མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོཊ་ཆེན་ཐེངས་གཉིས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ངོས་ནས་ཁོར་ཡུག་སྲུང་སྐྱོབ་ཚད་གཞི་འདི་བློ་འདོན་བྱས་པ་ཡིན། འདི་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཡིན་ལ། རང་རེའི་གདོང་དུ་ཐོན་པའི་དཀའ་ངལ་ནི། ཧ་ཅང་རྙོག་འཛིང་ཆེ་བ་དང་གཏོས་ཆེ་བ་ཞིག་ཡིན་སྟབས། ང་ཚོ་གཅིག་པུས་རང་རྐྱ་འཕེར་བའི་ཐག་གཅོད་ཐུབ་པའི་གནད་དོན་ཞིག་མིན་མོད། མི་ཚང་མས་རང་རང་གིས་དྭངས་གཙང་གི་ཆུ་ཐིགས་རེ་ལེགས་སྐྱེས་སུ་ཕུལ་ཏེ། ཆུ་ཐིགས་དེ་རྣམས་དྭངས་གསལ་གྱི་རྫིང་བུ་ཞིག་ཏུ་འདུས་ཤིང་ཆུ་རྒྱུན་གཙང་མ་ཞིག་ཏུ་འགྱུར་ཏེ། མཐར་ཡངས་ཤིང་རྒྱ་ཆེ་ལ་དྲི་མ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ཏུ་འགྲུབ་པ་ངོས་ཀྱི་སྨོན་ལམ་ཡིན། ཞེས་རྒྱལ་བ་ཀརྨ་པས་གསུངས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་བཞུགས་སྒར་ཉེ་ཁུལ་རྒྱུད་སྟོད་གྲྭ་ཚང་དུ་༼ བཀའ་བརྒྱུད་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པ་ ༽ དེ་ཚོགས་ཡོད་ལ། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་མཆོག་དང་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག རྒྱུད་སྟོད་མཁན་རིན་པོ་ཆེ། བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་ཐུབ་བསྟན་འཇིགས་བྲལ་བཅས་ཕེབས་འདུག་ལ། གཞན། རྒྱ་བལ་འབྲུག་གསུམ་ས་གནས་ ༡༥ ཙམ་གྱི་བཀའ་བརྒྱུད་དགོན་ཁག་ ༣༢ ཙམ་ནས་སྐུ་ཚབ་འཐུས་མི་བརྒྱ་ལ་ཉེ་བ་ཚོགས་ཞུགས་གནང་ཡོད་ལ། དེ་མིན་ས་གནས་རྒྱ་གར་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྐུ་ཚབ་དང་། ཁོར་ཡུག་སྲུང་སྐྱོབ་ཆེད་མཁས་པ་བཅས་ཀྱང་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་འདུ་དེ་ཕྱི་ཚེས་ ༣ ནས་ ༨ བར་གྱི་ཉིན་གྲངས་དྲུག་རིང་འཚོགས་འཆར་ཡོད་པ་དང་། ཉིན་འདི་དག་རིང་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ལས་བསྡོམས་སྙན་སྒྲོན་དང་མ་འོངས་པར་ལས་འཆར་སྒྲིག་རྒྱུ། དེ་བཞིན། དཔལ་རྒྱལ་བ་ཀརྨ་པ་པ་དབུ་བཞུགས་ཐོག ནང་ཆོས་དང་འབྲེལ་བའི་ཐོག་ནས་ནགས་ཚལ་འདེབས་འཛུགས་དང་ཆུ་གསོག་འཇོག རི་དྭགས་སྲུང་སྐྱོབ། གད་སྙིགས་དོ་དམ། ཉི་འོད་ནུས་ཁུངས་བཅས་ཀྱི་སྐོར་ལ་ཉམས་མྱོང་སྤེལ་རེས་དང་སྦྱོང་བརྡར་ཚོད་ལྟ། གློག་བརྙན་སྦྱན་འབུལ་བཅས་ཞུ་རྒྱུ་ཡིན་འདུག

སྐབས་དེར་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་གསུངས་དོན། ང་ཚོ་ཚང་མས་མཁྱེན་གསལ་ལྟར། འཛམ་གླིང་འདིའི་ནང་ད་ལྟའི་ཆར་ཁོར་ཡུག་གི་གནས་སྟངས་ཧ་ཅང་གི་ཉེན་ཚབས་ཆེན་པོར་འགྱུར་བཞིན་ཡོད། དུས་རབས་ཉི་ཤུའི་འཛམ་གླིང་གི་ཚན་རིག་དང་འཕྲུལ་ཆས་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ཏེ། འགྲོ་བ་མིའི་ངོམས་པ་མེད་པའི་འདོད་རྔམ་གྱིས་བེད་སྤྱོད་ལོག་པར་བཏང་སྟེ། འཛམ་གླིང་སྲུང་སྐྱོབ་ཀྱི་ནུས་པ་ཡོད་པའི་འབྱུང་ཁམས་ཀྱི་ནུས་པ་ཤོར་ཞིང་། འཛམ་གླིང་སྤྱིའི་ཚ་དྲོད་རྒྱས་ཏེ་གོ་ལའི་ལྷོ་བྱང་གི་འཁྱགས་རོམ་དང་། བོད་ལྟ་བུའི་ས་མཐོའི་འཁྱགས་རོམ་ཁག་ཀྱང་གཅིག་རྗེས་གཉིས་མཐུད་དུ་བཞུས་ཏེ། འཛམ་གླིང་ཧྲིལ་བོ་གནས་དང་མི་གནས་ཀྱི་ཉེན་ཁར་ཐུག་ཡོད།

དེ་བཞིན་ཁོར་ཡུག་ལ་ཕན་པའི་སྐྱེས་དངོས་དང་། རི་སྐྱེས་སྲོག་ཆགས་རྣམས་ཀྱང་རྩ་བརླག་ཏུ་ཕྱིན་ཏེ། དེང་གི་དུས་འདིར་དབྱུང་རྔུབ་ཀྱི་དབུགས་ཚུན་ཆད་གཙང་མ་མེད་པ་ཆགས་ཡོད། ཆུ་གཙང་མ་མ་རག་པར་འཐུང་ཆུ་འགྱིག་དམ་ནང་བཟུང་ནས་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད། ད་དུང་གཟབ་གཟབ་མ་བྱས་ཚེ། མི་འགྱངས་པར་དབུགས་ཀྱང་རྒྱབ་ལ་འཁུར་ནས་འགྲོ་དགོས་པ་ཆགས་མི་སྲིད་པ་མ་རེད། དཔེར་ན། ཉི་ཧོང་དང་ཀོ་རི་ཡའི་ནང་དུ་དབྱིན་ཡིག་ནང་ Oxgyen bar ཟེར་བའི་དབུགས་ཀྱི་ཟ་ཁང་ཡོད། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་བྱས་པ་དེ་འཛམ་གླིང་སྤྱི་དང་། བྱེ་བྲག་སྐྱེ་འགྲོ་ཐམས་ཅད་ལ་ཧ་ཅང་གི་དགོངས་པ་རླབས་ཆེན་བཞེས་པའི་ལས་དོན་གལ་ཆེན་ཞིག་རེད། ད་ལྟའི་ཆར་བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་ཆགས་ཡོད་ཀྱང་། མ་འོངས་པར་འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་ཞིག་ཏུ་བསྒྱུར་ཏེ། དེའི་ལས་འགན་རྒྱལ་བ་ཀརྨ་པ་མཆོག་གིས་བཞེས་ཐུབ་པར་ཚང་མས་འཕྱིར་གྲུ་མཉམ་འདེགས་ཀྱི་ཕྱག་ལས་གནང་དགོས། ཞེས་གསུངས་སོང་།
དེའི་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་དེ་རིང་གསར་དུ་སྒོ་འབྱེད་གནང་བའི་༼ ཀརྨ་བཀའ་བརྒྱུད་པའི་ཆོས་ཚོགས་དང་དགོན་སྡེ་མང་ཚོགས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལམ་སྟོན། ༽ ཞེས་པའི་དཔེ་དེབ་ཀྱི་སྔོན་གླེང་སྦྱར་ཀློག་གནང་དོན། འདས་པའི་དུས་སུ་འཛམ་གླིང་གི་ས་ཆ་ཕལ་མོ་ཆེར་ཡོད་པའི་མི་རྣམས་དང་རང་བྱུང་ཁོར་ཡུག་བར་བཅོས་མིན་གྱི་འབྲེལ་བ་ཟབ་མོ་ཡོད། ཁོང་ཚོས་རང་བྱུང་ཁོར་ཡུག་གིས་སྤྲད་པའི་ཐོན་ཁུངས་རྣམས་དགོས་ངེས་དང་བསྟུན་ཏེ་བེད་སྤྱོད་བྱེད་ཅིང་། རྒྱས་སྤྲོས་མེད་པའི་འཚོ་ཐབས་དེས་སའི་གོ་ལར་གནོད་འཚེ་ཐེབས་པ་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་། འདི་འདྲའི་གནས་ཚུལ་ལ་ཉེ་བའི་ཆར་ཚད་གཞི་ཆེན་པོའི་འགྱུར་བ་ཕྱིན་ཡོད་ཅིང་། ང་ཚོའི་འཚོ་བ་ཟང་ཟིང་དུ་གྱུར་པས་མ་ཚད། ང་ཚོ་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ཡང་ཧ་ཅང་དཀའ་རྙོག་ཅན་ཞིག་ཏུ་འགྱུར་བཞིན་ཡོད། ད་ལྟ་ང་ཚོར་སའི་གོ་ལ་གནོད་འཚེ་གཏོང་བྱེད་ཀྱི་ནུས་སྟོབས་ཤུགས་ཆེན་རྫོགས་ཟིན་པ་ཡིན།

དུས་རབས་ཉེར་གཅིག་པའི་འཚོ་ཐབས་ཀྱིས་ཁོར་ཡུག་ལས་འདོན་ལེན་ཤུགས་ཆེན་བྱས་ཤིང་། ང་ཚོས་རྡོ་སྣུམ་དང་ཤིང་ཆ། ཆུ་ལྟ་བུའི་ཐོན་ཁུངས་སྔར་ལས་མང་བོ་བེད་སྤྱོད་བྱེད་རྐྱང་ལས་མཇུག་འབྲས་ལ་བསམ་གཞིག་བྱེད་ཀྱིན་མེད། ང་ཚོས་སྒྲིག་ཆས་འདྲ་མིན་དང་རྩེད་ཆས། འཕྲུལ་ཆས་བཅས་དགོས་པ་དྲན་གྱིན་ཡོད་ཀྱང་། ཅ་ལག་དེ་ཚོ་གལ་ཆེན་པོ་ཡིན་མིན་དང་དངོས་འབྲེལ་ཕན་ཐོགས་ཡོད་མེད་ཀྱི་བསམ་བློ་ལྷོད་མོ་བཏང་མྱོང་མེད། མཚམས་རེར་མིའི་རིགས་ཀྱི་འདོད་པ་ནི་རང་བཞིན་གྱིས་ངོམས་མཐའ་མེད་པ་ལྟ་བུ་ཞིག་རེད། འོན་ཀྱང་། ས་ཆེན་པོ་འདིས་ང་ཚོར་ཇི་ཙམ་འཚོ་སྲིང་བྱེད་ནུས་པ་ནི་ཚད་གཞི་ཅན་ཞིག་ཡིན་པས། ང་ཚོས་མུ་མཐུད་བསམ་བློ་གཏོང་མི་དགོས་པར་རང་རྒྱུད་ཀྱི་འདོད་པར་གཡེངས་ནས་སྡོད་ཐབས་བྲལ། སངས་རྒྱས་ཞལ་ཞུགས་པའི་དུས། དགེ་འདུན་གྱི་འཚོ་བ་གཟབ་ནན་དང་བསྲི་ཚགས་བྱས་ཏེ་དངོས་རྫས་གང་ཡང་ཆུས་ཟོས་སུ་གཏོང་གི་མེད། ངས་དཔེ་ཆ་ཞིག་ལས་དགེ་འདུན་རྣམས་ཀྱིས་ཆོས་གོས་གསར་པ་ཞིག་བླངས་རྗེས། ཆོས་གོས་རྙིང་པ་དེ་གདན་དང་ཉལ་ཤུབས་ལྟ་བུར་བེད་སྤྱད། དེ་ཡང་བཀོལ་ཟད་ཐེབས་རྗེས་འཕྱི་རས་སུ་བེད་སྤྱད། མཐར་འཕྱི་རས་དེ་ཡང་ཧྲུལ་དུ་སོང་ཚེ། རས་ཚལ་རྣམས་རྡོ་ཐལ་དང་བསྲེས་ཏེ་གྱང་ལ་བྱུག་གི་ཡོད་པའི་སྐོར་ཀློག་རྒྱུ་བྱུང་། ཞེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། ཉེ་ཆར་ངས་གོ་ཐོས་ལ་འབྲོག་པ་རྣམས་ཁྱིམ་གཞིས་ཆགས་ནས་ཞིང་པར་སྒྱུར་བཞིན་ཡོད་འདུག དེས་སྲོལ་རྒྱུན་གྱི་འཚོ་ཐབས་མྱུར་དུ་ནུབ་ཉེའི་གནས་ཚུལ་འཕྲད་ཀྱིན་ཡོད། ཁྱིམ་གཞིས་ཆགས་པའི་མང་ཚོགས་ཚོས་སྔར་ལས་ལྷག་པའི་ཐོན་ཁུངས་བེད་སྤྱོད་བྱེད་པ་དང་། ལྗོན་ཤིང་མང་པོ་བཅད་པ། འདོར་གཡུགས་བྱེད་དགོས་པའི་གད་སྙིགས་མང་དུ་འགྲོ་བ་དང་། སོ་ནམ་ཞིང་ལས་ཀྱིས་ཀྱང་རྩྭ་ཐང་རྩ་བརླག་ཏུ་གཏོང་བ་མཚོན་ཞིང་། ས་གཞི་ལའང་སྔར་ལས་མང་པའི་རྫས་ལུད་དང་རྫས་འགྱུར་འདྲ་མིན་བེད་སྤྱོད་མ་བཏང་ན་འཚོ་ཐབས་སྐྱོང་དཀའ་བར་འགྱུར་གྱིན་ཡོད། ཧི་མ་ལ་ཡི་རི་རྒྱུད་ལ་གནས་བཅས་པའི་མི་ཚོའི་ཚོ་བ་སྐྱོང་སྟངས་ལའང་དེ་དང་མཐུན་པའི་ཆ་མང་པོ་ཡོད་ཅིང་། བོད་དང་ཧི་མ་ལ་ཡའི་ས་ཁུལ་ནི་ཨེ་ཤ་ཡའི་ཆུ་བོ་ཕལ་མོ་ཆེའི་འབྱུང་གནས་ཡིན་པས་ལྷག་པར་གལ་ཆེན་ཡིན།

དེར་བརྟེན། ངོས་ནས་དེར་གནས་པའི་མི་ཚོས་ཁོར་ཡུག་བདག་སྐྱོང་བྱེད་ཚུལ་གྱི་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པའི་རེ་བ་ཡོད། དེའི་ནང་གི་མི་ཕལ་མོ་ཆེ་ནི་ནང་པ་ཡིན་ཞིང་ནང་ཆོས་ལ་དད་གུས་གང་ལེགས་ལྡན་ཡོད་སྟབས། ངོས་ནས་ཁོ་ཚོའི་དད་མོས་དེ་ལག་ལེན་དངོས་ཀྱི་ཐོག་སེམས་ཅན་ཡོངས་ཀྱི་ཕན་བདེའི་གཞིར་འགྱུར་བ་དང་འཛམ་གླིང་ལ་ཞི་བདེ་དང་འཆམ་མཐུན་འདྲེན་ཐུབ་པའི་རེ་བ་ཡོད། དེ་མིན་ང་ཚོས་སེམས་ཅན་ཐམས་ཅད་ཕན་བདེར་འགོད་འདོད་ཀྱི་སྨོན་ལམ་དེ་ཚོ་སེམས་གསོ་གཏོང་བྱེད་ཀྱི་ཚིག་ཙམ་དུ་འགྲོ་ཉེན་ཆེ། ང་ཚོས་ཁོར་ཡུག་ལ་བཅོས་ཐབས་མེད་པ་ལྟ་བུའི་གནོད་འཚེ་ཆེན་པོ་བཏང་ཟིན་མོད། ཁོར་ཡུག་སྲུང་སྐྱོབ་ཀྱི་གོམ་སྟབས་ཆུང་ངུ་ཞིག་སྤོ་བའི་དོན་དུ། རེ་བ་རྟ་རྔ་ཙམ་མེད་པ་མི་སྲིད་པས། ངོས་ནས་ཁོར་ཡུག་སྲུང་སྐྱོབ་དང་མང་ཚོགས་ཞབས་ཞུ་བཅས་ ༢༠༠༧ ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་ལྔ་བའི་ལས་རིམ་ནང་བཅུགས་ཡོད། ཅེས་གསུངས་བྱུང་། 

མཇུག་མཐར་ཁོང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རེ་སྨོན་བསྟན་དོན། གནམ་གཤིས་འགྱུར་ལྡོག་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཆ་གཞན་ལས་ཀྱང་། ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད་པར་བརྟེན། ངོས་དང་འབྲེལ་ཡོད་དགོན་ཁག་དང་གཞི་རྒྱ་ཆེ་བའི་མང་ཚོགས་ནས་ལས་དོན་དངོས་ལ་ཞུགས་ཏེ་ནུས་པ་ཅི་ཡོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་ཞེས་ཁ་ཏ་བྱ་རྒྱུ་ཡིན། རྨང་གཞི་འདི་འདྲའི་ཐོག ནང་པའི་སྲོལ་རྒྱུན་དང་ཁོར་ཡུག་ལ་བརྩི་བཀུར་བྱེད་པའི་རྣམ་འགྱུར་ཟུང་འབྲེལ་གྱིས་དེང་རབས་ཀྱི་ཚན་རིག་དང་དངོས་ཡོད་ཀྱི་ལས་དོན་ཁ་སྣོན་བརྒྱབས་སྟེ། ངོས་ནས་ཁོར་ཡུག་སྲུང་སྐྱོབ་ཚད་གཞི་འདི་བློ་འདོན་བྱས་པ་ཡིན། འདི་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཡིན་མོད། རང་རེའི་གདོང་དུ་ཐོན་པའི་དཀའ་ངལ་ནི། ཧ་ཅང་རྙོག་འཛིང་ཆེ་བ་དང་གཏོས་ཆེ་བ་ཞིག་ཡིན་སྟབས། ང་ཚོ་གཅིག་པུས་རང་རྐྱ་འཕེར་བའི་ཐག་གཅོད་ཐུབ་པའི་གནད་དོན་ཞིག་མིན་མོད། འོན་ཀྱང་། མི་ཚང་མས་རང་རང་གིས་དྭངས་གཙང་གི་ཆུ་ཐིགས་རེ་ལེགས་སྐྱེས་སུ་ཕུལ་ཏེ། ཆུ་ཐིགས་དེ་རྣམས་དྭངས་གསལ་གྱི་རྫིང་བུ་ཞིག་ཏུ་འདུས་ཤིང་གྲུབ་པ་ལས་ཆུ་རྒྱུན་གཙང་མ་ཞིག་ཏུ་འགྱུར་ཏེ། མཐར་ཡངས་ཤིང་རྒྱ་ཆེ་ལ་དྲི་མ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ཏུ་འགྲུབ་པ་ངོས་ཀྱི་སྨོན་ལམ་ཡིན། ཞེས་གསུངས་བྱུང་།

མཆན། 15

  1. ཐུབ་པ། says:
    ལོ་ 13 སྔོན།

    ཐུགས་རེ་བཞིན་འགྲུབ་པའི་སྨོན་ལམ་འདེབས།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དྲ་གྲོགས་བཙན་པོ་ལགས། དུས་ལྟར་ལན་འདེབས་བྱ་མ་ཐུབ་པར་གུ་ཡངས་གནང་རོགས། ༼ བཀའ་བརྒྱུད་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པ ༽ ཞེས་པ་དེ་རྩོམ་སྒྲིག་པས་བཅོས་པ་མིན་པར་དངོས་ཡོད་ཡིན། ཕྱི་ཚེས་ ༣ ཉིན་ཚོགས་ཆེན་དབུ་འཛུགས་སྐབས། ཚོགས་ཞུགས་པ་དང་གསར་འགོད་པ་ཡོངས་ལ་བཀྲམས་པའི་མཛད་རིམ་གྱི་ཁ་བྱང་ལ་དེ་ལྟར་བཀོད་འདུག སྐབས་དེར་ང་ཡང་ཅུང་དོགས་མི་བདེ་བ་ཞིག་བྱུང་སྟེ། ༼ རྒྱལ་ཡོངས་བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པ ༽ ཞེས་བཏགས་ན་འོས་འཚམ་རེད་དྲན་སོང་། བོད་ཡིག་གི་ཁ་བྱང་དེའི་གཤམ་དུ་དབྱིན་ཡིག་གིས་ ( Second conference on environment protection for Kagyu Buddhists ) ཞེས་བཀོད་འདུག་སྟབས། བོད་ཡིག་གི་ཁ་བྱང་དང་དབྱིན་ཡིག་གི་ཁ་བྱང་གཉིས་ཅུང་མི་འདྲ་བ་ཆགས་འདུག

    Reply
  3. tashi dawa says:
    ལོ་ 13 སྔོན།

    རྒྱལ་བ་ཀརྨ་པ་མཆོག་གིས་འདི་འདྲ་གནང་བ་ཆེས་དགའ་འོས་པ་ཞིག་རེད་མོད། འོན་ཀྱང་ཕྱག་དཔེ་མ་གཟིགས་པར་ཚོགས་འདུ་དང་། བཀའ་བརྒྱུད་སྨོན་ལམ་ཁོངས་སུ་རྒྱ་ནག་གི་ལུགས་སྲོལ་མང་པོ་ཞིག་བསྲེག་སླད་བཏང་གི་འདུག་ཟེར་བ་དང་། རྒྱ་ནག་གི་དཔེ་ཆ་མང་པོ་ཞྀག་བཀའ་བརྒྱུད་པའི་འདོན་ཆ་ལ་བསྒྱུར་བ་ཐོས། དེས་ན་ཁྱད་མཚར་བ་ཞིག་མ་ཡིན་ནམ་བཀའ་བརྒྱུད་པའི་ཆོས་ལུགས་ནི་སྔར་ནས་ད་ལྟ་བར་དུ་རྒྱུན་མཐུད་དེ་བསྡད་ཡོད་དེ་དུས་འགྲིག་ན་ད་ལྟ་མ་འགྲིག་པའི་རྒྱུ་མཚན་གང་ཡིན་ནམ། ཁག་ཅིག་གིས་ཁོང་གི་བཀའ་བརྒྱུད་པའི་རང་ལུགས་མ་ཤེས་ཀྱང་ཟེར་དེ་ནི་བསྐུར་འདེབས་ཡིན་སྲིད།

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 13 སྔོན།

    ནོར་བཅོས།
    གོ་ལའི་ཐོན་ཁུངས་ཀྱི་བརྒྱ་ཆ་བརྒྱད་ཅུ་མི་འབོར་གྱི་བརྒྱ་ཆ་ཉི་ཤུས་འཛད་སྤྱོད་བྱེད་ཀྱིན་ཡོད། ཅེས་པར་གོ་རོགས་ཞུ།

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 13 སྔོན།

    oxygen bar ཅེས་པ་དབུགས་ཀྱི་ཟ་ཁང་དུ་བསྒྱུར་བ་ནི་དགོད་ཁ་སློང་བ་རང་འདྲ། གཙང་རླུང་རྔུབ་སའམ་ཡང་ན་དབུགས་རྔུབ་ཁང་ཆུང་སོགས་ཐ་སྙད་ཇི་འདྲ་ཞིག་གིས་བསྙད་ཀྱང་མི་འཚམ་པ་མི་འདུག

    ༸རྒྱལ་དབང་ཀརྨ་པ་མཆོག་ནས་འདི་ལྟའི་མཚན་དོན་དང་གནས་བབ་ཐམས་ཅད་ནས་ཤིན་ཏུ་འཚམ་པའི་རླབས་ཆེན་མཛད་པ་ཞིག་གི་དབུ་བརྩམས་པར་དགའ་གུས་ཡིད་རངས་ཞུ་བཞིན་ཡོད།

    བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་འདི་ནི་འཇིག་རྟེན་འདི་ལྟར་རྒུད་འགྲོ་བའི་རྩ་བའི་རྒྱུ་རྐྱེན་དུ་ངོས་འཛིན་བྱས་ན་མི་འགྲིག་པ་མེད་ཅིང་། ཁོ་བོའི་ལྟ་སྟངས་ལྟར་ན་ང་ཚོས་ཐབས་བཀོད་ཇི་འདྲ་ཞིག་འཐེན་ཀྱང་འཇིག་རྟེན་ཆག་གྲུམ་ཤོར་འགྲོ་བའི་གནས་སྟངས་འདི་སུས་ཀྱང་བཟློག་པར་མི་ནུས་པའི་རང་བྱུང་གི་འགྱུར་བ་ཞིག་ཏུ་མཐོང་གིན་འདུག

    གོ་ལའི་ཐོན་ཁུངས་ཀྱི་བརྒྱ་ཆ་བརྒྱད་ཅུ་མི་འབོར་གྱི་བརྒྱ་ཆ་བརྒྱད་ཅུས་འཛད་སྤྱོད་བྱེད་ཀྱིན་ཡོད།
    འཐུང་ཆུ་གཙང་མ་མེད་པའི་གནས་སྟངས་འོག་ཉིན་རེར་མི་གྲངས་༥༠༠༠ཙམ་རྐྱེན་འདས་སུ་འགྲོ་ཡིན་ཡོད།
    མི་འབོར་ཐེར་གཅིག་ཙམ་འཐུང་ཆུའི་དཀའ་ངལ་ནང་ལྷུང་ཡོད།
    མི་འབོར་ཐེར་འབུམ་གཅིག་ཙམ་བཀྲེས་ལྟོགས་ཀྱིས་མནར་གྱིན་ཡོད་པ་རེད།
    གོ་ལའི་འབྲུ་རིགས་ཀྱི་ཐོན་ཁུངས་བརྒྱ་ཆ་༥༠ལྷག་ཕྱུགས་གསོ་ཁང་གི་སེམས་ཅན་གྱི་ཁ་ཟས་དང་སྐྱེ་ལྡན་ས་སྣུམ་གྱི་ཆེད་དུ་བེད་སྤྱོད་བྱེད་ཀྱིན་ཡོད།
    ས་རྒྱུ་གཤིན་པོ་བརྒྱ་ཆ་༤༠ཙམ་ཕུགས་གནོད་ཚབས་ཆེན་གྱི་ལམ་ནས་འཕྲོ་བརླག་འགྲོ་ཡིན་ཡོད།
    ལོ་རེ་བཞིན་ཤིང་ནགས་ཧེཀ་ཌར་ས་ཡ་བཅུ་གསུམ་ཙམ་སྟོངས་ཟད་དུ་འགྲོ་ཡིན་ཡོད།
    འཛམ་གླིང་ནང་དམག་དོན་ཐད་ཀྱི་འགྲོ་སོང་དེ་རྒྱལ་ཁབ་ཡར་རྒྱས་ཀྱི་འགྲོ་འགྲོན་ལས་ལྡབ་བཅུ་གཉིས་ཀྱིས་མང་བ་གཏོང་གིན་ཡོད།
    གོ་ལའི་འཁྱགས་རོམ་དང་གངས་རི་རྣམས་མ་མཐར་ཡང་༢༠༥༠ནང་གཏན་ཟད་དུ་འགྲོ་བར་ཤོད་ཀྱིན་འདུག དུས་དེ་འདྲ་ཞིག་གི་མཚམས་ལ་འཛམ་གླིང་ནང་ཉུང་མཐར་ཡང་ཁོར་ཡུག་སྐྱབས་བཅོལ་བ་ས་ཡ་༢༠༠ཙམ་འོང་རྒྱུ་ཡིན་ཟེར།

    དངོས་གནས་གཉིད་སྐྱིད་པོ་ཞིག་ཀྱང་ཁུག་བཅུག་གི་མི་འདུག མ་གཞི་མ་བྱེད་དགུ་བྱེད་བྱས་པའི་མཇུག་ལ་ཡོང་རྒྱུ་འདི་འདྲ་ཞིག་ལས་མེད་པ་འདི་རྒྱུ་འབྲས་ཀྱི་འགྲོ་སྟངས་རེད་པཱ།

    Reply
  6. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    ཨ་མའི་བུ་རེ་བ་ཅན་ཞིག་ཏུ་སྔོན་མ་ཞིག་ནས་མཐོང་གི་ཡོད། སྐུ་ཚེ་བརྟན་པར་སྨོན།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    བྱ་བ་རླབས་ཆེན་ཟེར་ནས་བཅོས་རོགས

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    ཡ ད་ དངོས་ནས། བོད་འདིས་བྱ་བ་ལམ་ཆེན་རྐྱང་རྐྱང་བྱེད་དགོས་ཀྱི་ཡོད་པར་རྟག་དུ་བཤད་པ་རེད། མི་ལོ་སྟོང་ཕྲག་མང་བོའི་རིང་དུ་བཤད་པ་རེད། དོན་དངོས་ཐོག ད་དུང་། སེལ་མ་ཐུབ་པའི་དཀའ་ངལ་མི་ཉུང་བ་ཞིག་གིས་སྣེ་མོ་ནི་ཚེར་མ་བཞིན་འཛིང་དེ་ཡོད་པ་དེ་ཚོ། རྒྱལ་བ་ཀརྨ་པ་མཆོག་གི་གཙོ་བའི་ཆོས་རྒྱུད་ཁག་གི་དབུ་ཁྲིད་དག་གིས་ཐུགས་བསམ་ལེགས་པོ་བཞེས་དེ་དོན་ཐོག་འཁྱོངས་པ་ཞིག་བྱེེད་རྒྱུར་དངོས་ནས་དྲང་གནས་ཀྱི་རེ་བ་ཆེན་པོ་ཡོད།

    Reply
  9. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 13 སྔོན།

    ༧་རྒྱལ་དབང་ཀརྨ་པ་མཆོག་ལ་གུས་ཕྱག་དང་འཚམས་འདྲི་གྲངས་མེད་ཞུ།

    Reply
  10. སངས་རྒྱས་ཆོས་འཕེལ། says:
    ལོ་ 13 སྔོན།

    ངོས་ནས་ཞེས་དང་ངོས་ཀྱི་ཟེར་བ་དབུས་གཙང་གི་ཁ་སྐད་རེད། ལྷ་ས་ནས་བསྒྱུར་བའི་གློག་བརྙན་ལ་གཟིགས་དང་ཤེས་པར་འགྱུར། བཀའ་བརྒྱུད་ཟེར་བ་དེ་རྒྱ་ཆེན་པོ་ཡོད་རེད། ཆེ་བཞི་དང་ཆུང་བརྒྱད། ལྷག་པར་འབྲུག་པ་བཀའ་བརྒྱུད་དེ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཚུན་ལ་ཁྱབ་ནས་ཡོད་ཟེར་གྲགས་སོ།

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    སྤྱིར་རྗེས་སུ་ཡི་རང་ཡོད། འོན་ཀྱང་ངོས་ནས་དང་ངོས་ཀྱི་ཞེས་པའི་ཚིག་དེ་བེད་སྤྱོད་གནང་པ་ཐོག་མ་ཡིན་ཚོད་འདུག་ལ། ཚིག་དེ་གཉིས་ ་་་་་་་་་་་་་་༸གོང་ས་མཆོག་གིས་་་་་་་་་་་་་་་་་་་་་་་་་་

    Reply
  12. བཙན་པོ། says:
    ལོ་ 13 སྔོན།

    འདི་ནི་སེམས་འགུལ་ཐེབས་པ་ཞིག་རེད། རྩོམ་སྒྲིག་པ་ལགས་༼ བཀའ་བརྒྱུད་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པ་ ༽ ཁྱེད་ནས་བཅོས་བ་མིན་འགྲོ། བཀའ་བརྒྱུད་རྒྱལ་ཡོངས་ཟེར་ བཀའ་བརྒྱུད་ནི་རྒྱལ་ཁབ་ཞིག་རེད་དམ།

    Reply
  13. བློ་བཟང་། says:
    ལོ་ 13 སྔོན།

    ཆོས་པ་ཞིག་ལ་མཚོན་ན། རྡུལ་ནི་ས་རྡུལ་མ་ཡིན་ཉོན་མོངས་རྡུལ། །གསུངས་པ་བཞིན་སྤྱིའི་འཁོར་ཡིག་ལས་ཀྱང་ནང་སེམས་ཀྱི་ཐོག་ནས་འཁོར་ཡུག་གཙང་མ་བྱས་ཏེ་དམ་ཚིག་གཙང་མ་བྱེད་རྒྱུ་གལ་ཆེ་པོ་རེད།

    Reply
  14. འདྲེ་རིག་ལྡན། says:
    ལོ་ 13 སྔོན།

    དུས་རབས་གསར་པའི་མི་རབས་གསར་བ་འདིའི་སྣེ་ཁྲིད་དགོས་ན་འདི་ལྟའི་རླབས་ཆེན་གྱི་མཛད་པ་སྐྱོང་དགོས་འདུག རྗེས་སུ་ཡི་རངས་དང་གུས་འདུད་ཞུ།

    Reply
  15. ནད་པ says:
    ལོ་ 13 སྔོན།

    དཔལ་༸ རྒྱལ་བ་ཀརྨ་པ་མཆོག་གིས་ཇི་ལྟར་སྔོན་གྱི་ཐུགས་སྐྱེད་བཟང་པོའི་སྨོན་ལམ་བཞིན་ད་ཆ་འཛམ་གླིང་གོ་ལ་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གལ་ཆེར་གཟིགས་ཏེ་བཀའ་བརྒྱུད་ཁོར་ཡུག་ཚོགས་ཆེན་ཐེངས་གཉིས་པ་སྐོང་འཚོགས་ཐུབ་པར་བཀྲིས་བདེ་ལེགས་ཞུ།

    མི་ཚང་མས་རང་རང་གི་དྭངས་གཙང་ཆུ་ཐིགས་རེ་སྐྱེས་སུ་ཕུལ་ཏེ་མཐར་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཐུགས་རེ་ཟབ་མོ་གནང་བ་དེ་རྒྱལ་བ་ཀརྨ་མཆོག་གི་རླབས་ཆེན་གྱི་དགོངས་པ་དང་། བླ་ན་མེད་པའི་དགོངས་པ་ཟབ་མོ་ཞིག་ཡིན་སྟབས་དེ་བཞིན་དུ་འགྲུབ་པའི་སྨོན་ལམ་ཞུ།

    ༸ རྒྱལ་བ་ཀརྨ་པ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།

    Reply

Leave a Reply to ཐུབ་པ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist