མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨ་རི་དང་ཁེ་ན་ཌའི་ཡུལ་དུ་ཉིན་ ༢༣ རིང་གི་ཆིབས་བསྒྱུར་སྐྱོང་བཞིན་པའི་ཆ་ཤས་ལྟར། ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་ཝ་ཤིན་ཊོན་ཌེ་སེ་རུ་ཆིབས་བསྒྱུར་གྱིས་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་སྐྱོང་མགོ་བཙུགས་ཡོད་པ་རེད།

༧གོང་ས་མཆོག་ཝ་ཤིན་ཊོན་ཏུ་ཆིབས་སྒྱུར་སྐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་གི་གླེང་གཞི་གཙོ་བོ་ཞིག་ནི་སྲིད་འཛིན་ཨོ་བྷ་མ་མཆོག་ཐེངས་འདིར་༧གོང་ས་མཆོག་ལ་མཇལ་འཕྲད་གནང་མེད་པའི་སྐོར་ཡིན་ལ། འདི་ནི་ ༡༩༩༡ ལོར་ཨ་རིའི་སྲིད་འཛིན་ George H.W. Bush བྷུ་ཤུས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྗེས་ནས་ད་བར་རྒྱལ་ས་དེར་ཆིབས་བསྒྱུར་ཐེངས་བཅུ་གནང་བའི་ཁྲོད་དུ་ཨ་རིའི་སྲིད་འཛིན་ལས་ཐོགས་ཤིག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

བརྒྱུད་ལམ་ཁག་གིས་བཤད་པ་ལྟར་ན། སྲིད་འཛིན་ཨོ་བྷ་མས་ཐེངས་འདིར་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེ་ནི་རྒྱ་ནག་གིས་ཨེ་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་རིགས་འགོག་སྡོམ་གྱི་ཁྲོད་ནུས་ཤུགས་ཆེན་པོ་ཞིག་འདོན་པར་ཞུ་སྐུལ་གྱི་སྤྲེལ་ལད་འཁྲབ་པ་ཞིག་ཡིན་པར་བཤད་ཀྱིན་ཡོད།

བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ཉེ་ཆར་སྲིད་འཛིན་ཨོ་བྷ་མའི་ཐག་གཅོད་དེ་ཐོས་རྗེས། འདི་ནི་ཨ་རི་གཞུང་གིས་རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།

ཡིན་ཡང་༧གོང་ས་མཆོག་ཝ་ཤིན་ཊོན་ཌེ་སེ་ཕེབས་འབྱོར་སྐབས་༧གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་གཏམ་བཤད་གནང་དོན། ༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་ཉིན་ ༥ རིང་གི་ཆིབས་བསྒྱུར་དབུ་བཙུགས་ཡོད། སྐབས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་མཆོག་གཙོས་པའི་གྲོས་ཚོགས་འོག་མའི་དབུ་ཁྲིད་རྣམས་ལ་མཇལ་འཕྲད་གནང་གི་རེད། ༧གོང་ས་མཆོག་ལ་ལོ་མང་པོའི་རིང་ཨ་རིའི་གྲོས་ཚོགས་འཐུས་མིའི་ཁྲོད་སྐུ་སྒེར་གྱི་གྲོགས་པོ་ཉེ་བོ་མང་པོ་ཡོད་པ་རེད་ལ། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ད་བར་དུ་བོད་མི་རིགས་ལ་ཤུགས་ཆེའི་རྒྱབ་སྐྱོར་རྒྱུན་སྐྱོང་གནང་བཞིན་པར་ཞེ་དྲག་གི་ཐུགས་དགྱེས་པོ་གནང་གི་འདུག་ཅེས་གསུངས།

ཡང་ཁོང་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་མཆོག་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་མ་རེད། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་བརྩི་འཇོག་ཆེན་པོ་ཡོད་སྟབས་ཁོང་དང་མཇལ་འཕྲད་གནང་རྒྱུར་དུས་ཚོད་འོས་འཚམ་མིན་པའི་གནད་དོན་མེད་པ་ནི་སྨྲོས་མ་དགོས་པ་ཞིག་རེད། ཡིན་ཡང་ཕུགས་རྒྱང་རིང་པོ་དང་རྒྱ་ཆེ་སའི་ལྟ་ཚུལ་ཞིག་གི་ཐོག་ནས་ཨ་རི་དང་རྒྱ་ནག་གི་ཕྱི་ཟླ་བཅུ་གཅིག་པའི་ཚོགས་འདུ་མཇུག་སྒྲིལ་རྗེས་མཇལ་འཕྲད་གནང་རྒྱུའི་ཐུགས་ཐག་བཅད་པ་ཞིག་རེད་ཅེས་དང་།

༧གོང་ས་མཆོག་གིས་ག་དུས་ཡིན་ནའང་ཨ་རི་དང་རྒྱ་ནག་གཉིས་ཀྱི་གྲོགས་འབྲེལ་ལ་རྒྱབ་སྐྱོར་གནང་གིན་ཡོད་པ་རེད། ང་ཚོའི་ངོས་ནས་སྲིད་འཛིན་ཨོ་བྷ་མའི་གཞུང་གིས་རྒྱ་ནག་དང་མཉམ་དུ་གྲོགས་འབྲེལ་གྱི་མཉམ་ལས་ཤིག་འཚོལ་བཞིན་པ་འདིས་བོད་དོན་འདི་ཁྲིམས་མཐུན་སྒོས་ཐག་གཅོད་པར་རྒྱབ་སྐྱོར་རང་བཞིན་གྱི་གནས་སྟངས་ཤིག་བསྐྲུན་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད། ཅེས་དང་།

ཉེ་ཆར་སྲིད་འཛིན་ཨོ་བྷ་མའི་མཐོ་རིམ་སློབ་སྟོན་པས་སྣེ་ཁྲིད་པའི་སྐུ་ཚབ་ཅིག་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་དེ་ནི་ཨ་རི་གཞུང་གིས་བོད་དོན་ཐོག་ལས་དོན་སྒྲུབ་ཕྱོགས་ཀྱི་རྣམ་པ་གསར་པ་ཞིག་ཡོད་པར་གོ་བརྡ་སྤྲད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།

༧གོང་ས་མཆོག་ཝ་ཤིན་ཊོན་ཌེ་སེ་རུ་ཕེབས་འབྱོར་གྱི་རྗེས་སུ། ཉེ་ཆར་བསྐོ་བཞག་གནང་བའི་ཨ་རིའི་དོན་དོན་དམིགས་བསལ་འབྲེལ་མཐུད་པ་ མེ་རི་ཡ་ཨོ་ཊེ་རོ་ ལགས་ཀྱིས་མཇལ་འཕྲད་གནང་རྒྱུ་རེད།
དེ་བཞིན་ཐེངས་འདིར་ལིང་ཊོ་སུ་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ཐེབས་རྩ་ཁང་གི་ལིང་ཊོ་སུ་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཐེངས་དང་པོ་དེ་བཞེས་རྒྱུ་ཡིན་འདུག

གཞན་ཡང་༧གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་འོད་སྣང་ཞེས་པའི་གཟེངས་རྟགས་དེ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ ཇུ་ལི་ཡ་ ཊ་ཧྥུ་ཊ་དང་བོད་ནང་དུ་བོད་དོན་ཐོག་དྲང་བདེན་གྱི་སྐད་ཆ་བཤད་མཁན་རྒྱ་རིགས་སྐོར་ཅིག་བཅས་ལ་མཉམ་དུ་བསྩལ་རྒྱུ་རེད།

ཐེངས་འདིའི་༧གོང་ས་མཆོག་གི་མཛད་རིམ་གཞན་ཞིག་ནི་འཛམ་གླིང་སྟེང་གི་ཤེས་ཡོན་པ་དང་ཚན་རིག་པ། ཁ་འདོན་པ་བཅས་དང་མཉམ་དུ་ཉིན་གཉིས་རིང་སེམས་དང་འཚོ་བ་ཞེས་པའི་བརྗོད་གཞིའི་འོག་ཚོགས་འདུ་ཞིག་འཚོགས་པའི་ཚོགས་མགོན་ལ་ཕེབས་རྒྱུ་དང་། ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ། སེམས་ཀྱི་འགྱུར་བ། དེང་རབས་ཀྱི་འཛམ་གླིང་ནང་ཤེས་རབ་འཚོལ་བ། ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་ཀྱང་གནང་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 16

  1. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ལོ་མང་སྔོན་ཡིན་ན་བོད་དོན་འཛམ་གླིང་སྟེང་ཁྱབ་བསྒྲགས་སུ་འགྲོ་བའི་ཆེད་དུ་རྒྱལ་ཁབ་དང་ཚོགས་སྡེ་ག་གེ་མོ་རེས་གོང་ས་མཆོག་ལ་གཟེངས་རྟགས་རེ་ཕུལ་ཚེ་བོད་མི་ཚོས་བོད་དོན་ཁྱབ་བསྒྲགས་རེད་ཟེར་ནས་དགའ་བསུ་ཚད་མེད་ཞུས་པ་རེད་ལ་དེ་ལྟར་བྱེད་ཀྱང་དགོས་ཀྱི་རེད། ཡིན་ན་ཡང་། བོད་དོན་ཟེར་བ་འདི་འཛམ་གླིང་གི་གྲོང་ཁྱེར་ཆེན་པོ་དག་ཕར་ཟད་གྲོང་གསེབ་ཆུང་ཆུང་ཞིག་ལ་བསླེབས་ན་ཡང་མི་གང་འཚམ་ཞིག་གིས་ཤེས་ཚར་བའི་དེ་རིང་། ད་ནི་ད་དུང་བོད་དོན་ཁྱབ་བསྒྲགས་ཀྱི་ཆེད་དུ་གོང་ས་མཆོག་ལ་གཟེངས་རྟགས་ཤིག་སྤྲད་ཨེ་ཡོང་གི་རེ་བ་བརྒྱབ་ནས་འདུག་ཚོད་ཅིག་མ་ཡིན་པར། རྒྱལ་ཁབ་དང་ཚོགས་སྡེ་ག་གེ་མོ་དེ་ཚོས་ཁ་ཡོད་ལག་ཡོད་ཀྱི་བོད་དོན་རེ་ཨེ་སྒྲུབ་ཀྱི་རེ་བ་རྒྱག་པའི་དུས་ཚོད་ཛ་དྲག་ཅིག་ལ་བསླེབས་བསྡད་ཡོད་པ་རེད། གྲོགས་པོ་ཞིག་ལ་མཚོན་ན་ཡང་སྔོན་མར་གཅིག་གིས་གཅིག་མ་ཤེས་པའི་དཀའ་ངལ་འཕྲད་པ་རེད། ད་ལྟ་ཤེས་ཚར་ནས་གཅིག་གིས་གཅིག་ལ་རོགས་པ་ཨེ་བྱེད་ཀྱི་རེ་བ་བྱེད་པའི་མཚམས་ཐིག་དེར་བསླེབས་བསྡད་ཡོད་པ་རེད། སྤྱིར་ན་བོད་པའི་ཁྲོད་དུ་ཆབ་སྲིད་ཀྱི་འཕེལ་རིམ་དེ་ཚད་གང་ཞིག་ནས་གང་ཞིག་ཏུ་སླེབ་ཡོད་མེད་རྟོག་དཔྱོད་ཞིབ་འཇུག་བྱེད་མཁན་གྱི་བློ་གྲོས་ཅན་ཤིན་ཏུ་དཀོན་ཞིང་། གལ་སྲིད་ཤེས་རབ་ཀྱི་མེ་ལྕེ་ཆུང་ཆུང་རེ་འཁྱེར་བའི་བློ་གྲོས་དང་ལྡན་པ་རེ་ཟུང་ཕྱིར་མངོན་མ་ཐག་ལམ་སེང་སྐེ་བཙུར་བཏང་ནས་དམར་གསོད་ཀྱིས་ས་འོག་རིམ་པ་དགུའི་གཏིང་རུམ་དུ་འཕེན་ཅི་ཐུབ་བྱེད་པའི་གོམས་གཤིས་ཤིག་མཐོ་ས་དམའ་ས་གང་སར་ཁྱབ་བསྡད་ཡོད་པས། ངེས་པ་དོན་གྱི་སྲིད་དོན་བཤད་ཐུབ་མཁན་ཧ་ཅང་དཀོན་ཞིང་དེ་ལ་ཉན་མཁན་ནི་དེ་བས་ཀྱང་མུ་གེའི་ཐང་གི་རྩྭ་ཆུ་བཞིན་ཧ་ལམ་མེད་པའི་ཚོད་དུ་འདུག

    Reply
  2. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བོད་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞིག་མེད་ན་ཨོ་སྦ་མས་གོང་ས་མཆོག་ལ་སྐར་མ་འགའི་རིང་གི་ཐུག་འཕྲད་ཅིག་བྱས་ཀྱང་ཅི་ཞིག་ཕན་ཨང་། སྦུ་ཞི་ཕ་བུ་གཉིས་ཀྱི་ཐུག་འཕྲད་ཀྱིས་ཅི་ཞིག་ཕན་སོང་། ཁི་ལོན་སྒྲོན་གྱི་ཐུག་འཕྲད་ཀྱིས་ཅི་ཞིག་ཕན་སོང་། ཨོ་སྦ་མ་ཡང་དེ་བཞིན་རེད། ཞེ་དྲགས་ཕན་ཐོགས་ཅང་ཡོད་ནི་མ་རེད། དོན་དམ་པའི་ཐུག་འཕྲད་ཅིག་བྱེད་ཀི་ཡིན་ན། རྒྱ་ནག་སྲིད་འཛིན་ནམ་ཕྱི་སྲིད་བློན་ཆེན། དེ་མ་བྱུང་རུང་རྒྱ་ནག་གཞུང་ཚབ་པ་ཕོ་བྲང་དཀར་པོར་སྐད་བཏང་ནས་ཨོ་སྦ་མ་དང་གོང་ས་མཆོག རྒྱ་ནག་གཞུང་ཚབ་པ་ཁོང་གསུམ་མཉམ་འཛོམ་གྱིས་བོད་དོན་གྲོས་མོལ་ཞིག་བྱེད་ཐུབ་ན་དོན་ངོ་མའི་ཐུག་འཕྲད་དེ་རེད་བསམས། དེ་མིན་ཨ་རི་ཚང་གི་དུས་ཚོད་སྐྱེལ་སྟངས་ཤིག་དང་ཆབ་སྲིད་པའི་ཟློས་གར་འཁྲབ་སྟངས་ཤིག་མ་གཏོགས་ཅང་མཐོང་གི་མི་འདུག

    Reply
  3. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ང་ཚོར་འཛམ་གླིང་མི་དམངས་ལ་བཏོན་པའི་རེ་བ་དང་སྡུག་སྐད་ནི། གོང་ས་མཆོག་ལ་གསེར་དངུལ་གཟེངས་རྟགས་སྤྲོད་རྒྱུ་དེ་ཙམ་གཅིག་པོ་མ་ཡིན་པར། བོད་མི་ས་ཡ་དྲུག་ལ་དོན་དམ་པའི་རང་དབང་རང་བཙན་གྱི་ཉི་མ་ཞིག་མཐོང་ཐུབ་རྒྱུ་དེ་ཡིན་ཡ།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ངས་སྔོན་མ་ཅིག་ནས་བཤད་མྱོང་། རྒྱལ་ཁབ་འདི་དག་གིས་གོང་ས་མཆོག་ལ་ཆེ་མཐོང་གཟེངས་རྟགས་རེ་སྤྲད་ནས་དོན་ངོ་མའི་བོད་དོན་རྒྱབ་སྐྱོར་དེ་བྱེད་ཀི་མི་འདུག དེ་ནི་བོད་མི་མང་པོ་ཞིག་གིས་རང་རང་གིས་བོད་དོན་རེ་མི་བྱེད་པར་མིག་ཟུང་བཙུམས་ནས། རྒྱལ་བ་རིན་པོ་ཆེས་བོད་རང་བཙན་ལེན་གི་རེད་ཟེར་ནས་སྨོན་ལམ་རེ་བརྒྱབ་སྟེ་བསྡད་ཡོད་པ་དང་གཅིག་པ་གཅིག་རྐྱང་རེད། བོད་དོན་ཐག་གཅོད་ཀྱི་ནུས་པ་མ་ཐོན་བར་དུ་གསེར་དངུལ་གཟེངས་རྟགས་ཀྱིས་གོང་ས་མཆོག་གི་གཟིམ་ཤག་ཁེངས་བསྡད་ཀྱང་ཞེ་དྲགས་ཡ་མཚན་རྒྱུ་ཅང་ཡོད་པ་མ་རེད། སྔོན་མར་རྒྱ་ནག་དང་སོག་པོ་དེ་བཞིན་མན་ཇུ་གོང་མ་ཚོས་བོད་ཀྱི་བླ་དཔོན་ཚོར་ཧུ་ཐོག་ཐུ་དང་ཧྥ་ཝང་ཟེར་བ་ལྟ་བུའི་ཆོ་ལོ་གསེར་ལེབ་རྡུང་གི་སྒང་ལ་བྲིས་བཞག་པ་བརྒྱ་ཕྲག་དང་བརྒྱ་ཕྲག་སྤྲད་ཡོད་པ་རེད། སྔོན་མར་ལྷ་ས་བ་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་སྒྲུང་<<ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག་>>ཅེས་པ་དེའི་ནང་དུ་གསར་བུ་ལྷག་བསམ་ཅན་ཕུན་ཚོགས་ཀྱིས་ས་གནས་དབང་འཛིན་པ་ཚོར། “མི་དམངས་མང་ཚོགས་ཀྱི་ལྟོ་རྒྱབ་གནད་དོན་ཐག་མ་ཆོད་བར་དུ་དར་དམར་རྐྱང་རྐྱང་གིས་མི་དམངས་ཀུང་ཧྲེའི་རྩིགས་པ་ཁེངས་བཞག་ན་ཡང་དོན་སྙིང་ཅང་ཡོད་པ་མ་རེད”་ཅེས་ཚོགས་གཏམ་བཏང་བ་འདྲ་བོ་རེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ༧བླ་མའི་ཉིན་མཚན་དབྱེར་མེད་དུ་ཕྱག་ཟུང་ཐལ་མོར་སྤྱར་ནས་ཕེབས་ཀྱི་འདུག་ན་ཡང་། བྱེས་ཀྱི་མི་མང་གིས་འཐུས་ཚབ་དག་གིས་ནང་ཁུལ་ཙམ་ལ་ཡང་བཟོད་བསྲན་དང་བསམ་ཤེས་མེད་པའི་ངང་ཚུལ་དེ་དག་མཐོང་དུས། ངས་སེམས་ཁོང་རུས་པའི་གཏིང་ནས་༧བླ་མ་རིན་པོ་ཆེ་ལ་འཐོལ་ལོ་གཤེགས། ང་ལྟ་བུ་ལས་ངན་མང་བོ་ཞིག་གིས་ཁྱེད་ཀྱི་རྗེས་སུ་ཁ་མིག་ཡར་བལྟ་ཙམ་ཡང་བྱེད་ཐུབ་ཀྱི་མེད་པ་རེད་སྙམ་ཞོར་དུ། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་རྒྱལ་ཁབ་མེད་པའི་དབུ་ཁྲིད་གཅིག་ལ་ཐུགས་འཕྲད་བྱེད་རྒྱུ་དེ་ནི་གལ་ཆེན་དུ་ནམ་ཡང་བརྩི་མི་སྲིད་པ་སྔ་ས་ནས་ཤེས་ཀྱི་ཡོད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས།།
    ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།།
    ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ།།
    དུས་སུ་འདོམས་པ་དེ་ཉིད་བླ་མར་བསྔགས།།

    Reply
  7. ནད་པ says:
    ལོ་ 16 སྔོན།

    ཁམས་བཟང་། ལྷོ་ཕྲུག་སྣ་བོ་ཆེས་གསུངས་པར་ལྟར་སྐབས་འདིར་སྒོམ་སྒྲུབ་ཉམས་ལེན་རང་ལ་གོ་དགོས། དབྱིན་སྐད་ནང་། ”contemplative insights” ཟེར་བའི་ཚིག་དེ་རང་དང་འབྲེལ་བ་ཡོད།

    རབས་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་རྒྱུར་ཅིག།

    Reply
  8. དགྲ་འདུལ། says:
    ལོ་ 16 སྔོན།

    དེང་སྐབས་ཆབ་སྲིད་ཀྱི་ལྟ་གྲུབ་དེ་དཔལ་འབྱོར་གྱིས་བསྣུབས་ཚར་པ་རེད། དམར་ཤོག་དང་དམངས་གཙོ་གཉིས་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་རྣམ་པ་ཞིག་ལ་བསླེབས་འདུག ཨ་རི་ལ་མཚོན་ན་རྩ་བའི་རྩ་དོན་ངོ་མ་ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རེད། ད་སྐབས་འདི་ཡང་དཔལ་འབྱོར་གྱི་ནུས་ཤུགས་འོག་ནས་བརླག་འགྲོ་གིན་ཡོད།

    ང་ཚོར་དོ་སྣང་གསར་པ་ཞིག་ཡོང་གིན་པ་ནི། ཨ་རིའི་ནུས་ཤུགས་ཀྱིས་ད་ལྟའི་དམག་ཆེན་དེ་དག་དང་ཨ་རིར་ངོ་ལོག་པའི་རྒྱལ་ཁབ་ཨི་རན་དང་བྱང་ཀོ་རི་ཡ་སོགས་ལ་གླགས་འཁེལ་གྱིན་མེད་སྟབས། རྒྱ་ནག་གི་རྒྱབ་རོགས་འཚོལ་གྱིན་ཡོད་པ་རེད།

    ཤར་ནུབ་ཀྱི་སྟོབས་ཤུགས་དོ་མཉམ་བཞིན་པའི་སྐབས་སུ་སྲིད་བྱུས་ཀྱང་རང་བཞིན་གྱིས་མི་འགྱུར་ཐབས་མེད་རེད།

    ཡིན་ཡང་། ཨ་རི་དང་ནུབ་ཕྱོགས་སུ་མི་དམངས་ཀྱི་ནུས་པ་ནི་གཞུང་ལས་ཆེ་བ་ཡོད་སྟབས། མི་དམངས་ཀྱི་ཁ་འགོག་པའི་ཆེད་དུ་ཨོ་སྦ་མའི་མཐོ་རིམ་དཔོན་རིགས་དེ་ཚོ་ཉེ་ཆར་རྡ་རམ་ས་ལར་མངགས་པ་རེད།
    རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཨ་རིའི་སྲིད་བྱུས་གསར་པ་ཞིག་མངོན་ཡོང་གི་ཡོད་སྐོར་བཤད་པ་དེ་བདེན་སྲིད། ཡིན་ཡང་། ཡག་ཉེས་གང་ཡིན་ད་དུང་བཤད་དཀའ་བའི་ཚོད་རེད།

    སྡུག་ཤོས་ཤིག་ནི། རྗེས་མ་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ཨ་རིའི་སྲིད་འཛིན་གྱིས་སྣེ་ལེན་ཞུ་སྟངས་ཀྱང་འགྱུར་སྲིད་པ་ཡིན། ལྷག་པར་དུ་ཨ་རི་དང་རྒྱ་ནག་གཉིས་ཀྱི་ལག་འབྲེལ་འོག་ནས་བོད་དོན་འདི་ཁྱད་མཚར་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད།

    ༧གོང་ས་མཆོག་གིས་རྒྱ་ནག་སྲིད་གཞུང་ལ་རེ་རེ་སྲབ་ནས་སྲབ་ཏུ་འགྲོ་གིན་ཡོད་རུང་མང་ཚོགས་ལ་རེ་བ་ཆེ་རུ་ཆེ་རུ་འགྲོ་གིན་ཡོད་པ་བཞིན། ད་ནས་བཟུང་ཨ་རིའི་གཞུང་ལའང་རེ་བ་སྲབ་ཏུ་སྲབ་ཏུ་འགྲོ་སྲིད་ལ་མི་དམངས་ལ་རེ་བ་ཆེ་རུ་ཆེ་རུ་འགྲོ་རྒྱུའི་གནས་སྟངས་ཤིག་ཤར་མགོ་ཡོད་སྲིད་པ་རེད།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དེ་ལ་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞེས་འབྲི་དགོས་པ་འདྲ། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གཏམ་བཤད་དེའི་དབྱིན་ཡིག་གི་མ་དཔེ་ནང་དུ་ American University ཞེས་བྲིས་འདུག ཡིན་ངོ་མ། American University Washington D C ཞེས་པ་དེ་ཡིན་པ་འདྲ།

    Reply
  10. ཨ་ལ་ལ says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་འདུག ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ། ཞེས་བཀོད་པ་ལས་དེ་གང་ཡིན་མིང་འདོན་བྱས་མི་འདུག མིང་ཅི་ཡིན་མ་ཤེས་པ་འདྲ་ཡིན་ན་ཐུགས་ཁག་མེད། ཤེས་གཞིན་དུ་མ་བྲིས་པ་འདྲ་ཡིན་ན་འགྲིག་གི་མི་འདུག གང་ཞེ་ན། ྋགོང་ས་མཆོག་ས་གནས་གང་ཞིག་ཏུ་ཕེབས་པ་ཡིན་ནའང་ས་གནས་དེའི་མིང་་ཁ་གསལ་བཀོད་པ་ཡིན་ན་མཛད་ཕྲིན་དེའི་ཆ་ཡོངས་སུ་ཚང་བ་ཞིག་ཤེས་རྟོགས་ཐུབ་པས་ན་དགེ་མཚན་ཆེ་ཞིང་གསར་འགྱུར་དེ་ཡང་འཐུས་ཚང་ཞིག་ཏུ་གྱུར་བར་མཐོང་།

    Reply
  11. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དགོངས་དག ད་ལྟ་འཚོགས་འདུ་གཞི་ནས་འཚོགས་རྒྱུ་ཡིན། སྤྱི་ཚེས་༨དང་༩གཉིས་ལ་འཚོགས་རྒྱུ་ཡིན་པ་རེད། དེར་བརྟེན་ཕེབས་འདུག་ཅེས་པ་ཕེབས་འཆར་འདུག་ཅེས་པར་བཅའ་ཡིན་ཡོད།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྣ་བོ་ཆེ་ལགས་ཀྱིས་སྐབས་ཐོག་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ། ངས་ནི་གོང་གི་ཐ་སྙད་དེ་ a person whose life is devoted primarily to prayer, esp. in a monastery or convent. གཞི་བཟུང་བ་ཡིན། ཉིད་ཀྱིས་གསུངས་པར་ཡང་རྒྱུ་མཚན་ཆེན་པོ་འདུག ངས་ནི་ནུབ་ཕྱོགས་ཀྱི་ contemplative འདི་དག་གི་སྒྲུབ་སྦྱོང་ངོ་མ་དེ་ཇི་ལྟ་བུ་ཞིག་ཡིན་པ་མི་ཤེས་སྟབས་ཁ་འདོན་དགེ་སྦྱོར་བྱེད་མཁན་ཞིག་མིན་ནམ་སྙམ་ཡོད། ཚིག་འགྲེལ་འདི་ལ་སྒོམ་སྒྲུབ་པ་ཡིན་པའི་འགྲེལ་ཞིག་ཀྱང་འདུག

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    གོང་དུ་ཚན་རིག་པ་དང་ཤེས་ཡོན་པ་ཁ་འདོན་པ། ཞེས་བསྒྱུར་འདུག ཁ་འདོན་པ་ཞེས་པ་ནི་མ་དག་པ་རང་ཡིན། དབྱིན་ཡིག་གི་མ་ཚིག་ནི་contemplative ཞེས་པ་དེ་ཡིན་སྟབས་འདིའི་གོ་བ་ནི་སྐབས་འདིར་སྒོམ་སྒྲུབ་པའམ་ཉམས་ལེན་པར་གོ་དགོས་པ་ཡིན།
    འོན་ཀྱང་འཚོགས་ཐོག་རང་དུ་དམིགས་བསལ་གསུང་བཤད་པ་དང་དཔྱད་ཞིབ་ཚོགས་ཞུགས་པ་༸གོང་ས་མཆོག་དབུས་མི་སྣ་ཉི་ཤུ་ཐམ་པ་ཡོད་པ་ལས་དོན་དམ་གྱི་སྒོམ་སྒྲུབ་པ་ཞིག་ནི་ཕྱིའི་སྣང་ཚོད་ལྟར་ན་༸གོང་ས་མཆོག་གཅིག་པུ་རང་དུ་མཐོང་། འོན་ཀྱང་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་དང་། མད་ཐིའུ་རི་ཁརཌ་རྣམ་གཉིས་ཀྱི་ཐོག་སེམས་དང་སྲོག་གི་ཞིབ་འཇུག་ཚོགས་པ་ཐོག་མའི་གསར་འཛུགས་སྐབས་ཀྱི་འགན་འཁུར་མི་སྣ་གཙོ་བོའི་གྲས་ཡིན་པའི་ཨ་དམ་ཨེན་གྷལ་མཆོག དེ་བཞིན་emotional intelligenceཞེས་པའི་གྲགས་ཅན་དཔེ་དེབ་ཀྱི་རྩོམ་པ་པོ་གྲའི་ནཱལ་གྷོལ་མཱན་མཆོག་ཀྱང་ཕེབས་འདུག

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མཚམས་རེར་བཙན་བྱོལ་བོད་མིའི་དབུ་ཁྲིད་དག་གི་གནང་སྟངས་འདི་ཡང་མགོ་ཚོད་པ་ཞིག་མི་འདུག

    ༡། བཀའ་ཁྲི་མཆོག་གིས་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་གི་ཅེས་སྐྱོན་བརྗོད་གནང་།

    ༢། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་ཨོ་བྷ་མ་འགེབ་སྲུང་གི་ཚུལ་དུ་སྐད་ཆ་བཤད་ཡོད།

    ༣། ༧གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚམས་ལགས་ཀྱིས་ཉེ་ཆར་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་ནག་ལ་ཚོང་འབྲེལ་གྱི་ཐོག་ནས་སྤྲེལ་ལད་མི་འཁྲབ་པར་མང་ཚོགས་རང་བཞིན་གྱི་བསམ་ཚུལ་དང་ལས་འགུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་དགོས་སྐོར་འབོད་སྐུལ་ཞུས་ཡོད།

    ༼དེ་རིང་གི་དབྱིན་ཇིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཏཱ་ལའི་བླ་མའི་ཕྱག་རོགས་ཀྱིས་ཨོ་བྷ་མ་འགེབ་སྲུང་བྱེད་གིན་ཡོད་ཚུལ་བརྗོད་ཀྱིན་འདུག ༽

    ད་གང་འདྲ་བྱས་ན་ཡག་ས་རེད།

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཡང་ཨ་རི་སྲིད་འཛིན་གྱིས་ང་ཚོར་ཡག་པོ་བྱས་མ་སོང་དཱ། ནག་རིལ་དེ་དགའ་ཟིག་ད་མིན་མོ།

    Reply
  16. རྒྱང་རིང་ནས། says:
    ལོ་ 16 སྔོན།

    གཡས་གཡོན་ཕྱག་གིས་ཐབས་ཤེས་ཟུང་འབྲེལ་གྱི།
    གུས་ལུགས་བཟང་པོ་ཐལ་མོ་སྦྱར་བ་འདིས།།
    ས་འཛིན་འདི་ཡི་མི་དབང་གང་ཞིག་ཀྱང་།།
    འཛུམ་གྱིས་བསུ་སྟེ་དགའ་བའི་གྲོགས་སུ་གཉེར།།
    རྒྱས་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese