མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདོན་འདྲེའི་ཐོན་རྫས་ཤིག {ཐ་མག་ལ་བྲིས།}

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་རང་གིས་ང་རང་དྲན་ཏེ་འོང་དུས་སུ། ཁྱེད་རང་གིས་མིའི་སྒོར་མོ་མང་བོ་ཞིག་རྔུལ་ཆུ་བསགས་དེ་དཀའ་ལས་བརྒྱབ་པ་འཕྲོ་བརླག་དུ་གཏོང་བཞིན་ཡོད་པ་དྲན་གྱི་མེད་ལ། ཁྱེད་རང་གིས་མིའི་མི་ཚེ་ནང་གི་འཕྲོད་བརྟེན་ལ་ཡང་དེ་ལས་ཀྱང་བསམ་བློ་གཏོང་མྱོང་མེད། ཨ་ཙི། ང་འདི་དངོས་ནས་གླེན་པ་རང་རེད། ཁྱེད་རང་ནི་ཁ་གྲགས་མི་ཤེས་པའི་མིའི་འགྲོ་སོང་གི་སྒོ་མོ་ཞིག་དང་། མིའི་ཚེ་སྲོག་གི་རིན་ཐང་ལ་གནོད་འཚེ་གཏོང་མཁན་གྱི་གཏེ་བོ་ཞིག་ཡིན་པ་ལས། ཁྱེད་རང་ལ་མིའི་རིགས་ཀྱི་སེམས་ཚོར་ཟེར་བ་དེ་ག་ལ་ཡོད། སེམས་ཚོར་ཡོད་མཁན་དང་བསམ་ཤེས་ཐུབ་མཁན་ནི་མི་ཡིན་པས། མིའི་རང་གི་འཕྲོད་བརྟེན་དང་འགྲོ་སོང་ལ་བསམ་བློ་མ་བཏང་བ་ཡིན་ན། ཁྱེད་རང་ལ་ཐུགས་ཁག་ཞིག་ག་ལ་ཡོད། སྨྲ་མི་ཤེས་པའི་ཁྱེད་རང་ལ་སྐད་ཆ་བཤད་བཞིན་པས་ང་རང་ནི་གླེན་པ་རེད། དོན་མི་གོ་བའི་ཁྱེད་རང་ལ་གོ་བརྡ་སྤྲོད་འདོད་པ་ནི་སྟོང་བསམ་རེད། ཚོར་བ་མེད་པའི་ཁྱེད་རང་ལ་གསང་གཏམ་བཤད་པ་ནི་དོན་མེད་རེད། བདེ་སྡུག་གང་ཡང་མེད་པའི་མིང་ཞིག་ཐོག་ཡོད་པ་དེ་ནི་ཁྱེད་རང་གི་མིང་དེ་ཐ་མག་རེད།

ཁྱེད་རང་གི་མིང་དུ་ཐ་མག་བཏགས་པ་དེ་ནས་བཟུང་།ཁྱེད་རང་གིས་ཐ་མལ་གྱི་ལས་ཤིག་མ་གཏོགས་གང་ཡང་བྱས་མྱོང་མེད།དབུལ་བོ་སྡུག་བསྔལ་གྱི་འཚོ་བ་ནས་ནད་ཚའི་མལ་དུ་བརྫངས།ཕྱུག་པོ་ནོར་བདག་ནས་ནད་བདག་གི་གནས་སྟངས་སུ་བསྐྱལ།ཕོ་མོ་དབྱེར་མེད་ཀྱིས་ཁྱེད་རང་ལ་རེག་པ་ནས་ཁྱེད་རང་ནི་རང་གི་ལུས་སེམས་ལ་ངལ་གསོ་སྤྲོད་མཁན་ཞིག་དུ་འཁྲུལ་ནས་སྔ་དགོང་ཡོད་ཚད་དུ་དུས་ཚོད་གང་ཡོད་ལ་ཁྱེད་རང་འཐེན། ཁྱེད་རང་འཐེན་བཞིན་འཐེན་བཞིན་ཁྱེད་རང་ནི་དྲིན་ཆེན་ཕ་མའི་བཀའ་ལ་མི་བརྩི་བའི་གཞི་མར་གྱུར་བ་དང་།སྙིང་གི་དགའ་ས་དག་གི་རེ་འབོད་ལ་ཡང་མི་ཉན་མཁན་དུ་གྱུར།ཁྱེད་རང་ནི་དུས་རྒྱུན་དུ་ལུས་སེམས་ལ་ངལ་གསོ་སྤྲོད་མཁན་ཁོ་ནར་འཁྲུལ་ནས་མི་རེ་རེ་བྲང་ཁོག་ནང་དུ་ཉིན་རེ་ཉིན་རེར་ཇེ་ནག་ནས་ཇེ་ནག་དུ་བཏང་དེ། ཐ་མར་བྲང་ཁོག་ཡོངས་སུ་ཁྱེད་ཀྱིས་བཞུད་ལམ་ཆགས་དེ། ཟ་མ་ཟས་རྗེས་ཁྱེད་རང་མེད་མི་རུང་བ་དང་།ཐང་ཆད་ཀྱང་ཁྱེད་རང་མེད་མི་རུང་། དགའ་དུས་ཀྱང་ཁྱེད་རང་དགོས་ལ་སྡུག་དུས་ཀྱང་ཁྱེད་རང་དགོས། སུན་སྣང་མོད་དུས་དེ་བས་ཀྱང་ཁྱེད་རང་དགོས།ཐ་ན་ཁ་བརྡ་བྱེད་སར་ཡང་ཁྱེད་རང་སླེབས་ཡོད།དེ་དག་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁྱེད་རང་བསམ་བློ་གཏོང་མཁན་གྱི་ཀླད་པའི་ནུས་ཤུགས་ལ་རམ་འདེགས་བྱེད་མཁན་ཡང་ཆགས།དེ་དག་ཚང་མ་ཁྱེད་རང་གི་བྱས་རྗེས་ཁོ་ནར་འཁྲུལ།མི་ང་དང་ང་ལྟ་བུ་གླེན་པ་གྲངས་ཀྱི་མི་བླངས་པ་མང་བོ་ཞིག་གིས་ཁྱེད་རང་ནི་མིའི་མི་ཚེ་ནང་དུ་རམ་འདེགས་བྱེད་མཁན་གྱི་རླབས་ཆེན་ཞིག་ལ་འཁྲུལ་ནས་སྒོར་མོ་ཡོད་མེད་དང་རང་གི་འཕྲོད་བརྟེན་སོགས་གང་ལ་ཡང་འགན་ལེན་ཞིག་བྱེད་ཐུབ་ཀྱི་མེད། དོན་དངོས་ཐོག ཁྱེད་རང་ལ་གཏན་ནས་ནོར་འཁྲུལ་ཞིག་མེད།ཁྱེད་རང་ནི་ཉེས་མེད་ཀྱི་ཐོན་རྫས་རིགས་ཤིག་ལས་གང་ཡང་མ་རེད།ནོར་འཁྲུལ་ངོ་མ་བཟོ་མཁན་ནི་ཁྱེད་རང་ཐོག་མར་མི་ཡུལ་དུ་བཟོ་མཁན་དེ་རེད་ལ།དེ་ནས་བཟུང་ང་དང་ང་ལྟ་བུ་གླེན་པ་རང་གཤིས་ཚ་བ་ཤེད་གཅིག་གིས་རང་ཉིད་ཀྱི་མི་ཚེའི་སྐྱོ་རོགས་ཁོ་ནར་འཁྲུལ་བས་ནོར་འཁྲུལ་ཁོ་ན་ལས་ཁྱེད་རང་ལ་དངོས་ནས་ནོར་འཁྲུལ་ཞིག་འཛུགས་ས་མེད།ནོར་འཁྲུལ་དེ་ནི་ཐོན་རྫས་རིགས་ཤིག་དེ།ཐོག་མར་ཁྱེད་རང་བཟོ་མཁན་གྱི་མིའི་རིགས་ཀྱི་གཤེད་མ་དང་བོ་དེ་སུ་ཡིན་ནམ།དངོས་ནས་ཐོན་རྫས་ཁྱེད་རང་གསར་གཏོད་བྱེད་མཁན་གྱི་མི་དེ་ནི་གདོན་འདྲེ་ཟེར་བའི་གྲངས་དུ་འབོད་ཆོག་པ་ལས།དམིགས་བསལ་གྱི་གདོན་འདྲེ་ཟེར་ནས་གཟུགས་མེད་ཀྱི་མིང་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་མེད་པར་སྣང་།གང་ལྟར།རྗེས་ཕྱོགས་ཁྱེད་རང་གི་རིགས་དང་འདྲ་མཚུངས་ཀྱི་ཐོན་རྫས་རིགས་གང་ཡིན་ཡང་།གསར་གཏོད་བྱེད་མཁན་གྱི་འགྲོ་བ་མི་དེ་འདྲ་ནམ་ཡང་འཛམ་གླིང་ཟླུམ་པོར་འདིར་མི་སྐྱེ་བ་ཤོག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 14

  1. sha tak ri sim says:
    ལོ་ 17 སྔོན།

    གཉའ་མདང་ཕོ་ཉ་ལགས། འདིའི་བསྐོར་གྱི་སྐྱོ་བའི་དངོས་སྒྲུང་དངོས་ནས་མི་ཉུང་བ་ཞིག་ཡོད་པ་རེད་ལགས། ངས་ཀྱང་དེའི་བསྐོར་མང་བོ་ཞིག་རང་གི་དངོས་སུ་མཐོང་མྱོང་ཡོད་ལ་མི་དེ་འདྲའི་ཁ་ཤས་ཤིག་ལ་འདྲིས་མྱོང་ཡོད་ལགས། ལྷག་པར་དུ་བོད་ནས་གསར་དུ་འབྱོར་བ་ཁ་ཤས་ཀྱིས་ཀྱང་སྐྱིད་སྣང་ཟེར་ན་འགྲིག སྡུག་སྣང་ཟེར་ན་ཆོག དུས་ཚོད་གང་ཡོད་ལ་རང་མགོ་གཡོག་ནས་བསྡོད་མཁན་རེ་ཟུང་ལ་ཡང་དེའི་གོམ་གཤིས་ཤིག་ཆགས་ཡོད་པ་དངོས་སུ་མཐོང་མྱོང་། ད་དེ་ཚོ་དྲན་ན་སེམས་པ་གཏིང་ནས་ན་བཞིན་འདུག ད་དུང་་་་

    Reply
  2. tashi gonpo says:
    ལོ་ 17 སྔོན།

    བོད་ཤ་ཁྲག་ལགས་ཀྱིས་སྤྱི་ཚོགས་ལ་འགན་ཁུར་ཅན་གྱིས་གླེང་མོལ་བྱས་འདུག་ངོ་མ་དགའ་བོ་བྱུང་།
    ང་རང་དེང་སང་རྡ་ན་ཡོད།
    རྡ་ས་ནི་༧གོང་ས་མཆོག་གི་བཞུགས་སྒར་དང་བཙན་བྱོལ་གཞུང་གི་རྒྱལ་ས་ཞྀག་ཡིན་པ་རེད།
    ཡིན་ནའང་རྡ་ས་ན། དུ་འཐེན་མང་ལ། ཉལ་ཐལ་མ་འཐེན་མཁན་ཧ་ཅང་མང་།
    འདི་ནི་ནམ་རྒྱུན་ཁྲོམ་ལམ་ནས་མཐོང་ཐཱུབ་པའི་རྡ་སའི་འཚོ་བ་ཞིག་རེད་ཚར་འདུག
    དེའང་ངས་བཟི་སྨན་བཟའ་བཞིན་པའི་བོད་མི་ཞིག་ལ་སྐད་ཆ་དྲིས་ཡིན།
    ཁྱོད་ཀྱིས་འདི་འདྲ་བཟི་སྨན་གཟའ་དོན་གང་ཡིན།
    ཁོས་ང་སེམས་སྐྱིད་པོ་མི་འདུག་ཟེར།
    ངས་ སེམས་པ་མ་སྐྱིད་པའི་རྒྱུ་མཚན་དྲིས། ཁོས་ང་ལ་དངུལ་མེད། དགའ་བོས་གཡུག་སོང་། ཟེར་བ་སོགས་རེད་འདུག
    འདི་ཚོའི་སྐོར་ནས་སློག་ཐུབ་ན་བསམ་ནས་ཡོད་་་་་་་་་་་་

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ཉིན་ལྟར་བསྐོར་གཡེང་བྱེད་པས་བསེ་རུ་ལགས། །
    ལས་ཀྱི་འབྲེལ་ཐག་གཅིག་གི་བརྡམས་པ་ཡིས།།
    རིགས་ཀྱི་དུངས་མའི་སེམས་ཀྱི་རྩ་བ་འདི།།
    ཆད་རེག་བར་དུ་ཡང་ཡང་འཕྲད་་པར་སྨོན།།

    མདོ་ལའི་འཁྱམས་པོ་ལགས། ཉིད་ཀྱིས་དེ་ལྟར་གསུངས་དུས། ང་སྙིང་མེད་ཅིག་ཡིན་སྟབས། ཨ་རིའི་ཁྲིམས་ལ་ཐོག་མི་འགྲོ་བསམ་ན་སྐྲག་ནི་ཞིག་ཀྱང་རེད། ཧཧཧ གང་ལྟར་སྐུ་ཉིད་ཁོམ་པ་རེ་ཡོད་དུས་ཕེབས་རྒྱུ་རེ་བ་ཡིན་ལགས། མ་ཁོམ་ན་བྱེད་རྒྱུ་མེད་པ་རེད་ལགས།

    Reply
  4. Kangpu says:
    ལོ་ 17 སྔོན།

    ཨ་རོ་རོགས་པ། ལས་བྲེལ་ཆེ་ནས་དྲྭ་ཐོག་ལ་ཡོང་ཁོམ་མ་བྱུང་བས་དགོངས་དག་ཞུ། ཁྱེད་ཀྱིས་བཞག་པའི་ཐ་མག་གི་པར་དེའང་ཕྱི་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་ཁ་ཆེ་དྲག་སྤྱོད་པས་ཨ་རིའི་ཐོག་ཁང་རིང་པོ་གཉིས་ཀ་གཏོར་བ་དང་འདྲ་བོ་འདུག

    Reply
  5. samkhar says:
    ལོ་ 17 སྔོན།

    བསེ་རུས་ཉིན་ལྟར་སྐོར་གཡེང་རེ་བྱས་ཏེ།།
    ཤ་ཁྲག་ཉིད་ཀྱི་ཟིན་བྲིས་ལ་བལྟས་ཡོད།།
    བློས་གཏོང་བྲལ་བའི་དྲ་གྲོགས་ཀྱི་ཐུགས་ལ།།
    ཉེ་ས་ཉེ་སར་ཡོད་པའི་རི་མོ་ཞིག་འགོད་རོགས།།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    འབུར་ཐོ་ལགས། སླར་ཡང་ཕེབས་ནས་བསམ་ཚུལ་གསུངས་པ་དགའ་ནི་ཡིན་ལ། ནང་ཆོས་ཀྱི་འགྲེལ་བཤད་དེ་དག་ནི་ཕལ་ཆེར་ཐ་མག་ལ་ཡིན་རབས་ཡོད་མེད་ང་ལ་གསལ་བོ་ཞིག་མེད་ཀྱང་། རྗེ་གུང་ཐང་བས་ཐ་མ་ཁ་ཟེར་ནས་ཉེས་མིག་ཞིག་གསུངས་ཡོད་པ་གོ་མྱོང་ཡོད་ཀྱང་མཇལ་མྱོང་མེད། ཕལ་ཆེར། གོ་ཚོད་ཡིན་ན་དེ་ནི་སྣ་ཐའི་ཉེས་མིག་ཡིན་རབས་གསུངས་ཡོད་རབས་འདུག་ལགས།

    བསེ་རུ་མ་ཡོང་ཉིན་མ་ཁ་ཤས་ཤིག་ཞིག་ཕྱིན་སོང་།།
    དེ་རིང་སླེབས་ནས་དུ་བའི་ཉེས་མིག་གི་བསྐོར་ལ།།
    ཚིག་བཅད་གཅིག་གིས་སྡོམ་ཚིག་ཤར་མར་ཞིག་བརྒྱབ་དེ།།
    གང་ནས་ཕེབས་པ་དེ་རུང་སླར་ཡང་མགྱོགས་པོ་རང་ཕེབས་འདུག།

    འཇིགས་བྲལ་བསྟན་འཛིན་ལགས། སྐུ་ཉིད་ཀྱིས་ཟིན་བྲིས་ནང་དུ་མཆན་པུ་འདེབས་པ་དང་ཟིན་བྲིས་སྤེལ་བ་སོགས་རིག་རྒྱུ་མེད་པར་ཟླ་ངོ་ཁ་ཤས་ཤིག་ཕྱིན་སོང་། དེ་རིང་འདི་ནས་འཕྲིན་བཟང་ཞིག་སྤུན་ཟླ་དག་ལ་བསྒྲགས་ཞོར་དུ་འདིར་ཕེབས་པ་དགའ་ནི་ཡིན་ཁོམ་དུས་རེ་ཡོང་གི་བསྡོད།

    Reply
  7. jigdal says:
    ལོ་ 17 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཟེར་བའི་གལ་ཆེའི་ཡིག་ཆ་ཞིག་བཏོན་འདུག ཡིག་ཆ་འདི་བོད་དུས་བབ་ཀྱི་གསར་འགྱུར་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཞེས་གསལ་བའི་ནང་ཆ་ཚང་བཀོད་འདུག དྲ་གྲོགས་ཚོས་ཞིབ་ཀློག་དང་འབྲེལ་བོད་སྤྱིའི་དོན་ལ་དགོངས་ནས་བསམ་ཚུལ་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག

    Reply
  8. samkhar says:
    ལོ་ 17 སྔོན།

    དུ་བ་ཁོག་ཏུ་བཏང་བའི་ཉེར་ལེན་གྱིས།།
    གློ་ཁུང་ཡོད་ཚད་ཐབ་ཀྱི་སྤུན་ཟླར་གྱུར།།
    དབུགས་ཀྱི་རྒྱུ་བ་མི་བདེ་ནད་རིགས་སློང་།།
    དུ་བའི་ཉེས་སྐྱོན་གླེང་ན་རྫོགས་མཐའ་མེད།།

    Reply
  9. lha mo says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། ཁྱོད་ཀྱི་སྐད་ཆ་དེ་དངོས་གནས་བདེན་པ་རེད། འདིའི་སྐོར་ལ་ཆོས་ལུགས་ཀྱི་ཕྱོགས་ནས་འགྲེལ་བཤད་རྒྱ་ཆེན་པོ་ཡོད་ས་རེད། འཇིག་རྟེན་པ་ཞིག་ལ་མཚོན་ན་རང་གིས་དཀའ་ལས་ཀྱིས་བསགས་པའི་སྒོར་མོ་ཡོད་ཚད་ཁ་དོ་དང་ཆང་སོགས་ལ་རྗེས་ནས་རང་སྟེང་དུ་ནད་རིགས་མང་བ་ཞིག་ལེན་གྱིན་ཡོད་པ་འདི་ཧ་ཅང་ཚད་དམའ་བའི་བྱ་བ་ཞིག་ལས་མ་འདས་སྙམ། དེའི་ཕྱིར་འདིའི་ཐད་ལ་དགོངས་ཚུལ་དང་ལམ་སྟོན་གནང་མཁན་ཞིག་ལ་མཚོན་ན་འགན་ཁུར་ལྕི་མོ་ཞིག་དང་ལེན་ཞེས་ཡོད་པ་སྨོས་མ་དགོས་པ་རེད།

    Reply
  10. sha tak ri sim says:
    ལོ་ 17 སྔོན།

    འབུར་ཐོ་ལགས། རྗེས་སུ་ཡི་རུང་གནང་བ་དེར་ཐུགས་རྗེ་ཆེ་ལགས། བསམ་ཚུལ་རེ་ཡོད་ན་དེའི་ཐད་དུ་གསུང་རོགས་ཞུ།

    Reply
  11. tashi dondub says:
    ལོ་ 17 སྔོན།

    འདི་འདྲའི་ཕན་ཐོག་ཡོད་པའི་སྐད་ཆ་བཤད་ན་བཟང་གི།

    Reply
  12. sha tak ri sim says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་ལགས། སྐུ་ཉིད་ཀྱིས་ཁྱེད་རང་ལ་སློབ་སྤྱོང་བྱེད་སྟངས་བསྐོར་ཞིག་གསུང་རྒྱུ་མ་བརྗེད་ཅིག་ལགས། ཡག་པོ་འདུག་ན་སློབ་སྤྱོང་བྱེད་དུ་འོང་།

    གཉན་མདང་ཕོ་ཉ་ལགས། རྗེས་སུ་ཕེབས་ཤོག ག་ལེར་ཀློག་ནས་ག་ལེར་བསམ་ཚུལ་གསུང་རོགས།

    Reply
  13. tashi gonpo says:
    ལོ་ 17 སྔོན།

    གྲོགས་ཤ་ཁྲག་ལགས།
    ཁྱེད་ཆུ་མོ་བཞིན་ནམ་ཡང་འབབ་བཞིན་པའི་ངང་རྒྱུད་འདིར་ངས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    དེ་རིང་རང་ངོས་ནས་གློག་ཀླད་ཀྱི་ཆ་རྐྱེན་ཞབས་སྟབས་ཟིན་བྲིས་དབུ་མེད་འདགྱུར་ནས་ཀློག་ཁག་པོ་བྱུང་།
    རྗེས་ཕྱོགས་ཞིམ་ཕྲ་ཀློག་རྒྱུའི་རེ་བ་སེམས་ལ་ཉར་ནས་ང་ལོག་འགྲོ་བཞིན་ཡོད།

    Reply
  14. Baichung says:
    ལོ་ 17 སྔོན།

    བཀླགས་ཟིན ང་ལ་སློབ་སྦྱོང་བྱོས་དང་ཐ་མ་འཐེན་དགོས་ཀྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese