མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་རྙོག་དྲ་མི་དགོས། ལུང་རྟོགས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

ང་ཚོར་ཐོབ་ཐང་དགོས་པ་ལས་རྙོག་དྲ་མི་དགོས།
ལུང་རྟོགས།

ཉེ་ཆར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་མཐའ་མར་སླེབས་གྲབས་ཡོད་སྐབས། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད་གྲོས་ཚོགས་འཐུས་མིའི་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟེ། ཉིན་གཅིག་དང་ཕྱེད་ཀའི་ལས་རིམ་ཡོངས་རྫོགས་ལྷག་ཡོད་ལ། ཚོགས་འདུའི་མཇུག་བསྡོམས་ཀྱང་གནང་མ་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་གསར་ལམ་ཁག་ནང་ཐོན་ཡོད་པའི་བློ་འཚབ་ཆེན་པོ་བྱུང་།

དྲ་རྒྱའི་ཐོག་རྩོམ་པ་པོར་རློམ་པ་རྣམས་ནས་ཆོལ་ཁའི་ཕྱོགས་ཞེན་གྱི་གཏམ་མང་པོ་ཞིག་བྲིས་འདུག་པ་ནི་དེ་བས་ཀྱང་བློ་ཕམ་གྱི་གནས་ལས་མ་འདས།

ད་ཐེངས་ཀྱི་རྩོད་རྙོག་དེའི་བྱུང་རིམ་ལ་ཕྱིར་མིག་གིས་བལྟས་ནས་དེ་ལ་དཔྱོད་གླེང་བྱེད་རྒྱུ་གལ་ཆེ་བར་མཐོང་ལ། དེ་བས་ཀྱང་ས་གནས་ཨོ་ཀྲི་ལི་ཡའི་བོད་མིའི་ངོས་ནས་ད་ཐེངས་ཀྱི་རྩོད་རྙོག་ལ་ལྟ་ཚུལ་གང་འདྲ་ཡོད་མེད་ཀྱང་ངེས་པར་དུ་ཤེས་དགོས་ཞིག་ཏུ་མཐོང་།

ཨོ་སི་ཀྲི་ལི་ཡའི་ནང་སྤྱི་འཐུས་བྱུང་མྱོང་མེད།
ཕྱི་ལོ་༡༩༧༠་ནང་བོད་མི་ས་གནས་འདིར་སླེབས་ནས་ད་ལྟའི་བར་མི་ལོ་༤༠་ཙམ་གྱི་རིང་ས་གནས་བོད་རིགས་ཀྱི་གྲངས་འབོར་མང་རུ་ཕྱིན་ཡོད་པ་མ་ཟད། རང་དབང་དྭངས་བླངས་ཀྱི་དཔྱ་ཁྲལ་འབུལ་མཁན་བརྒྱ་ཆ་བདུན་ཅུ་ཙམ་ཡོད་པ་སོགས་ས་གནས་གཞན་དང་བསྡུར་ན་བཙན་བྱོལ་བོད་མིའི་འོས་འགན་བླངས་ཡོད་ན་ཡང་ད་ལྟའི་བར་བཙན་བྱོལ་བོད་མིའི་ཐོབ་ཐང་གཙོ་བོའམ། ས་གནས་བོད་མིའི་སྐུ་ཚབ་ཅིག་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ནང་སླེབས་ཐུབ་མེད།

ད་ལྟའི་ཨོ་སི་ཀྲི་ལི་ཡའི་བོད་མིའི་གནས་སྟངས་ལ་བལྟས་པ་ཡིན་ན་སྤྱི་འཐུས་ཞིག་དགོས་པ་གལ་ཆེ་བ་མ་ཟད། ཉེ་བའི་ལོ་ཤས་གོང་ནས་ས་གནས་བོད་མི་འགའ་ཤས་ཀྱིས་གལ་སྲིད་ང་ཚོར་ས་གནས་ཀྱི་སྤྱི་འཐུས་ཀྱི་ཐོབ་ཐང་མེད་པ་ཡིན་ན་དཔྱ་ཁྲལ་འབུལ་གྱི་མིན་སྐོར་གྱི་སྐད་ཆ་ཡང་བྱུང་མྱོང་། དེ་བས་༢༠༠༥་ལོ་ནས་ཚོགས་བཞིན་པའི་ཨོ་སི་ཀྲི་ལི་ཡ་དང་ནེའུ་ཛི་ལེན་ཊི་དང་གཉིས་ཀྱི་བོད་རིགས་རྒྱལ་ཡོངས་ཚོགས་ཆེན་ཐོག་དམིགས་བསལ་གྱི་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་༼ཨོ་སི་ཀྲི་ལི་ཡ་དང་ནེའི་ཛི་ལན་ཊི་ཡུལ་གྲུ་གཉིས་སུ་གནས་སྡོད་བོད་མི་རྣམས་ནས་བཙན་བྱོལ་བོད་མིའི་རྩ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་འོས་འགན་རྣམས་བསྒྲུབ་དང་བསྒྲུབས་བཞིན་ཡང་། རྩ་ཁྲིམས་རིན་པོ་ཆེའི་ནང་འཁོད་འདམ་བྱ་དང་འདེམས་བྱེད་ཀྱི་ཁེ་དབང་ཆ་ཚང་ད་དུང་ཐོབ་མེད་པས་ཡུལ་གྲུ་གཉིས་སུ་གནས་སྡོད་བོད་མིའི་སྐུ་ཚབ་ཞིག་གྲོས་ཚོགས་ནང་ཡོད་དགོས་པ་དང་སྤྱི་འཐུས་འོས་འཕེན་ཐོབ་ཐང་ཡོང་བའི་ཐམས་ལམ་གནང་རྒྱུ་༽་སོགས་འཁོད་ཡོད་པ་དང་ས་གནས་རང་གཞུང་དོན་གཅོད་བརྒྱུད་ནས་སྤྱི་འཐུས་ལྷན་ཁང་ལ་ཡི་གེ་བཏང་ཡོད་པ་གོ་ཐོས་བྱུང་།

ཨོ་སི་ཀྲི་ལི་བོད་མི་རྣམས་བོད་མིའི་བདེན་དོན་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་པའི་ནང་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་དང། ས་གནས་བོད་རིགས་མཐུན་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་མཉམ་འབྲེལ་གྱིས་གང་ལྟར་བོད་རིགས་བཙན་བྱོལ་བའི་ལས་འགན་སྒྲུབ་མུས་ཀྱང་སྤྱི་པའི་འཐུས་ཚབ་ཅིག་ད་ལྟའི་བར་བྱུང་ཐུབ་མེད་པ་ལ་ཚོགས་མི་མང་པོ་ཞིག་གིས་བློ་ཕམ་བྱེད་བཞིན་ཡོད་པ་རེད།

ང་ཚོར་རྙོག་དྲ་མི་དགོས།
གོང་ཞུས་ལྟར་ས་གནས་བོད་རིགས་རྣམས་ཀྱིས་ས་གནས་སྤྱི་འཐུས་ཞིག་ཡོང་བའི་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར་བཙན་བྱོལ་བོད་གཞུང་ནས་ཆབ་སྲིད་བཙོན་པ་སྤྱི་མཚུངས་ལྟར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ཁོང་གི་ནང་མི་དང་བཅས་པ་གཞིས་ཆགས་བྱེད་པར་བཏང་ཡོད་པ་རེད། ཁོང་རང་ཉིད་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་ས་གནས་བོད་རིགས་རྣམས་ཀྱིས་བརྩི་བཀུར་དང་ཁོང་གི་ལམ་སྟོན་ཡོང་བའི་རེ་བ་རྒྱག་གི་ཡོད་པ་རེད། འོན་ཀྱང་། ཁོང་ཉིད་ཨོ་སི་ཀྲི་ཡ་བོད་མིའི་སྐུ་ཚབ་མཚོན་པའི་སྤྱི་འཐུས་མིན་པའི་ཁོང་གི་མཛད་འཆར་དང་འབྲེལ་པའི་ད་ཐེངས་ཀྱི་རྙོག་དྲ་འདི་ལ་ས་གནས་བོད་རིགས་ཚོར་འབྲེལ་བ་སྤུ་ཙམ་མེད་པའི་གསལ་བཤད་ཞུ་འདོད་བྱུང་། གལ་སྲིད་སྤྱི་འཐུས་ཀྱི་འོས་འདེམས་བྱས་པ་ཡིན་ན་ཡང་ས་གནས་ས་ཐོག་ཏུ་ཉམས་མྱོང་ཡོད་མཁན་ཞིག་འདེམས་རྒྱུ་ཡིན་པ་གསལ་བོ་རེད། གང་ཡིན་ཟེར་ན་ས་གནས་བོད་མིའི་སྒྲིག་གཞི་གཏན་འབེབས་བྱས་པའི་ནང་རྒྱུན་ལས་ཀྱི་འོས་ཆོས་ནང་འཁོད་དོན་༼རང་ཉིད་ཚོགས་རྒྱུན་བྱེད་པར་རང་ཉིད་གནས་ཡུལ་རྒྱལ་ཁབ་ནང་འབྱོར་ནས་ཉུང་མཐར་ལོ་གཉིས་ཕྱིན་པའི་ཉམས་མྱོང་ངེས་པར་དགོས༽་པ་འཁོད་ཡོད་པའི་རྒྱུ་མཚན་ནི་རྒྱ་གར་སོགས་སུ་མཁས་གྲགས་ཡོད་མེད་ལ་མ་བལྟས་པར་ས་གནས་ས་ཐོག་གི་ཉམས་མྱོང་དགོས་པ་གསལ་བོར་བསྟན་ཡོད།

འགྲོ་སོང་ཐད་ཀྱི་རྙོག་གླེང་འདི་སེལ་ཐབས།
ཚོགས་གཙོ་སྤེན་པ་ལགས་ནས་གསུང་བར་གཞིག་ན་ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་དང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད། དེར་བརྟེན། ཁུངས་སོ་སོ་ནས་འོས་འདེམས་བྱུང་བའི་སྤྱི་འཐུས་ཚོ་གནས་སྤོར་བྱས་པ་ཡིན་ན། སྔར་སྲོལ་ལྟར་སོ་སོའི་འགྲོ་སོང་སོ་སོས་གཏོང་དགོས་པ་རེད། གཞུང་གྲོན་བཏང་ན་འགྲིག་གིན་མེད་ཅེས་གྲོས་འཆར་ནང་བཀོད་ཡོད་པར་བརྟེན་ད་ཐེངས་ཀྱི་རྩོད་རྙོག་འདི་བྱུང་ཡོད་པ་དང། སྤྱི་འཐུས་ཁག་ཅིག་ནས་མང་གཙོའི་འགྲོ་སྟངས་ལྟར་འོས་འཕེན་གྱི་ལམ་ནས་གྲོས་ཆོད་དེ་ཐག་གཅོད་མི་བྱེད་པར་བརྩི་མེད་རྡོག་རོལ་གཏོང་རྐྱང་བྱས་པ་དེས་ང་ཚོ་བཙན་བྱོལ་བོད་མིའི་སྤྱིའི་སྒྲིག་འཛུགས་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་མངོན་གསལ་དོད་པོ་རེད།

མདོ་དོན་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་འགྲོ་སོང་ལས་འཕྲོས་པའི་རྙོག་དྲ་ཞིག་ཡིན་པས་རྗེས་མ་ཁོང་གི་འགྲོ་སོང་ཐད་དཀའ་ངལ་ཡོད་པ་ཡིན་ན་ལམ་སེང་དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་བཙན་བྱོལ་བོད་གཞུང་ལ་ལག་པ་མི་བསྲིང་བར་ས་གནས་བོད་རིགས་མཐུན་ཚོགས་དང་གྲོས་མོལ་བྱས་ན་དགེ་མཚན་ཆེ་བར་མཐོང་། ས་གནས་བོད་མི་ཚོས་དྭངས་བླང་དཔྱ་ཁྲལ་འབུལ་དོན་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚགས་ཆེན་ཡོང་རེ་ཁོ་ན་མ་འདས་པས་སྤྱི་འཐུས་ཞིག་གི་འགྲོ་སོང་གི་དཀའ་ངལ་དེ་སེལ་མི་ཐུབ་པའི་སེམས་ཁྲལ་མེད་པར་མཐོང་།

ཡིན་ན་ཡང།གསལ་བོར་ཞུ་དགོས་པ་ཞིག་མི་ལོ་ ༤༠ ཙམ་གྱི་རིང་ཨོ་སི་ཀྲི་ལི་ཡའི་བོད་མིའི་ལོ་རྒྱུས་ནང་་ས་གནས་མི་མང་གིས་འདེམས་པའི་སྤྱི་འཐུས་ཞིག་ད་ལྟའི་བར་བྱུང་མེད་ན།
གོ་སྐབས་འདི་བརྒྱུད་ནས་ཨོ་སི་ཀྲི་ལི་ཡའི་བོད་རིགས་རྣམས་ཀྱི་འཐུས་ཚབ་མཚོན་པའི་སྤྱི་འཐུས་ཞིག་གདམས་ཆོག་པའི་བཀའ་དྲིན་བླ་མེད་སྐྱོང་གནང་ཡོད་པ་ཞུ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. lobsang says:
    ལོ་ 16 སྔོན།

    བསོད་ནམས་སྟོབས་རྒྱལ་ཟེར་བ་འདི་ཝ་མོ་གར་སོང་ས་ན་ཝ་དྲི་ཐུ་ལུ་ལུ་ཞེས་པའི་དཔེ་ལྟར་ས་གང་དུ་ཡོད་ན་རྙོག་དྲ་ཞིག་འདུག

    Reply
  2. ཨ་ཆོས་འཛིན། says:
    ལོ་ 16 སྔོན།

    ཆོལ་ཁ་གསུམ་གྱི་སྤྱི་འཐུས་སུ་ཡིན་མིན་ལ་མ་ལྟོས་པར་མི་མང་གིས་མངོན་འདོད་ལ་རྡོག་རོལ་གཏོང་མཁན་ཞིག་ཡིན་ཕྱིན་མི་མང་གིས་ཚ་ནན་གཏོང་དགོས་པ་མང་གཙོའི་ཐོ་ཐང་བླ་ན་མེད་པ་དེའོ།

    Reply
  3. ཨ་ཆོས་འཛིན། says:
    ལོ་ 16 སྔོན།

    བོད་གཞུང་གིས་སྐུ་དྲིན་ལས་ཕྱིའི་ཡུལ་གྲུ་ཞིག་ཏུ་རང་གི་འཚོ་གནས་ཙམ་མ་ཟད་གཞན་ལ་རོགས་རེམ་བྱེད་པའི་དཔལ་འབྱོར་གྱི་མཐུན་རྐྱེན་འཛོམས་ཀྱང་།ད་དུང་བོད་གཞིས་
    ལུས་རྒྱ་ཆེའི་མི་མང་གི་རྔུལ་ཁྲག་དང་༧གོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་
    ངལ་བ་ཁྱད་བསད་གྱིས་བསགས་པའི་དངུལ་ལོ་དེ་དག་ཧབ་ཐོབ་གྱིས་སྐད་གསེང་མཐོ་བ་ལ་བལྟས་ན་རྒྱུན་ལྡན་གྱི་བོད་དོན་ལ་ཤ་ཚ་མདོག་གི་རྣམ་འགྱུར་ངོ་མ་དེ་མངོན་དུ་གྱུར་སོང་།ད་དུང་སྤྱི་འཐུས་རེ་འགས་གྲོས་འཚོགས་སྐབས་སུ་ཀུན་སྤྱོད་འདྲ་མིན་སྟོན་པ་བརྗེད་དེ་གྲོས་ཚོགས་གྲོལ་རྗེས་ཀུན་སྤྱོད་སྐོར་གྱི་རྩོམ་ཡིག་བྲི་སྟངས་ལ་ལྟོས་དང་།རང་མཚང་
    སྟོན་པའི་རྒྱུ་རུ་མི་འགྱུར་རམ།

    Reply
  4. བདེ་ཆེན། says:
    ལོ་ 16 སྔོན།

    ངས་བལྟས་ན་ལུང་རྟོགས་ལགས་ཀྱིས་གསུངས་པར་རྒྱུ་མཚན་མེད་པ་མིན་འདུག སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་ཨོ་སི་ཀྲི་ལི་ཡའི་ནང་དུ་ཕེབས་སྐབས་སྤྱི་མཚུངས་ཀྱི་བཙོན་ཟུར་བཙན་བྱོལ་བ་ཞིག་ལས། ཨོ་སི་ཀྲི་ལི་ཡའི་སྤྱི་འཐུས་གནང་བར་ཕེབས་པ་ཡིན་འདོགས་ཁ་པོ་མ་རེད། གལ་སྲིད་མདོ་སྟོད་ཀྱི་མི་མང་བློས་གཏོང་མ་ཐུབ་ན། དགུང་ལོ་འདི་ཙམ་ལ་ད་དུང་ཡུལ་གཞན་ཞིག་ལ་སྐྱབས་བཅོལ་ཞུ་དོན་མེད། གལ་སྲིད་བཙན་བྱོལ་སྤྱི་ཚོགས་ལ་བརྩི་མཐོངས་འདི་ཙམ་ཡོད་ན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཡུལ་གྲུ་ཨོ་སི་ཀྲི་ལི་ཡར་ཕེབས་ཟིན་ནས་ད་དུང་བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་རོགས་རམ་ཞུས་པ་དེ། སུས་བལྟས་ཀྱང་མི་འཚམས་པ་ཞིག་མངོན།
    མ་ཟདཨོ་སི་ཀྲི་ལི་ཡར་་སྤྱི་འཐུས་ཀྱི་འོས་འདེམས་བྱས་པ་ཡིན་ན་ཡང་ས་གནས་ས་ཐོག་ཏུ་ཉམས་མྱོང་ཡོད་མཁན་ཞིག་འདེམས་རྒྱུ་ཡིན་པ་གསལ་བོ་རེད། དེ་དྲ་གྲོགས་ཚོས་སྐུ་ཞབས་ལུང་རྟོགས་ལགས་འདེབས་དགོས་པའི་ངེས་པ་མེད།། ཧྰ་ཧྰ་་་་་་་་་་་་་

    Reply
  5. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    ལུང་རྟོགས་ལགས་ཨེ་འདྲ་མ་བཤད་
    ཁྱོད་ཀྱིས་༼ ཉེ་བའི་ལོ་ཤས་གོང་ནས་ས་གནས་བོད་མི་འགའ་ཤས་ཀྱིས་གལ་སྲིད་ང་ཚོར་ས་གནས་ཀྱི་སྤྱི་འཐུས་ཀྱི་ཐོབ་ཐང་མེད་པ་ཡིན་ན་དཔྱ་ཁྲལ་འབུལ་གྱི་མིན་སྐོར་གྱི་སྐད་ཆ་བྱུང་མྱུང་༽ཞེས་བྲིས་འདུག
    དེ་ལ་ཧ་ཅང་བློ་ཕམ་ཡོད་
    དྭངས་བླངས་དཔྱ་ཁྲལ་གཞུང་ལ་ལྷག་བསམ་གྱིས་ཕུལ་བ་ལས་
    ཐོབ་ཐང་སྤྱི་འཐུས་ཀྱི་ཆད་དུ་ཡིན་ན་ཐབས་སྐྱོ་རེད།

    Reply
  6. ཨ་ལ་ལ says:
    ལོ་ 16 སྔོན།

    བློ་བཟང་ལུང་རྟོགས་ལགས། ཁྱེད་ལ་སྤྱི་འཐུས་བྱེད་འདོད་དང་དེའི་འཇོན་ཐང་ཡོད་ན་དེ་དེ་བཞིན་བྱེད་ཆོག་པ་ཞིག་རེད། ང་ཚོ་དེ་ལ་མི་དགའ་བ་ཅི་ཡོད། ང་ཚོས་སྤྱིའི་་གནས་བབ་དང་ད་ལྟའི་བཙན་བྱོལ་གྱི་གནས་བབ་ལ་ལྟོས་ནས་བཤང་ཀྱི་ཡོད། དངོས་ཡོད་ཀྱི་གནས་སྟངས་ལའང་ང་ཚོའི་བཙན་བྱོལ་ནང་དུ་སྤྱི་འཐུས་མང་མེད་ན་ཉུང་མི་འདུག དེ་དག་གིས་བཞག་པའི་བྱས་པ་ནི་འདི་ཕན་སོང་བསམ་བསམ་ཞིག་མཐོང་རྒྱུ་མི་འདུག ཁྱེད་རང་སླེབས་ནའང་ཞེ་པོ་ཞིག་བྱེད་ཐུབ་མདོག་ཁ་པོ་མ་རེད་དཱ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ལྟད་མོ་རིག་ནོ་ཁོ་ཐག་རེད། ཤུ་རེ་གོ བོད་མི་འདི་དག་འདི་ལྟར་འཐོར་འདོད་ཡོད་པ་ཡིན་ནམ།

    Reply
  8. རི་བོང། says:
    ལོ་ 16 སྔོན།

    འོ་ཏག་ཏག་རེད། བོད་པ་ཡོད་སའི་རྒྱལ་ཁབ་རེ་ལ་སྤྱི་མཐུས་རེའི་ཐོབ་ཐང་སྤྲད། བཙན་བྱོལ་གཞུང་གི་རོགས་དངུལ་ཆུང་ཙག་དེ་ཁོང་ཚོའི་ལམ་གྲོན་ལ་སྤྲད། རྡ་སར་ཚོགས་འདུ་འཚོགས་སྐབས་རང་གི་བསམ་ཐོག་ལ་མ་ཡོང་ན་ཕྱི་ལོག་ལ་ཕྱིན། ཚོགས་གཙོས་ཚོགས་འདུ་མཇུག་སྡོམ་རྒྱག་མ་ཐུབ་པར་གྲོས་ཚོགས་འཐོར། ཡུན་གྱིས་བཙན་བྱོལ་བོད་གཞུང་འཐོར་སོང་ན་དེ་ནས་ཁྱོད་ཚོར་ཐོབ་ཐང་རྩོད་ས་ཡོད་པ་མ་རེད། ཕར་ཕྱོགས་རྒྱ་མིའི་ལ་ཁྱོད་ཚོས་ཐོབ་ཐང་རྩོད་མི་ཐུབ། དེ་ནས་གསང་སྤྱོད་རེ་བཀྲུ་རྒྱུ་རེག་ན་ཁྱོད་ཚོས་བསམ་དོན་འགྲུབ་སོང་པ་རེད།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཉེ་ཆར་ང་ཚོའི་མཛད་གཙོ་ཞིག་གིས་གསུངས་དོན། སྐབས་རྗེས་མ་དེར་བྱང་ཨ་རི་དང་ཁེ་ན་ཌ་བཅས་སུ་སྤྱི་འཐུས་གཉིས་བསྐོ་སྲིད་པ་རེད། དེ་བཞིན་ཤར་ཨེ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ལ་སྤྱི་འཐུས་ཤིག་བསྐོ་སྲིད་པ་རེད་ཟེར། ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཁོངས་སུ་ཨོ་སི་ཊོ་ལི་ཡ་དང་ནེའུ་ལན་ཌི། ཐའེ་ཝན་དང་ཉི་ཧོང་སོགས་ཚུད་ཡོད་འདུག ཡུ་རོབ་ལ་སྤྱི་འཐུས་གཉིས་དགོས་ན་ཨ་རི་དང་ཁེ་ན་ཌར་ཡང་སྤྱི་འཐུས་གཉིས་ཀྱི་དགོས་མཁོ་ཡོད་པ་འདྲ།

    Reply
  10. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ང་རང་སྤྱིར་བློ་བཟང་ལུང་རྟོགས་ལགས་ཀྱི་བསམ་ཚུལ་མོས་བ་ཡོད། བོད་མི་འདུས་སྡོད་བྱེད་སའི་ས་ཁུལ་ནས་བོད་མིའི་འཐུས་ཚབ་བམ་བསམ་ཚུལ་བཤད་མཁན་གྱི་ངོ་ཚབ་མཚོན་བྱེད་ཀྱི་སྤྱི་འཐུས་ལྟ་བུ་ཞིག་དགོས་བ་དངོས་ཡོད་རེད། འོན་ཀྱང་གལ་སྲིད་ཨོ་སི་ཊི་ལི་ཡ་དང་ནིས་ཛིར་ལན་ཌི་ལ་སྤྱི་འཐུས་ཞིག་གི་ས་མིག་སྤྲད་ན་མི་འགྱངས་བར་ཐེ་ཝན་ནས་བསམ་ཚུལ་འདི་འཁྱེར་ཡོང་མཁན་ཡོད་སྲིད་ལ་དེ་ནས་འཇར་པན་ཡང་གཅིག་མཚུངས། ཡོ་རུབ་ལ་སྤྱི་འཐུས་ཀྱི་ས་མིག་ཡོད་ཀྱང་ukནང་གི་བོད་རིགས་ཚོ་ཡོ་རུབ་དང་གཅིག་སྒྲིལ་བྱས་ཡོད་པ་རེད། དངོས་ཡོད་ཀྱི་སྟེང་ནས་བཤད་ན་ཡོ་རུབ་སྤྱི་འཐུས་ཀྱང་སྔ་གཞུག་ཀུན་ཏུ་སི་ཝུས་སི་ནས་ཡོང་གི་ཡོད་པས་ཡོ་རོབ་མནའ་འབྲེལ་གྱི་འོག་ཏུ་མེད་པའི་ukརྒྱལ་ཁབ་ཁག་གི་བོད་པ་ཚོར་གདམས་བྱ་འདེམས་བྱེད་གཉིས་ཀྱི་ཐོབ་ཐང་ཆ་ཚང་ཞིག་རེགས་ཀྱི་ཡོད་དམ་ཞེས་ན་ཐེ་ཚོམ་རེད། དེ་བཞིན་དུ་ཆོས་བརྒྱུད་ཁག་ཀྱང་གཅིག་མཚུངས་རེད། ཇོ་ནང་བར་སྤྱི་འཐུས་ཀྱི་ས་མིག་ངེས་བར་དུ་དགོས་ན་མ་འོངས་བར་དོལ་རྒྱལ་ཚོགས་པས་ཀྱང་སྤྱི་འཐུས་ཀྱི་ས་མིག་ཞིག་རྩོད་མི་སྲིད་པ་མ་རེད། ༼ སྐབས་འདིར་ངས་ཇོ་ནང་བ་དོལ་ཚོགས་གདན་ཐོག་གཅིག་ལ་བཞག་མིན་མོད་དོལ་ཚོགས་འདི་ད་དུང་ང་ཚོའི་སྤྱི་ཚོགས་འདིའི་གཏིང་ཟབ་ས་ན་འཛུལ་ཡོད་པས་ཉིན་ཞིག་སླར་ཡང་རོ་ལངས་རྒྱག་རྩིས་ཡོད་པ་༧གོང་ས་མཆོག་གི་བཀའ་སློབ་ཁག་ན་གསལ༽ དེར་བརྟེན་གནས་སྟངས་འདིའི་སྒང་ནས་ང་ཚོའི་གཞུང་ལ་གྲོས་ཚོགས་གོང་འོག་གཉིས་དགོས་བ་དང་འོག་མ་དེ་ས་གནས་གང་དུ་བོད་རིགས་འདུས་སྡོད་ཆེ་ན་བོད་མིའི་གྲངས་འབོར་ལྟར་གྲོས་ཚོགས་འོག་མའི་སྤྱི་འཐུས་ཡོང་སྲོལ་ཡོད་པ་ཞིག་དགོས་ཀྱི་འདུག། རྒྱལ་ཁབ་གཅིག་གི་ནང་དུ་མང་ན་ལྔ་དང་ཉུང་ན་གཅིག་ལྟ་བུ། དེའི་འགྲོ་གྲོན་ཡང་ས་གནས་རང་ནས་གཏོང་སྲོལ་ཡོད་པ་བྱས་ན་རྗེས་ཕྱོགས་ས་མིག་གཅིག་དང་གཉིས་བར་གྱི་རྩོད་རྙོག་དེ་མེད་པར་ཆགས་ངེས་ཡིན།

    Reply
  11. བློ་བཟང་ལུང་རྟོགས། says:
    ལོ་ 16 སྔོན།

    གླག་དང་རི་བོང་སོགས་སྲོག་ཆགས་ཀྱི་གྲས་ནས་མི་འདུག་པར་ང་ཚོ་མི་ལ་ཇུས་གཏོགས་བྱེད་པའི་ཐོབ་ཐང་སུས་སྤྲད་པ་རེད།
    ངས་སྲོག་ཆགས་ཀྱི་སྐད་མི་ཤེས་པས་ལན་འདེབས་བྱེད་ཐུབ་མ་སོང་།
    ལག་ཟུང་ཐལ་མོ་སྦྱར་ནས་དགོངས་དག་ཞུ་རྒྱུ་ཡིན།

    ཁྱད་མཚར་་་་་་་་གླག་དང་རི་བོང་་
    ད་དུང་་་་ཨ་ལ་ལ

    Reply
  12. རི་བོང། says:
    ལོ་ 16 སྔོན།

    ཨོ་སི་ཀྲི་ལི་ཡར་ས་གནས་སྤྱི་མཐུས་ཤིག་ངེས་བར་དུ་དགོས་ལ། མ་ཟད་ས་གནས་ས་ཐོག་གི་ཉམས་མྱོང་ཡོད་པ་ཞིག་ཀྱང་དགོས་པས་ཁྱོད་མ་གཏོགས་འགྲོ་ས་མེད་ཀི རྗེས་མར་ཁྱོད་ཡིན་ད། གྲ་སྒྲིག་གནང་རོགས།

    Reply
  13. གླག says:
    ལོ་ 16 སྔོན།

    དག་བཅོས་ཞིག་བྱེད་དགོས་ངེས་རེད། ལུང་རྟོགས་ལགས་ཁྱེད་ཀྱིས་སྤྱི་མཐུས་རྣམས་ཀྱིས་གནས་ཚུལ་གསལ་བོ་ཞིག་ཐོས་ཡོད་སམ། ཁྱེད་ཀྱིས་དྲང་བདེན་ཀྱི་སྐད་ཆ་ཞིག་ཤོད་དང་།
    དེ་མིན་ང་ཚོའི་དག་བཅོས་བྱེད་ངེས་ཡིན།

    Reply
  14. བློ་བཟང་ལུང་རྟོགས། says:
    ལོ་ 16 སྔོན།

    ངས་བཤད་འདོད་པ་བྲིས་ཚར་ཡོད་པས་གྲོགས་པོ་རྣམ་པས་དཔྱད་བསྡུར་གནང་རྒྱུ་གལ་ཆེ།
    ༡ ཨོ་སི་ཀྲི་ལི་ཡའི་བོད་རིགས་རྣམས་ཀྱི་གནས་སྟངས་ཡག་ཐག་གཅོད་ཡོད། ཁ་ཐོར་ལ་འགྲོ་གི་འདུག་ཟེར་བ་དེའི་ཁ་འདྲེས་བཟུང་པ་ཐག་གཅོད། དེ་མིན་རང་ཉིད་ལ་བོད་རིགས་ཚོགས་པ་ཡར་རྒྱས་གཏོང་བའི་འགན་ཡོད་བཞིན་དུ་དོན་མེད་དཀྲོག་གཏམ་སྤེལ་དོན་ཅི་ཡོད།

    ༢་ ཨ་ལ་ལ་ཟེར་བ་དེ་མིང་རྫུན་ཅན་ཞིག་ཡིན་པ་དང་མིང་རྫུན་ཅན་ལ་ལན་མི་འདེབས་རྒྱུ་རང་ཉིད་ཀྱི་ལངས་ཕྱོགས་ཡིན། དགོངས་འགལ་མེད་པ་ཞུ།

    Reply
  15. ཨ་ལ་ལ says:
    ལོ་ 16 སྔོན།

    ལུང་རྟོགས་ལགས། ངས་ཁྱེད་ལ་འདྲི། ཨོ་སི་ཁྲོ་ལི་ཡར་སྤྱི་འཐུས་མེད་པས་སྐྱོན་ཆ་ཅི་ཞིག་བྱུང་ཡོད་པ་དང་། སྤྱི་འཐུས་འདེམས་པ་ཡིན་ན་ཁེ་ཕན་ཅི་ཞིག་ཐོབ་ཀྱི་ཡོད་པ་ཁ་གསལ་ཞིག་གསུང་གནང་དང་། དེ་ལ་བལྟས་ནས་ང་ཚོས་བསམ་གཞིགས་ཅི་འདྲ་ཞིག་བྱེད་དགོས་པ་རྟོགས་ཤུབ།

    Reply
  16. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ཁ་འཐོར་དུ་འགྲོ་བཞིན་པའི་ཨོ་སི་ཊིར་ལེ་ཡའི་བོད་རིགས་སྤྱི་ཚོགས་འདི་ལ་སྤྱི་་་འཐུས་ཤིག་མེད་ན་མི་འགྲིག་པ་ཞིག་ག་ལ་ཡིན། ལུང་རྟོགས་ལགས་ཀྱི་བསམ་ཚུལ་འདི་ཅི་འདྲིའི་ལྐོགས་གྱུར་བ་ཞིག་རེད། རྩོམ་ཡིག་འདིའི་དམིགས་ཡུལ་དང་རྒྱབ་ལྗོངས་ལ་ཁྱོད་ཚོས་སོམས་དང་།
    རང་ཉིད་ལ་གོ་གནས་ཤིག་གི་དགོས་མཁོ་ཡོད་ན་ཁག་གཡས་དཀྲི་གཡོན་དཀྲི་བྱེད་དགོས་དོན་མི་འདུག་ག། དེ་མིན་ན་ཁྱོད་ཀྱི་རྩམ་ཡིག་འདིའི་དམིགས་ཡུལ་གང་ཡིན་ནམ།

    Reply
  17. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཁོང་གིས་ང་ཚོར་རྙོག་དྲ་མི་དགོས་ཟེར་བའི་ཚབ་ལ་ང་ཚོར་རྙོག་དྲ་དགོས་ཞེས་བཅོས་ན་གང་འདྲ་འདུག

    Reply
  18. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    གོང་གི་གཏམ་དེ་ནི་དཀའ་རྙོག་ཐེ་བ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese