མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་བོད་ཡིག་ཚིག་མཛོད་བཟོ་མགོ་བརྩམས་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

གྲྭ་སྨོན་ལམ་གྱིས་འདས་པའི་ཟླ་རེ་ཟུང་ནས་བཟུང་སྨོན་ལམ་བོད་ཡིག་ཚིག་མཛོད་ཅེས་པ་སྒྲིག་མགོ་བརྩམས་ཡོད་ལ། འཆར་ལོའི་ལོ་སྨད་ལ་ཡོངས་སུ་འགྲུབ་ཐུབ་པའི་རེ་བ་གནང་གི་འདུག

ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པས་གྲྭ་སྨོན་ལམ་ལགས་དང་མཉམ་དུ་ཁོང་གི་བོད་ཡིག་ཚིག་མཛོད་དེའི་ཐད་གླེང་མོལ་བྱས་པ་ཡིན། གྲྭ་སྨོན་ལམ་ལགས་ཀྱིས་གསུངས་པ་ལྟར་ན། སྨོན་ལམ་བོད་ཡིག་ཚིག་མཛོད་འདི་ནི་འདས་པའི་ཟླ་ཤས་རིང་ཁོང་བཞུགས་སྒར་གངས་སྐྱིད་དུ་སྡོད་པའི་རིང་བཟོ་མགོ་བརྩམས་ཤིང་། ད་ལྟའི་ཆར་བོད་ཡིག་ཚིག་མཛོད་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་སྒྲིག་གཉིས་མཉམ་སྡེབ་ཀྱིས་གློག་ཀླད་ནང་གི་བོད་ཡིག་ཚིག་མཛོད་ཆེན་མོ་ཞིག་བཟོ་རྒྱུ་ཡིན་པ་དང་། ཚིག་མཛོད་འདིའི་ནང་དུ་བོད་ཡིག་གི་མིང་དང་ཚིག་འབུམ་གཅིག་མ་ལོངས་ཙམ་ཞིག་ཡོད་ལ། དེ་དག་ནི་ད་ལྟ་དབྱིན་ཡིག་གི་གློག་ཀླད་ནང་གི་ཚིག་མཛོད་ལྟ་བུ་ཞིག་བཟོ་རྒྱུ་ཡིན་འདུག ད་ལྟའི་ཆར་ཚིག་མཛོད་འདི་གཙོ་བོ་དཀར་ཁུངས་གློག་ཀླད་ Windows ནང་ལ་དམིགས་ནས་བཟོ་གིན་ཡོད་ལ། མི་འགྱངས་པར་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ལ་དམིགས་ནས་ཀྱང་བཟོ་རྒྱུ་ཡིན་འདུག

ད་ལྟའི་ཆར་ཁོང་གི་གྲོགས་པོ་རེ་ཟུང་གིས་ཚིག་མཛོད་འདིའི་ནང་འཇུག་རྒྱུའི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་སྒྲིག་གློག་ཀླད་དུ་བཅུག་པ་རྣམས་ལ་ཞུ་དག་བྱེད་བཞིན་པའི་སྒང་རེད།

གཞན་ཡང་གྲྭ་སྨོན་ལམ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་དེའང་གློག་ཀླད་ཀྱི་ནང་དུ་བཟོ་རྒྱུའི་སྐོར་ཁོང་གཉིས་བར་གྲོས་མཐུན་བྱུང་ཡོད་ཅིང་། དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་འདི་ཡང་སྨོན་ལམ་བོད་ཡིག་ཚིག་མཛོད་དང་དུས་མཉམ་དུ་འདོན་རྩིས་ཡོད་འདུག

གྲྭ་སྨོན་ལམ་ལགས་ཀྱི་རེ་བ་ཆེ་ཤོས་ནི་འདི་ཙམ་ཡང་མིན་པར། མ་འོངས་པའི་ལོ་ཤས་རིང་སྨོན་ལམ་བོད་ཡིག་ཚིག་མཛོད་འདི་ལས་ཆེ་བ་ཞིག་བཟོ་རྩིས་ཡོད་ཅིང་། དེའི་ནང་དུ་བོད་ཀྱི་རིག་གནས་སྡེ་ཚན་ཁག་ཕལ་ཆེ་བའི་དག་ཡིག་དང་ཚིག་མཛོད་ ༡༧ ལྷག་ད་ལྟའི་ཆར་ལག་སོན་བྱུང་ཡོད་པ་དང་། དེའི་ནང་དུ་དུང་དཀར་ཚིག་མཛོད་ཆེན་མོ་ཡང་ཡོད་འདུག

དེ་རིང་ཕྱི་ཚེས་ ༦ ཉིན་གྲྭ་སྨོན་ལམ་ལགས་བཞུགས་སྒར་ནས་ལྡི་ལིར་ཕྱིན་ཡོད་ལ། ལྡི་ལི་ནས་ཉི་ཧོང་ལ་གློག་ཀླད་སྐོར་གྱི་བསམ་ཚུལ་བརྗེ་རེས་སོགས་ཀྱི་ཆེད་དུ་ཟླ་གཅིག་རིང་གི་འགྲུལ་སྐྱོད་བྱེད་ཀྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 28

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    རྒན་སྨོན་ལམ་ལགས་ལ་སྔ་མོ་ནས་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཡང་ད་བར་ཞུ་ཐུབ་མ་སོང་བས་དགོངས་པ་མ་མཚོམས།
    ངས་ཁྱེད་རང་ཐོག་མར་དྲ་རྒྱའི་ཐོག་ནས་མཇལ་བ་ལས་དངོས་སུ་མཇལ་མ་མྱོང་ཟླ་འགའི་སྔོན་ལ་རྡ་སའི་གཙུགས་ལག་ཁང་དུ་སྐུའི་འཁྲུངས་སྐར་དུས་ཆེན་སྐབས་དངོས་སུ་མཇལ་བྱུང་ཡང་སྐད་ཆ་བཤོད་ཐུབ་མ་སོང། གང་ལྟར་དྲ་རྒྱ་རྒྱུད་ནས་ཁྱེད་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་ཁྱེད་ཀྱི་རླབས་ཆེ་བའི་ཕྱག་ལས་དེ་མུ་ཐུད་ནས་གནང་རོགས་ཞེས་ཞུུ་རྒྱུ་ཡིན། ངའི་བསམ་ཚུལ་ཞིག་བརྗོད་ན་སློབ་དཔོན་ཐུ་མིས་བོད་ཡིག་གསར་གཏོད་བྱས་མིན་གང་ཡིན་ཡང་མཛད་རྗེས་ཆེན་པོ་ཞིག་རེད་ལ་དེ་མཚམས་ཁྱེད་ཉིད་ནི་བོད་ཡིག་ཡར་རྒྱས་གཏོང་བར་གོ་སྐབས་སྦྱིན་མཁན་ནམ་འཁོར་ཡུག་སྤྲུན་མཁན་ཞིག་ཡིན་པས་དངོས་གནས་ཧ་ལས་དགོས་པའི་མཛད་རྗེས་ཆེན་པོ་ཞིག་རེད་བསམས་ཀྱི་འདུག
    ཁྱེད་གང་དུ་ཕེབས་ཀྱང་བྱྱ་བ་ལམ་ལྷོང་ཡོང་བ་དང་མ་འོང་པར་བོད་ཡིག་ཀྱང་རྒྱལ་ཁབ་གཞན་གྱི་ཡི་གེ་ལྟར་འཕྲུལ་རིག་གང་གི་སྟེང་ལ་ཡང་བེད་སྤྱོད་ཆོག་པ་ཞིག་བཟོ་ཐུབ་པའི་སྨོན་ལམ་དང་བཅས་ཁྱེད་ཉིད་ལ་གུས་བསྐུར་ཞུ་མཁན་ཇོ་བོ་རྣམས་གཉིས་སམ་འཕྲིན་ལས་རྒྱལ་པོ་ནས། །

    Reply
  2. ལི་ཆུ་དྭངས་མ། says:
    ལོ་ 16 སྔོན།

    ཤེས་ཡོན་གྱི་རྒྱ་མཚོ་ལ་སྐྱོད་བཞིན་པའི་གྲོགས་མཆོག་སྨོན་ལམ་ལགས་སུ།
    ངས་ཁྱེད་ཉིད་ཀྱི་ལྷག་བསམ་གྱི་ལས་དོན་ལ་རྒྱབ་སྐྱོར་དང་བླ་ན་མེད་པའི་བཀའ་དྲིན་ཆེ་ཞུ།
    ཁྱེད་ཉིད་ཀྱི་ལས་དོན་ཐམས་ཅད་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  3. bhare says:
    ལོ་ 16 སྔོན།

    བོད་ཀྱི་སྐད་དང་ཡིག་གེ་དར་སྤེལ་བསམ་ཡུལ་ལས་འདས་པ་ཞིག་གནང་བ་དེ་ང་བོད་མི་ཞིག་ཡིནཔའི་ཆ་ནས། ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་པ་དང་ཁྱབ་ཅིག་ཁྱེད་བྱ་བ་ལམ་འགྲོ་ཡང་བའི་སྨོན་ལམ་ཞུ།

    Reply
  4. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    དེ་འདྲ་རིགས་དེ་མང་པོ་བྱུང་ན་དགའ་བ་ལ་

    Reply
  5. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གྲྭ་རྐྱང་ཞིག་གི་འདི་ལྟར་བུ་མི་རིགས་ཤིག་གི་སྐད་ཡིག་ལ་འགན་ཁུལ་བ་གཟི་བརྗེད་རེད།
    དངོས་གནས་བྱས་ན་ལས་དཀའ་དེ་ཚོ་རིགས་བོད་གཞུང་གིས་མི་ཚེའི་ཕྱད་ཀ་གསོ་སྐྱོང་གནང་བའི་སློབ་གྲྭ་ནས་ཐོན་པའི་བུ་ཕྲུག་དེ་དག་གིས་བྱེད་དགོས་ཀྱང་སེམས་སྐྱོ་བ་ཞིག་ལ་མགོ་རིལ་རིལ་དེ་དག་མེད་ན་ཡོང་ཐབས་མེད་པ་འདྲ་།།

    Reply
  6. pasang says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་དང་བྱ་བཟང་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཅས།།

    Reply
  7. Dhonling Bhu says:
    ལོ་ 16 སྔོན།

    ཁྱེད་ཀྱི་རླབས་ཆེན་མཛད་རྗེས་འདི་ལ་ངེད་ཚོས་བསྔགས་བརྗོད་མེ་ཏོག་གཏོར།།
    ཁྱེད་ཀྱི་རླབས་ཆེན་མཛད་རྗེས་འདི་ལ་ངེད་ཚོས་བར་ཆད་མེད་པར་སྨོན།།
    ཁྱེད་ཀྱི་རླབས་ཆེན་མཛད་རྗེས་འདི་བཞིན་མི་རབས་མང་པོར་གནས་འགྱུར་ཤོག །
    ཁྱེད་ཀྱི་རླབས་ཆེན་མཛད་རྗེས་འདི་ཡིས་བོད་ཀྱི་སྐད་ཡིག་མྱུར་སྐྱོབ་ཤོག །

    Reply
  8. ཆོས་འཕེལ། says:
    ལོ་ 16 སྔོན།

    གྲྭ་སྨོན་ལམ་ལགས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ། ཉིད་བྱས་རྗེས་ནང་བཞིན་རང་རེའི་གསར་ཚར་བ་རྣམས་ཀྱིས་ཐུབ་ན་དངོས་ནས་དགའ་འོས་པ་ཞིག་རེད། ཁྱེད་ཀྱི་ཕྱག་རྗེས་ལ་ག་དུས་ཡིན་ནའང་རྒྱབ་སྐྱོར་ཡོད་ལ། ཞབས་ཕྱི་འདྲ་དགོས་ན་གང་ཐུབ་ཞུས་ཆོག བཀྲ་ཤིས་བདེ་ལེགས་ཞུ།

    Reply
  9. ཆོས་འཕེལ་བློ་བཟང་། says:
    ལོ་ 16 སྔོན།

    བཀུར་འོས་བློ་བཟང་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་དང་ཚིག་མཛོད་གསར་བསྒྲིགས་ཀྱི་བྱ་བཞག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    གུས་པས་རང་ལ་ད་ལྟ་བའི་འཚོ་བའི་ཁྲོད་འཕྲད་བཞིན་པའི་ཉམས་མྱོང་གི་དགོས་མཁོ་དང་སྤྱི་ཡོངས་བོད་ལུགས་གསོ་རིག་གི་འཕེལ་འགྱུར་གནས་སྟངས་བཅས་ལ་བསམ་ཁུལ་གྱིས་རེ་གཞག་ཅིག་ཞུ་རྒྱུར་་་་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་དང་། གསོ་རིག་ཚིག་མཛོད་ཆེན་མོ། དེ་བཞིན་ནང་རིག་པའི་ཚིག་མཛོད་བཅས་སྐུ་ཉིད་ཀྱིས་གསར་བསྐྲུན་ཚིག་མཛོད་མ་ལག་དེའི་ནང་འཇུག་ཐུབ་ན་གསོ་བ་རིག་པའི་བསྟན་པ་སྤྱིའི་ཞབས་འདེགས་དང་ཁྱད་པར་སྐབས་ཐོག་སྨན་སློབ་ཚོའི་དགོས་མཁོ་ཆེན་པོ་ཞིག་བསྐང་ཐུབ་ངེས་ལགས་ན་དེ་ལུགས་དགོངས་དབྱིངས་སུ་འཇོག་རོགས་གནང་། མཐར་བསམ་དོན་འགྲུབ་ཅིང་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།

    Reply
  10. Dhonling Bhu says:
    ལོ་ 16 སྔོན།

    སྨོན་ལམ་ལགས།
    ཁྱེད་ཀྱི་རླབས་ཆེན་གྱི་བྱ་གཞག་འདི་བཞིན་ངེད་ཚོའི་ནམ་ཡང་མི་བརྗེད་ལ་། ཁྱེད་ཀྱིས་བོད་ཀྱི་རིག་ཞུང་སྤྱི་དང་ལྷག་པར། བོད་ཀྱི་སྐད་ཡིག་གི་ཐོག་རླབས་ཆེན་གྱི་མཛད་རྗེས་འཇོག་བཞིན་ཡོད་པ་ལ་གུས་བཀུར་དང་ལས་གཞི་འདི་བཞིན་མཇུག་སྐྱོང་མི་ཐུབ་པར་བར་ཆད་དང་འགེགས་ཀྱི་དྲི་མ་ཙམ་ཡང་མི་འགོས་པའི་ཡར་སྐྱབས་གནས་དཀོན་མཆོག་གསུམ་ལ་སྨོན་ལམ་ཞིག་འདེབས་ཆོག
    དེ་ལྟ་བུའི་ཚིག་མཛོད་ཞིག་བྱུང་བ་ཡིན་ན། ངེད་ཚོའི་བུ་རབས་ཚ་རྒྱུད་རྣམས་ལའང་ཕན་ཐོག་ངེས་ཅན་ཞིག་ཡོང་ངེས་ཡིན། ཐུགས་རྗེ་ཆེ་སྨོན་ལམ་ལགས།
    ཁྱེད་ཀྱི་རླབས་ཆེན་གྱི་མཛད་རྗེས་འཇོག་བཞིན་ཡོད་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    ཁ དྲོ། ཚེ་རིང། བཀྲ་ཤིས།
    བོད་རྒྱལ་ལོ། བོད་ཀྱི་སྐད་ཡིག་རྒྱལ་ལོ།

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ནོར་་་་་་་ཀློག བཅོས་་་་གློག

    Reply
  12. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཨུ་ཚུགས་ཅན། ཀློག་ཀླད་གྱི་ཆེད་དུ་བླ་མ་མཆོད་པ་ཆ་ཚང་བ་ཞིག་འདོན་རོགས།

    Reply
  13. ཨུ་ཚུགས་ཅན། says:
    ལོ་ 16 སྔོན།

    ཁྱེད་ནི་བླ་མ་ཁྱེད་ནི་ཡི་དམ་ཁྱེད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། ་དེང་ནས་བཟུང་སྟེ་གློག་ཀླད་ཕྱོགས་ནས་ཁྱོ་མིན་སྐྱབས་གཞན་མི་འཚོལ་ལོ།

    Reply
  14. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 16 སྔོན།

    རྣམ་དཔྱོད་མཁའ་ལྟར་ཡངས་པའི་གྲྭ་བློ་བཟང་སྨོན་ལམ་ལགས།
    བོད་མི་རིགས་ཀྱི་དོན་དུ་ཁྱེད་ཀྱི་རླབས་ཆེན་གྱི་ཐུགས་རེ་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
    དགེ་འདུན་རྒྱ་མཚོས་རྡོར་གླིང་ནས་ཕུལ

    Reply
  15. བསེ་རུ། says:
    ལོ་ 16 སྔོན།

    ད་ལྟའི་ལས་གཞི་འདིའི་ཐོག་སྔར་བྱུང་ཟིན་ཚིག་མཛོད་ཁག་ལས་ལེགས་ཆ་གང་ཡོད་པ་རྣམས་བསྡུ་རུབ་ཐུབ་པ་དང་། ཞན་ཆ་གང་ཡོད་པ་དོར་ཐུབ་པ་གནང་སྟེ། ཚིག་མཛོད་འདི་ཉིད་ཐོན་གསར་ཞིག་ཏུ་འགྱུར་དགོས་སྟབས། ཕུན་སུམ་ཚོགས་པའི་ཁྱད་ཆོས་གང་མང་མང་ཐོན་ཐབས་གནང་རྒྱུ་འབད་པ་གནང་ངེས་རེད་སྙམ།

    Reply
  16. ཨརྱ། says:
    ལོ་ 16 སྔོན།

    དགེན་སྨོན་ལམ་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཀའ་འདྲི་ཞུ་རྒྱུ་ད་ལྟའི་ཚིག་མཛོད་འདི་བོད་ནང་གི་བློ་བཟང་གློག་རྡུལ་ཚིག་མཛོད་དང་འདྲའམ་ཡང་ན་དེ་ལས་ཀྱང་མཁོ་ཆེ་བ་དང་སྟབས་བདེ་ཞིག་ཡིན།

    Reply
  17. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རིན་ཐང་ལྡན་པའི་སྐད་ཡིག་ཅིག་འོད་ཀྱི་རྒྱུ་བ་ལས་མགྱོགས་པའི་དངོས་པོའི་དཔལ་ཡོན་དར་འཕེལ་གྱི་རྗེས་མ་ཆོད་པར་འཇིག་རྟེན་ལ་ཞལ་གྱེས་ཞུ་བའི་དུས་འདིར་དོན་དམ་པའི་བརྟན་བཞུགས་འབུལ་མཁན་ཞིག་ཡོད་པ་ནི་ཁྱེད་རང་ཡིན།

    བོད་ཕྲུག་མཛངས་པའི་མི་བདུན་གྱི་སྟེང་དུ་ཡང་བསྐྱར་སྣོན་མ་ཞིག་འདེབས་དགོས་བྱུང་ཚེ་དེ་ནི་ཁྱེད་རང་རང་ཡིན་ནོ།།

    Reply
  18. རང་རྟོན། says:
    ལོ་ 16 སྔོན།

    ཨ་ཁུ་སྨོན་ལམ་ལགས།སྐུ་བདེ་འམ།ཁྱེད་ཉིད་ཀྱི་བྱ་བཞག་ཐམས་ཅད་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་གྲངས་མེད་དང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  19. རྒྱ་རགས། says:
    ལོ་ 16 སྔོན།

    ཆབས་ཅིག

    Reply
  20. རྒྱ་རགས། says:
    ལོ་ 16 སྔོན།

    གྲྭ་བློ་བཟང་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཅབས་ཅིག་ཁོང་གི་བྱ་གཞག་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  21. རྒྱང་རིང་ནས། says:
    ལོ་ 16 སྔོན།

    བློ་བཟང་སྨོན་ལམ་ལགས་ཀྱི་ཚིག་མཛོད་ལེགས་གྲུབ་ཡོངས་བའི་སྨོན་འདུན་ཞུ།

    Reply
  22. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  23. ནད་པ says:
    ལོ་ 16 སྔོན།

    སྐུ་ཞབས་སྨོན་ལམ་ལགས་ཀྱི་རླབས་ཆེ་བའི་བྱ་བཞག་བཟང་པོ་འདི་ལ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ།

    སྐུ་ཉིད་ཀྱི་བོད་མི་རིགས་ཀྱི་དོན་དུ་ཆེས་རླབས་ཆེན་གྱི་བྱ་བཞག་བཟང་པོ་འདི་ཡི་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན།

    Reply
  24. tashi dawa says:
    ལོ་ 16 སྔོན།

    དེང་དུས་བོད་ཀྱི་དཔའ་བོ་བློ་བཟང་སྨོན་ལམ་ལགས་ཀྱི་བྱ་བ་མཐའ་དག་བགེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ། ཁྱོད་ནི་ང་ཚོ་བོད་ཀྱི་ལམ་མཁན་ཡིན། ཁྱོད་ནི་ང་ཚོ་བོད་ཀྱི་གཟི་བརྗིད་ཀྱི་ཉི་མ་ཡིན། ཐུགས་རྗེ་ཆེ་ལན་མང་ཞུ་བཞིན་ཡོད།།

    Reply
  25. དྲ་རྒྱའི་དོ་དམ་པ། says:
    ལོ་ 16 སྔོན།

    གཤམ་གྱི་འདི་ནི་ཨ་ཁུ་སྨོན་ལམ་གྱིས་གསར་འགྱུར་འདི་དང་འབྲེལ་ཏེ་རྩོམ་སྒྲིག་པར་བཏང་བའི་ཡི་གེ་རེད། གསར་འགྱུར་གྱི་ནང་དུ་མ་གསལ་བའི་དོན་དག་འགའ་རེ་འདུག་སྟབས་འདིར་ཁོང་གི་མཆན་གྱི་ཚུལ་དུ་བཀོད་པ་ཡིན།

    ༼ལུང་རིགས་ལགས་སྐུ་ཁམས་བཟང་།

    གུས་པས་ལོ་མང་རིང་དཀའ་བཤད་ལྷུར་ལེན་གྱིས་བོད་ཀྱི་སྐད་ཡིག་འདི་དུས་མཐུན་ཡར་རྒྱས་ གང་ཙམ་གཏོང་ཐུབ་ན་སྙམས་ནས་ད་པར་སྨོན་ལམ་བོད་ཡིག་སྔ་ཕྱི་དང་བོད་ཀྱི་སྐད་ གདངས་སོགས་གང་ཙམ་བཟོས་ནས་རིན་མེད་ཐོག་འགྲེམ་སྤེལ་བྱས་པ་རྒྱུད། སྤྱི་ཚོགས་ཐོག་ཕན་ཐོག་གང་ཙམ་བྱུང་བར་རྟེན་རིམ་བཞིན་ཡར་རྒྱས་དང་གཅིག་གྱུར་ཡོང་ཐབས་ལ་འབད་བཞིན་ཡོད།
    གུས་པའི་དམིག་ཡུལ་ནི། ༡ ཡིག་གཟུགས། ༢ གདངས། ༣ མིང་ཚིག ༤
    བརྡ་སྤྲོད་སྐོར་སོགས་རིམ་བཞིན་ཡར་རྒྱས་གཏོང་འདོད་གཞིར་བཞག་ཐོག
    ད་ཆ་སྨོན་ལམ་གློག་ཀླད་ཚིག་མཛོད་ཞིག་བཟོ་བཞིན་ཡོད་པའི་དཔེ་རིས་ཤིག་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།

    ཚིག་མཛོད་འདོན་ཐེངས་དང་པོ་དེར་སྤྱིར་བཏང་གི་བེད་སྤྱོད་གཏོང་མཁན་ཞིག་ལ་དམིག་ནས་བཟོ་རྒྱུ་དང་། རབ་བྱུང་ན་དབྱིན་ཇི་ནས་བོད་ཡིག་དང་། བོད་ཡིག་ནས་བོད་ཡིག་སོགས་འཚོལ་བདེ་ལ་སྟབས་བདེ་བ་ཞིག་བཟོ་བར་གཏན་འཁེལ་ཡོད། ཚིག་མཛོད་འདི་ལས་གཞི་ཅུང་རྒྱ་ཆེ་དང་འགྲོ་གྲོན་གང་ཙམ་དགོས་པས་གང་མགྱོགས་འདོན་ཐུབ་མིན་མ་ངེས་ཀྱང་རིམ་བཞིན་རྒྱ་ཆེའི་སྤུན་ཟླ་རྣམས་ལ་རིན་མེད་ཐོག་འབུལ་རྩིས་ཡོད། མཁྱེན་ལྡན་རྣམས་ཀྱིས་བོད་ཀྱི་མིང་ཚིག་གསར་བ་དང་། དེ་བཞིན་དབྱིན་བོད་སོགས་གལ་ཆེ་བའི་ཐ་སྙད་དང་འགྲེལ་བཤད་གང་ཡོད་གུས་པའི་མྱུར་འཕྲིན་ཐོག་སྐུར་རོགས་གནང་། མ་འོངས་པར་ང་ཚོར་གཅིག་གྱུར་གྱི་ནུས་པ་ཐོན་པར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
    རྩ་བའི་ཚིག་མཛོད་འདིའི་དགེ་མཚན་དང་ཁྱད་ཆོས་སོགས་རྗེས་ནས་ངོ་སྤྲོད་ཞུ་ངེས་ཡིན།

    བློ་བཟང་སྨོན་ལམ་གྱིས།༽

    Reply
  26. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨ་ཁུ་སྨོན་ལམ་ཚང་གིས་བྱ་བཞག་ལ་སེམས་ཁོང་རུས་པའི་གཏིང་ནས་ཇི་སྲིད་བར་དུ་མངོན་པར་བསྟོད་དོ། བྱ་བཞག་ཐབས་ཅད་ལྷུན་གྱིས་འགྲུབ་པར་ཤོག

    Reply
  27. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    སྐུ་ཞབས་སྨོན་ལམ་ལག་ལ་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ་བ་དང་ལྷན་བྱ་བཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་རེ་བ་ཡོད།

    Reply
  28. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བཀུར་འོས་པའི་གྲྭ་སྨོན་ལམ་གྱི་བླ་ན་མེད་པའི་མཛད་རྗེས་དག་ལ་བར་ཆད་མི་འབྱུང་གི་སྨོན་ལམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese