིག་ཐོས་པས་འདིར་དྲངས་ཡོད།>སོ་སོའི་བུ་གུ་ཡིན་དུས་ཀྱི་གནས་ཚུལ་མགོའི་སྤུ་དཀར་པོ་ལོག་ཀྱང་བརྗེད་ཐབས་མེད་པ་རེད།

ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ནི་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཆགས་བསྡད་ཡོད་པ་རེད། ལོ་རྒྱུས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། རིག་གཞུང་ཐོག་ནས་ལོ་ལྔ་སྟོང་གི་ལོ་རྒྱུས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། བྱས་ཙང་ད་ལྟ་ཡིན་ནའི་རྒྱ་ནག་འདི་འཛམ་གླིང་འདིའི་སྒང་ལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། མ་འོངས་པ་ཡིན་ནའི་ཞེ་དྲགས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།

དེ་འདྲ་ཡིན་དུས་རྩ་ནས། ད་སྟོབས་ཆེན་རྒྱལ་ཁབ་དེ་དངོས་ནས་རང་འཛམ་གླིང་འདིས་སྒང་ལ་ཡ་ ཞི་བདེ་བསྐྲུན་ཉིན་གཅིག་དང་། འཛམ་གླིང་འདིས་སྒང་ལ་ཕན་ཐོག་བྱེད་ཐུབ་ཉིན་གཅིག འཛམ་གླིང་འདིས་སྒང་ལ་ཞེད་སྣང་མ་སློང་ཉིན་གཅིག་ཆགས་ཡ་དེ་དངོས་ནས་གལ་ཆེན་པོ་རེད་འདུག

ད་ང་ཚོ་ཉིན་མ་གཉིས་གསུམ་ནང་ལོག་ལ། ལོ་ངོ་དྲུག་བཅུ་འཁོར་བའི་ཕྱོགས་ལ་གྲ་སྒྲིག་ཞེ་དྲགས་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་། དམ་དྲགས་ཞེ་དྲགས་བྱེད་དགོས་ཆགས་འདུག ཧ་ཧ་ཧ་ཧ་གསུངས་ནས་བཞད་མོ་བཞད། ཁ་སང་ང་རྒྱ་མི་ཞིག་ཐུག་སོང་། ངེད་གཉིས་སྐད་ཆ་བཤད་རྒྱུ་བྱུང་། སྤྱིར་བཏང་ཡིན་ན་དུས་ཆེན་ཁྱད་པར་ཅན་དེ་ཚོ་ལ་མི་ཚང་མ་དགའ་དགའ་སྤྲོ་སྤྲོ་བྱེད་རྒྱུ་ཡོད་པ་རེད། ང་རྒྱ་གར་ལ་སླེབས་ནས་ལོ་ལྔ་བཅུ་ཕྱིན་པ་རེད། རྒྱ་གར་ནས་དུས་ཆེན་དེ་ཚོ་གཏོང་བའི་སྐབས་སུ་མི་་ཚང་མ་ལ་དགའ་བོ་བྱོས་ནས་བསྡོད་ཀྱི་ཡོད་པ་ལས་འདེད་འདེད་ཉོག་ཉོག་ཁ་བོ་གཅིག་ཀྱང་མི་འདུག

རྒྱ་གར་ལ་ཆ་བཞག་ན། རྒྱ་གར་ཤར་དང་ནུབ། རྒྱ་གར་ལྷོ་དང་བྱང་། སྐད་ཡིན་མི་འདྲ་བ་རེད། སྐད་ཡིག་མི་འདྲ་བའི་སྒང་དུ་རིག་གཞུང་ཀྱང་མི་འདྲ་བ་ཡོད་པ་རེད། སོ་སོའི་སོ་སོའི་ང་ཚོའི་སྐད་ཡིག་ཕྱུག་པོ་ཡིན། ང་ཚོའི་སྐད་ཡིག་ཡག་པོ་ཡིན་ཟེར་བ་དེ་ཚང་མས་ཤོད་བསྡོད་ཀྱི་ཡོད་པ་རེད། ཡིན་ནའི་ཚང་མ་ལ་ཞི་བདེ་མཐུན་སྒྲིལ། ལྷིང་འཇག་བཅས་ཡོང་ཚར་འདུག

ད་ཕར་བལྟས་ཚུར་བལྟས་བྱེད་དགོས་པ་ཞིག་མི་འདུག ཡིན་ནའི་ཀ་ཤི་མི་རེས་ཕྱོགས་ནས་ཉོག་ཕྲ་ཏོག་ཙམ་ཡོད་པ་རེད། དེ་ནི་པ་ཀི་སི་ཐན་གྱི་ཕྱོགས་ནས་བྱུང་བ་རེད། སྤྱིར་ན་རྒྱ་ནག་ནང་ལོག་དུ་དམ་དྲགས་ཤུགས་ཆེན་པོ་བྱེད་ཀྱི་འདུག དེ་ག་རེ་བྱས་ནས་རེད། བྱས་ཙང་ང་ཚོ་ཚང་མ་ལ་འགན་འདུག རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེ་དངོས་ནས་དྲང་གནས་ཀྱིས་ཞི་བདེ། ག་རེ་ཟེར་དགོས་ཀྱི་ཡོད་པ་རེད། མི་ཚང་མ་ལ་སེམས་སྐྱིད་པོ་ཡོང་བ་ཞིག་གཏོང་བ་ལ་ང་ཚོ་ཚང་མས་སྒྲུབ་བྱེད་རེད།

ངས་ནམ་རྒྱུན་རྒྱ་ནག་གི་ཕོ་མོ་ཚོ་ལ་སྐད་ཆ་བཤད་བསྡད་ཡོད། དངོས་ནས་དྲང་གནས་ཀྱི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་འདྲ་ཞིག་ཆགས། ཨ་ནས་སྟོབས་ཆེན་པོའི་རྒྱལ་ཁབ་དེས་མིང་སུས་ཐོས་པ་ཡིན་ན། སེམས་ནང་དགའ་བོ་ཡོད་པ་ཞིག་ཆགས་ན། ང་ཚོ་བོད་ཀྲུང་ཧ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་ནང་དུ་བསྡད་ཡ་ལ་སྤོབས་པ་ཡོད། སྤོབས་པ་བྱེད་ཡ་ཞིག་ཡོད་པ་རེད་ཅེས་བཤད་བསྡད་ཡོད།

ཀྲུང་ཧ་མི་དམངས་སྤྱི་མཐུན་ཟེར་ནས་ཡོང་དུས། མི་ཚོས་དོགས་པ་ཟ་དགོས་པ་ཞིག་དང་། ཞེད་སྣང་སྐྱེ་དགོས་པ་ཞིག་བྱུང་བ་ཡིན་ན། ང་ཚོ་གྲང་ཉུང་མི་རིགས་དེ་ཚོ་ལ་དཀའ་ངལ་འཕྲད་ཀྱི་རེད་ལ། ཁྱེད་རང་ཚོ་རྒྱ་རིགས་གྲོགས་པོ་ཚོ་ལ་ཡང་དཀའ་ངལ་འཕྲད་ངེས་རེད།

ཡོ་གྲོབ་ཀྱི་ནང་གི་འབྲེལ་ཐག་འདི་རེད། 达赖喇嘛温哥华《加拿大首次汉藏论坛》发表演讲1
བཀའ་སློབ་དེ་ལ་གསན་མཁན་སུ་ཞིག་གིས་ངོས་ཐད་ནས་བདག་གིས་ཕབ་བཤུས་འདི་ལ་ནོར་བ་འདྲ་བྱུང་ཡོད་སྲིད་ན་དག་བཅོས་བྱེད་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 12

  1. sha tak ri sim says:
    ལོ་ 16 སྔོན།

    བསྟན་འཛིན་ཚེ་འཚོ་ལགས། ཉིད་རང་ཕེབས་བསམ་ཚུལ་གནང་བ་ཐུགས་རྗེ་ཆེ་ལགས། ནུབ་ཕྱོགས་ཨ་རི་ན་ཡོད་ཀྱང་སེམས་པ་བོད་ཀྱི་སྤྱི་དོན་ལ་འཁོར་བ་དངོས་ནས་དགའ་ནི་ཡིན་ལགས། དེ་འདྲ་ཞིག་བྱུང་ན་འུ་ཅག་བོད་ལ་རེ་བ་ཡོད་པ་དང་བོད་མི་དག་གིས་རང་གི་མི་རིགས་ངོ་ཤེས་པའི་རྟགས་ཡིན་སྟབས། དངོས་ནས་རང་གི་ཉེ་འཁོར་གྱི་སྤུན་ཟླ་དག་ལ་འདི་ལྟ་བུའི་ཟིན་བྲིས་དང་སྤུན་ཟླ་དག་གིས་གང་གླེང་འདོད་ཡོད་པ་གླེང་ས་འདུག་ཟེར་ནས་ཞུ་རོགས་གནོང་།

    ཁབ་རྩེ་མིང་ཅན་གྱི་སྤུན་ཟླ་ལགས། སྐུ་ཉིད་འདི་རུ་གསར་དུ་ཕེབས་པའི་སྤུན་ཟླ་ཞིག་ཡིན་པ་དང་སྐད་ཆ་དེ་ཡང་རྒྱུ་མཚན་ལྡན་པ་ཞིག་ཟེར་ན་འདྲ། བསྟན་འཛིན་ཚེ་འཚོ་ལགས་སུ་གསལ་བཤད་གནང་འདུག་པ་དེ་ནི་དངོས་ནས་ཡག་པོ་རེད། འོན་ཀྱང་། ཡིན་འཕངས་པ་ཞིག་ལ་དེང་སང་བོད་པ་ཆེས་མི་ཉུང་བ་ཞིག་གིས་རང་ལུགས་མི་ཤེས་གཞན་རྗེས་མ་ཟིན་པར་བསྡད་པ་མཐོང་དུས་དངོས་ནས་སེམས་པ་སྐྱོ་བ་ཞིག་མ་རེད་ལགས།

    སྤུན་ཟླ་འབུར་ཐོ་ལགས། བདག་གིས་ཉིད་ཀྱི་རེ་འདོད་སྐོང་ཡོད་ལགས། ང་རང་གི་ཟིན་བྲིས་སུ་ཉིད་ཀྱིས་སྐད་བསྐུར་དེ་བཀོད་ཡོད་ལགས། སྤུན་ཟླ་དག་གིས་བསམ་ཚུལ་གང་གནང་བ་དེར་སྐུ་ཉིད་ཀྱིས་ཐད་ཀར་ལན་འདེབས་བྱེད་རྒྱུ་མཁྱེན་ལགས།

    Reply
  2. karing says:
    ལོ་ 16 སྔོན།

    ཚེ་མཚོ་ལགས། དེ་དགོས་པ་འདྲ། གང་ཡིན་ཟེར་ན། རྒྱལ་ཁབ་གཞན་པ་ཚོ་ཡིན་ན་དེང་རབས་ཀྱི་ཟེང་ཆ་ཞེ་དྲག་ཡོད་རེད། བོད་པ་ཚོ་ལྷོད་ལྷོད་ཞི་དུལ་ངང་བཞུགས་ལུགས་ཀྱིས་སོ། །

    Reply
  3. Tentsetso says:
    ལོ་ 16 སྔོན།

    གྲོགས་བསེ་རུ་ལགས།
    ཞི་དུལ་བག་ཡོད་ཚུལ་ལྡན་གྱི་མི་བཟང་པོ་ཞིག་ཏུ་སྐྱེ་བ་ལེན་ན་ངེས་པར་དུ་བོད་མི་ཡིན་དགོས་པའི་ངེས་པ་མེད། སུ་ཞིག་གིས་རང་ཉིད་ཁོ་ན་མ་བསམ་པར་སྤྱི་ཚོགས་ཧྲིལ་པོ་ལ་སེམས་ཁུར་དང་། འགྲོ་དྲུག་ཚང་མར་སྐྱོབས་པའི་བྱམས་སེམས་ལྷད་མེད་ཞིག་ཁུར་ན་ཁ་ཆེ་ཡིན་ཡང་འཐུས། སུ་ཡིན་ཡང་འགྲིག་པར་སེམས། འདི་ང་ཁོ་ནའི་བསམ་ཚུལ་ཡིན་འགྲིག་དགོས་པའི་ངེས་པ་མེད།

    Reply
  4. Tentsetso says:
    ལོ་ 16 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱིས་འདི་ལྟར་དུས་ཐོག་འདོན་སྤེལ་གནང་བ་ཐུགས་རྗེ་ཆེ། ངས་ཨ་རིའི་བོདསྐད་གཟུགས་མཐོང་རླུང་འཕྲིན་ལས་རྒྱང་བསྲིངས་གནང་བ་ལ་བལྟས་པ་ཡིན།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། བདག་ལ་དམིགས་བསལ་གྱིས་ཁྱད་ཆོས་དེ་འདྲ་བསྟོད་འོས་པ་ཞིག་གཏན་ནས་མེད་ཀྱང་། བོད་ཀྱི་འབངས་མི་ཞིག་གི་སྐྱེ་བ་ཐོབ་པའི་ད་རེབ་ཀྱི་རྣམ་ཤེས་འདིས་བསམ་ཚུལ་འདི་འདྲ་ཤར་དོན་རིགས་ཞེན་ཞིག་གིས་ཡིན་ཀྱང་སྲིད་ལ། བོད་མི་རིགས་འདི་ཉིད་ཇི་སྲིད་བདེན་མཐའ་མ་སྲིད་པ་དེ་སྲིད་དུ་བོད་མི་ཞིག་གི་ངོས་ནས་བོད་མི་རིགས་འདི་ལ་སྲི་ཞུ་ཞིག་སྒྲུབ་བློ་ཆེ་བས་ཡིན་སྲིད་པ་རེད་ལགས། འོན་ཀྱང་། སྐུ་ཉིད་ཀྱིས་གསུངས་པ་དེ་ལྟར་དུ་བདག་གིས་ཀྱང་ལོ་ངོ་མང་བོ་ཞིག་གི་གོང་དུ་ཉིན་ཐོ་ཞིག་དུ་འདི་འདྲ་ཞིག་བྲིས་མྱོང་ཡོད། ཁྱེད་རང་མི་རིགས་གང་གི་ཁུངས་སུ་སྐྱེ་ཡོད་ཀྱང་། ཐོག་མར་མི་རིགས་དེའི་ཞེན་ཁོག་འཛིན་རྒྱུ་དེ་ནི་གལ་ཆེན་མིན་པར། མི་རིགས་དེ་འཛམ་གླིང་འདིར་འཚོ་བ་ལ་དགོས་ཕན་གང་ཡོད་ཤེས་རྗེས་ད་གཟོད་ཁྱེད་ཀྱིས་མི་རིགས་དེའི་ཞེན་ཁོག་འཛིན་དགོས་པ་ལས། མི་རིགས་དེ་འཛམ་གླིང་འདིར་འཚོ་ནས་དགོས་ཕན་མེད་པ་ཞིག་ཡིན་ན། ཁྱེད་ཀྱིས་མི་རིགས་དེའི་ཞེན་ཁོག་འཛིན་དགོས་དོན་མི་འདུག་ཟེར་ནས་བྲིས་མྱོང་ཡོད་ལ་དེ་ལྟར་བསམ་མྱོང་བ་ལྟར། སྐུ་ཉིད་ཀྱིས་གསུངས་པ་དེར་བདག་གིས་མོས་མཐུན་ཡོད་ལགས།

    གཉའ་འབྲོང་ཐུ་བུ་ལགས། དུས་རྒྱུན་དུ་ཀློག་དུ་ཕེབས་པ་དགའ་ནི་ཡིན་ལགས།

    Reply
  6. dongthe says:
    ལོ་ 16 སྔོན།

    བཀླགས་ཟིན་ཡག་པོ་རེད།

    Reply
  7. samkhar says:
    ལོ་ 16 སྔོན།

    ཅི་འདྲའི་འདུན་པ་རླབས་ཆེན་ཞིག་རེད་ཨང་།
    མ་གཞི་ཞི་དུལ་བག་ཡོད་ཚུལ་ལྡན་གྱི་མི་བཟང་པོ་ཞིག་ཏུ་སྐྱེ་བ་བླངས་ན་ངེས་པར་དུ་བོད་མིའི་སྐྱེ་བ་མ་བླངས་ཀྱང་ཆོག་པ་མ་ཡིན་ནམ།།

    Reply
  8. sha tak ri sim says:
    ལོ་ 16 སྔོན།

    སྤྲ་དཔལ་ལྡན་ལགས། ཉིད་ཀྱིས་གསན་ཡོད་པ་ཡིན་དུས། བདག་གིས་ཕབ་བཤུ་བྱས་པ་དེར་ནོར་སྐྱོན་འདྲ་བྱུང་ཡོད་ན་འཛུབ་སྟོན་གནང་དགོས་པ་རེད་ལགས།

    སྐར་ཁྲི་བཙན་ལགས། ཉིད་ཀྱིས་འབྲེལ་ཐག་འདི་ནས་༧སྐུ་མདུན་གྱིས་བཀའ་སློབ་དེ་ཞིབ་དུ་གསན་རོགས་ཞུ།

    གངས་རི་སྐྱབས་ལགས། བསྟོད་བསྔགས་འདི་ང་ལ་དངོས་ནས་གནང་བ་ཐུགས་རྗེ་ཆེ་ལགས། ཡིན་ཡང་། བསྟོད་བསྔགས་འདི་ང་རང་ལ་འོས་པ་ཞིག་ཡིན་ནི་མ་རེད་ལགས། ངས་འདི་ནས་༧གོང་ས་མཆོག་གི་བཀའ་སློབ་ཚུར་བཤུས་པ་ཙམ་རེད། བསྟོད་བསྔགས་བྱེད་དགོས་ས་དང་ཅིས་ཀྱང་གཟིགས་དགོས་པ་དེ་ནི་བརྙན་འཁོར་འདིའི་རིགས་ཡིན་པ་ཐུགས་སུ་འཇག་པར་འཚལ་ལགས།

    བསེ་རུ་ལགས། ཉིད་ཀྱིས་བདག་ལ་འདས་མ་ད་གསུམ་ལ་སེམས་ཤུགས་དང་སྤོབས་པ་དགོས་པར་སྐུལ་བ་དེ་དག་བདག་གིས་ག་ལ་བརྗེད། བརྗེད་སྲིད་པ་ཞིག་ཡིན་ནི་མ་རེད་ལགས། མགོ་སྐམ་པོ་འདི་ས་ལ་མ་བཞག་པར་དུ་རང་ཉིད་བོད་པ་ཞིག་ཡིན་པ་བརྗེད་ག་ལ་སྲིད། ད་དུང་། རྣམ་ཤེས་འདི་ཁྲེལ་ཡོད་ཅིག་ཡིན་ན། སྐྱེ་བ་ནས་སྐྱེ་བ་བརྒྱུད་བོད་ལ་སྐྱེ་ནས་བོད་དོན་བྱེད་མཁན་ཞིག་ཆགས་ངེས་རེད་སྙམ་གྱི་ཡོད་ལགས།

    Reply
  9. samkhar says:
    ལོ་ 16 སྔོན།

    འཕག་འཚག་རྒྱག་རྒྱུ་མ་ཤི་བར་དུ་རྒྱག་དགོས་པ་རེད།

    སྔར་ནས་ངས་ཁྱེད་ལ་ཡི་ཐང་མ་ཆད་རོགས་ཞེས་དང་ཁྱོད་ཀྱིས་རྒྱུགས་མ་གཏོགས་ཞེས་གསུངས་པར་ཁོ་བོས་འགྲོ་མ་གཏོགས་ཞེས་པའི་རྩོམ་ཡིག་ཞིག་ཀྱང་སྤེལ་ཟིན་པ་ཡིན་སྟབས།
    དེ་དོན་ཡིད་ལ་འཇོག་རོགས།།

    Reply
  10. gangrikyab says:
    ལོ་ 16 སྔོན།

    ཡག་པོ་འདུག བཀླགས་ནས་བུད་སོང་།

    Reply
  11. Baichung says:
    ལོ་ 16 སྔོན།

    བཀླགས་ཟིན

    Reply
  12. ngawa_palden says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། ངོ་མ་ཡག་པོ་བསྒྱུར་འདུག་ བདག་གིས་ཀྱང་རྒྱ་ཡིག་གི་གསར་ལམ་ཁག་ནས་མཐོང་སོང་ལ་ངོ་མ་ཡག་པོ་བསྒྱུར་འདུག་ ད་དུང་དེ་འདྲའི་རིགས་ཡོད་པེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese