མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཁྱེད་ཀྱིས་ཕ་ཡུལ་དྲན་ནམ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧ངའི་བླ་མ་ལགས། མི་ལོ་ལྔ་བཅུ་ཏག་ཏག་ཕྱིན་པའི་དེ་རིང་། ས་མཐའ་ནས་ཁྱེད་ཀྱིས་རང་གི་ཕ་ཡུལ་དྲན་ནམ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་བརྒྱུད་དེ་འོང་བའི་དབྱངས་རྟ་རེ་ཡིས་ཁྱེད་ཀྱི་མཚན་རུམ་ནས་འོང་དུས། ངས་ངོ་མ་ཕ་ཡུལ་དྲན།

༧གོང་ས་མཆོག སྐུ་ཉིད་ལ་ཉེ་རིང་གཏན་ནས་མེད་ཟེར། རེད་དེ། སྐུ་ཉིད་སོ་སྐྱེ་ཡིན་པ་ཁས་ལེན་བྱོས་མྱོང་བས། སྐུ་ཉིད་ཀྱིས་ཕ་ཡུལ་དྲན་ནམ། ཕ་ཡུལ་གྱི་བོད་མི་དག་གིས་སྐད་ངག་ཡོད་ཚད་བཏོན་ནས་ཁྱེད་ཀྱི་མཚན་ནས་འབོད་བཞིན་འདུག ངས་ངོ་མ་ཕ་ཡུལ་གྱི་སྤུན་ཟླ་དག་དྲན།

༧སྐྱབས་མགོན་ཡིད་བཞིན་ནོར་བུ། སྐུ་ཉིད་ཀྱིས་དུས་གསུམ་གསལ་གཟིགས་ཀྱི་སྨན་བསྔགས་བཟློ་བཞིན་ཡོད། བོད་ཡུལ་ན་སྐུ་ཉིད་ཁོ་ན་ལ་དད་པ་འགྱུར་མེད་ཅིག་བྱེད་མཁན་གྱི་སྐྱ་སེར་ཡོངས་ཀྱིས་ཉིན་མཚན་མེད་པར་ཡི་གེ་དྲུག་མའི་གཟུངས་བསྔགས་འདྲེན་བཞིན་འདུག ངས་ངོ་མ་རང་གི་ཕ་ཡུལ་དྲན།

༧ཞི་བདེ་དེད་དཔོན་ཆེན་མོ། སྐུ་ཉིད་ཀྱིས་གླིང་བཞི་གླིང་ཕྲན་ཀུན་ལ་ཞབས་ཀྱིས་བཀྱག་དུས། རང་གི་ཕ་ཡུལ་གྱི་འགྲིན་ཚབ་ཡིན་པར་ཀུན་ལ་གསུངས་དུས། ཕ་ཡུལ་མི་མང་གིས་དགའ་བའི་མིག་ཆུའི་བཞུར་རྒྱུན་གཙང་བོ་ཞིག་ལས་ཀྱང་རིང་སོང་། ངས་ངོ་མ་ཕ་ཡུལ་དྲན།

༧བསྟན་མཛིན་རྒྱ་མཚོ། སྐུ་ཉིད་ཀྱིས་བསྟན་པའི་མེ་རོ་ཕྱི་རོལ་ལྗོངས་ནས་བསུས་དེ། རང་ཡུལ་ཁ་བ་ཅན་གྱི་རིག་པའི་སྙིང་བཅུད་སླར་གསོ་བྱོས་དུས། འཛམ་གླིང་གི་དད་ལྡན་ཁྲི་མ་འབུམ་གྱིས་རང་དབང་གིས་ཉན་དུས། སྐུ་ཉིད་ཀྱིས་རང་གི་མི་མང་ལ་འདི་ལྟར་གསུང་ཆོས་ཤིག་གསུང་འདོད་འདུག་གམ། ངས་ངོ་མ་ཕ་ཡུལ་དྲན།

༧ལྷ་མོ་དོན་འགྲུབ། མི་ཡི་རྗེ་བོ་ཁྱེད་ཉིད་དུས་བརྟན་དུ་བོད་མི་མང་གི་འདས་མ་ད་གསུམ་གྱིས་འཆིང་ཐག་ཡིན་པས། བོད་མི་རིགས་ཤིག་གི་བདེན་དོན་ཡོད་ཚད་སྐུ་ཉིད་ཁོ་ན་ལ་རེག་ལས་པའི་དུས་ཚོད་འདིར། རང་གི་ཕ་ཡུལ་དུ་གོམ་ཁ་བསྒྱུར་རོགས། ངས་ངོ་མ་ཕ་ཡུལ་དྲན།

༧སྐུ་ཉིད་ཕ་ཡུལ་དུ་མ་ཕེབས་ན། ང་ལྟ་བུ་གང་མང་ཞིག ཁྱེད་དང་འགྲོག་ནས་ས་མཐའ་ནས་རོ་ཐོ་ལུས་ས་རེད། ཐབས་མཁས་ཐུགས་རྗེའི་རླབས་ཆེན་གྱི་བྱ་བཞག་ཡོད་ཚད་ཇི་འདྲའི་གལ་ཆེ་ན་ཡང་། བོད་མི་མང་ལ་ཁྱེད་ཉིད་མེད་པའི་ཕ་ཡུལ་ནི་མུན་ནག་ལས་མེད་དུས། ངས་ངོ་མ་ཕ་ཡུལ་དྲན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 16

  1. chentsasopa says:
    ལོ་ 17 སྔོན།

    ཤ་ཁྲག་ལགས། ལུང་བསྟན་ཟེར་བ་སྐུ་རྩེད་ཞུས་པ་ཡིན། དངོས་གནང་བཤད་པ་ཐོག་ཏུ་བབས་སོང་། བརྩམས་ཐེབས་ཆགས་དེ་དུས་དེབ་གང་ཏུ་བཀོད་ཡོད། མ་ཟིན་ཡོད་མེད་མི་དྲན་གི གང་ལྟར་འགོད་ཐབས་བྱེད་ངེས་ཡིན།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། དཔྱད་པ་ཐོག་དུ་སོང་བ་དང་ལུང་བསྟན་གཉིས་མི་འདྲ་བར་འདོད་ལགས། སྐུ་ཉིད་ཀྱིས་དཔྱད་པ་ཐོག་དུ་སོང་བ་རེད་ཅེས་སྐུ་ཉིད་ལ་བདེན་ཁ་ཞིག་སྤྱིན་རྒྱུ་ཡིན་པ་ལས་མ་འོངས་ལུང་བསྟན་ཡིན་པར་ཁས་མི་ལེན་ལགས། དེ་ནི་ང་རང་གི་ལྟ་ཚུལ་དངོས་ཡིན། མ་འགྲིག་ས་ཡོད་ན་དགོངས་དག་ཞུ། ལྷག་པར་དུ་ཉིད་ཀྱིས་བརྩམས་སྒྲུང་ཞིག་ཡོད་ཟེར་བ་དེ་ལ་དངོས་ནས་ཀློག་འདོད་འདུག མི་འགྱངས་པར་འགོད་རོགས་ཞུ་ལགས།

    Reply
  3. chentsasopa says:
    ལོ་ 17 སྔོན།

    ཁྱེད་ཀྱིས་རོལ་མྱོང་དང་དཔྱད་གླེང་གནང་བར་དགའ། སྙན་ངག་བྲིས་ནས་ད་བར་དུ་མི་ལོ་བདུན་ལྷག་ཕྱིན་ཟིན་པ་མ་ཟད། ན་ནིང་གི་དོན་རྐྱེན་བྱུང་བའི་རྗེས་སུ་ངས་རང་གི་སྙན་ངག་འདི་ལ་རིན་ཐང་བསྐྱར་མ་ཞིག་མི་སྤྲོད་རང་སྤྲོད་ཆགས་སོང་། དེ་ནི་སྙན་ངག་འདིའི་བསྟན་དོན་ནི་སྔ་ལོའི་དོན་རྐྱེན་དེའི་ལུང་བསྟན་ལྟ་བུ་ཞིག་ཆགས་འདུག་པས་རེད། ད་དུང་ང་ལ་བརྩམས་སྒྲུང་ཐུང་ངུ་ཞིག་ཡོད། དེའང་ལོ་དུ་མའི་སྔོན་ནས་དུས་དེབ་ཅིག་ཏུ་བཀོད་ཟིན་མོད། སྐབས་འཁེལ་རྒྱུ་ཞིག་ལ། དེའི་ནང་གི་བསྟན་དོན་ཡང་ན་ནིང་དོན་འགྲུབ་དབང་ཆེན་གྱིས་བཟོས་པའི་གློག་བརྙན་དེའི་ནང་གི་བོད་མི་རྒན་པོ་དེ་ཚོས་བྱེད་སྟངས་དངོས་གནས་བ་རང་རེད་འདུག ལྟ་འདོད་ཡོད་ཚེ་བདག་གི་ཟིན་བྲིས་སུ་དགོད་ངེས་ཡིན། གོང་གི་སྐད་ཆ་འདི་ཚོར་དྲ་གྲོགས་ཚོས་འཕྱ་དམོད་མི་གནང་བའི་རེ་བ་ཆེ། དེ་ཙམ་ཡིན།

    Reply
  4. chentsasopa says:
    ལོ་ 17 སྔོན།

    བཀླགས་ཟིན་པ་ཡིན་ན་ཞེས་བཅོས་རོགས།

    Reply
  5. chentsasopa says:
    ལོ་ 17 སྔོན།

    ཨོ་རེད། ཤ་ཁྲག་ལགས་ཀྱིས་བྐལགས་དང་ན་བཟང་གི ཚོར་བ་འདྲ་ཞིག་སྦྱིན་ཡོད་ཚོད། སྙན་ངག་དེ་འབྲི་དུས་ད་ང་ཙ་ཐོག་ན་ཡོད་དུས་རེད་ཡཱ། དེང་སང་དེ་འདྲ་འབྲི་མི་ཤེས་ཀི

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ང་རང་ཁྱེད་ཚང་དུ་སོང་ནས་ཟིན་བྲིས་དེ་སྙན་ངག་དེ་བསྐྱར་དུ་ཀློག་པ་ཡིན། དེ་དུས་མཆན་འདེབས་སྐབས་མི་མིང་ནོར་ནས་འགུ་ལོག་པ་ཨ་ཁུ་རིན་ཆེན་བཟང་པོ་ཟེར་རྒྱུ་ཚབ་དུ་འགུ་ལོག་དམ་ཆོས་དཔལ་བཟང་ཟེར་ནས་བྲིས་ནོར་ཤོར་འདུག་པ་དེར་དགོངས་དག་ཞུ།

    ཉིད་ཀྱིས་རྩོམ་ཡིག་དེའི་འབྲེལ་ཐག་འདི་རེད་འདུག སྤུན་ཟླ་གཞན་གྱིས་ཀློག་འདོད་ཡོད་ན། འབྲེལ་ཐག་འདི་གོང་གི་ཁ་བྱང་འགོད་སར་འགོད་རྗེས། གཅིག་གནུན་པ་ཡིན་ན། ཐད་ཀར་གཅན་བཟོད་རྒྱམ་ལགས་ཉིད་ཀྱིས་རྩོམ་ཡིག་དེ་ཀློག་ཐུབ་པ་རེད་ལགས། ཨོ་རེད། སྤུན་ཟླ་དག་ལ་ཞུས་པ་ཡིན་ཟེར་བ་ལས་སྐུ་ཉིད་ཀྱིས་རང་གི་རྩོམ་ཡིག་གང་དུ་ཡོད་མེད་ལོས་ཤེས་ལགས།

    https://tibettimes.net/wordpress/blogs.php?id=115&post_id=1842&&comment_mode=done

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱེད་ཚང་ཏན་ཏན་འགྲོ་ངེས་ཡིན། རེད་དེ། སྐུ་ཉིད་ཀྱིས་ཁ་བྱང་འདི་འདྲ་ཞིག་ངས་སྔོན་ཆད་ཅིག་ལ་གང་དུ་རིག་མྱོང་འདྲ་ཞིག་རེད་མོད་ད་ལྟ་དྲན་ཡུལ་དུ་མི་འདུག སུས་བྲིས་པ་ཡིན་མིན།

    མི་ཞུན་ལགས། རང་ཡུལ་སྐྱུར་ནས་འོང་བའི་འུ་ཅག་གིས་རང་གི་༧བླ་མ་འདི་ཕྱིར་བོད་ཡུལ་དུ་གདན་འདྲེན་བྱེད་ཀྱི་ཡོད་མེད་ཐད་དུ་སེམས་འཁུར་བྱེད་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དག་གིས་རང་རང་གི་བསམ་ཚུལ་ལྷུག་པོར་སྨྲ་རན་རེད། དེ་མ་གཏོགས་ཉིན་མ་ཞིག་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེ་ཁོ་ཐག་རེད་ལགས།

    གངས་སྒྲ་ལགས། ཕ་ཡུལ་ནི་རང་གི་ལྟེ་ཁྲག་འཕོ་ས་ཡིན་པ་ཙམ་གྱིས་ཞེན་ཆགས་ལྕི་མོ་ཞིག་ཡོད་སྲིད་ཀྱང་། དེ་ལས་ཀྱང་ཞེན་ཆགས་ལྕི་མོ་ཞིག་ཡོད་པ་དེ་ནི་༧རྩ་བའི་བླ་མ་ས་མཐའ་ནས་གྲོངས་ཉིན་གཞི་ནས་ཞེན་ཆགས་ཙམ་གྱིས་གཏན་ནས་ཚད་ཀྱི་མ་རེད་ལགས།

    Reply
  8. gangdra says:
    ལོ་ 17 སྔོན།

    ངོ་མ་་་་་ཕ་ཡུལ་དྲན་ན་ཁག་མེད་ཀི།
    ཞེ་འདང་གི་མར་ལོ་དེ་ནས་ལྷུང།
    ལྟེ་ཁྲག་གི་མེ་ཏོག་དེ་ནས་བཞད།
    ཆུང་ཆུང་གི་ལང་ཚོ་དེ་ནས་བཞུར།
    དེ་བས་་་་་་་་་་་་་་་་་་ཞེན་པ་དཀར་པོའི་བླ་སྲོག་གིས་ཁྱོད་ལ་ཐེངས་གཅིག་སྒུལ་པས་ལོས་ཡིན།

    Reply
  9. tseekhar says:
    ལོ་ 17 སྔོན།

    རང་ཡུལ་ལྷ་ཡུལ་འདྲ་བོ་རྒྱབ་ལ་བསྐྱུར་ནས།། གཞན་ཡུལ་དམྱལ་བ་འདྲ་བོ་བང་ལ་བཟུང་ནས།།
    ལར་ཞེན་ངར་སྟག་འདྲ་བོ་ཁོག་ལ་བཅུག་ནས།། དྲན་པའི་གདུང་བ་ཟབ་མོ་སྙིང་ལ་ལྕི་དུས།།
    དོ་ཤེལ་མུ་ཏིག་འདྲ་བའི་མཆི་ཐིགས་འགའ་ཞིག། ཡ་ཐོད་དཔྲལ་བའི་མིག་ལས་དྲག་ཏུ་མཆེད་བྱུང༌།། ངོ་མ་དྲན་གི་ཡཱ། རང་ཡུལ་དྲན་བཞིན་པའི་རང་མི་ག་ཚོད་ཅིག་གིས་འདི་ལྟར་ཕ་ས་ཕ་ཡུལ་དྲན་ནས་བསྡད་ཡོད་ཨང༌།

    Reply
  10. chentsasopa says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། ཁ་སྔོན་འགུ་ལོག་པ་ཨ་ཁུ་རིན་ཆེན་བཟང་པོས་ཕ་ཡུལ་འགུ་ལོག་གི་བོད་མི་རྒན་པ་སྐོར་ཞིག་ལ་བཅར་འདྲི་བྱས་པའི་བརྙན་སྡེར་དེར་བལྟས་རྗེས། ཚོད་ཚོད་ལ་ཁོང་ཁྲོ་ཟ་ཡོང་གི བོད་མི་རྒན་ཚོ་རེ་རེ་བཞིན་དེ་ལྟར་རེ་སྒུག་གི་གསེང་ནས་ཤི་དང་འཆི་བཞིན་པ་རེད། ༸གོང་ས་མཆོག་གི་ཞལ་ཁ་ཕ་ཡུལ་དུ་བསྒྱུར་དང་ཞེས་ངའི་ཟིན་བྲིས་སུ་སྙན་ནག་ཡིན་ན་སྙན་ངག་ཡིན་ན་དེ་མོ་ཟིག་བྲིས་ཡོད། ཁ་བྱང་ལ(ལྷ་སྲས་ལགས། པོ་ཏ་ལའི་གསེར་ཁྲི་ལ་ས་རྡུལ་ཆགས་འདུག)ཅེས་བྲིས་ཡོད། དེར་མ་བལྟས་ན་ལྟ་རོགས། བལྟས་ཟིན་ཀྱང་ཁོམ་པ་རེ་ཡོད་བསྐྱར་བལྟ་ཞིག་བྱེད་རོགས། ངའི་རེ་བ་དང་བསམ་འདུན་ཟུར་ཙམ་ཞིག་དེ་ནས་མངོན་ཡོང་།

    Reply
  11. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ཉིད་ཀྱིས་ཀྱང་རེ་བཞག་ཞིག་བཞག་པ་དེར་བཀའ་དྲིན་ཆེ། དངོས་ནས་སེམས་བསམ་པའི་གཏིང་ནས་༧གོང་ས་མཆོག་མྱུར་དུ་བོད་ཡུལ་དུ་ཕེབས་ཐུབ་ཞིག་བྱུང་ན་བསམ་པའི་ཚོར་བ་དེ་ནི་ཁ་སང་དེ་རིང་ལྕི་རུ་འགྲོ་བཞིན་འདུག འདིའི་ཐད་སྐུ་ཉིད་ལ་ཚོར་བ་གང་ཞིག་ཡོང་གི་འདུག་ལགས།

    སྐར་ཁྲི་བཙན་ལགས། ཀློག་དུ་ཕེབས་པ་དངོས་ནས་ཡག་པོ་འདུག་ལགས། བསམ་ཚུལ་མེད་པར་དེ་རིང་ཁུ་སིམ་མེར་ཕེབས་ཟིན་འདུག ནང་དུ་རྒན་མོའི་བསྡིག་དམོད་བྱེད་ཀྱི་ཡོད་ནི་མིན་ན། དེ་རིང་ཁྱེད་རང་གི་འཁྲིས་སུ་སྲིང་མོ་ཡོད་ཀྱང་དངོས་ནས་མི་སྐྱོན་ཡ་་་

    འབའ་པ་སྐལ་བཟང་འཕྲིན་ལས་ལགས། རེད་འུ་ཅག་གིས་སེམས་པ་འདི་ལྟར་གྲང་ཤུར་ཤུར་བྱེད་དུས་ཀྱི་སྐབས་སུ། རང་གིས་རང་ལ་ཚུགས་པ་ཟ་བའི་ཚོར་བ་རེ་ཡང་ཡོང་མི་སྲིད་པ་མིན་དུས། དེའི་བསྐོར་ལ་བསམ་བློ་གཏོང་འཕོད་ཀྱི་འདུག་གམ་ལགས།

    རས་པ་ལགས། ཕ་ཡུལ་དྲན། དངོས་ནས་རེད། ཚང་མས་དྲན་བཞིན་ཡོད་པ་རེད། བྱེས་པ་ཚང་གི་བརྒྱ་ཆའི་གོ་ལྔའི་དྲན་བཞིན་ཡོད་པ་རེད། འོན་ཀྱང་། དྲན་སྟངས་ལ་ཁྱད་པར་ཤོར་འདུག་པ་ལྟ་བུ་ཞིག་མཐོང་གི་མི་འདུག་གམ་ལགས།

    བསྟན་འཛིན་ཚེ་འཚོ་ལགས། གཞིས་བྱེས་གང་དུ་སྐྱེ་མིན་དེ་ནི་གཙོ་བོ་མ་ཡིན་པར། འུ་ཅག་ཚང་མ་བོད་པ་ཡིན་པ་ནམ་ཡང་མ་བརྗེད་པར། བོད་ཟེར་བའི་ཡིག་གཅིག་འདིའི་འོག་ནས་རང་ཉིད་མ་ཤི་བར་ཐུབ་ཚོད་ཅིག་འདིའི་ཆེད་དུ་བྱེད་དགོས་ལ། རང་ཡུལ་ཟེར་ན་མིང་ཚིག་འདི་ལས་མེད་ལ། ཕ་ཡུལ་ཟེར་ན་མིང་འདི་ལས་མེད་པར་བསམ་རྒྱུར་འབད་པར་འཚལ་ལགས། སྐུ་ཉིད་དུས་རྒྱུན་དུ་ང་རང་གི་ཁྱིམ་དུ་སེམས་གསོ་བྱེད་དུ་ཡོང་བ་དགའ་ནི་ཡིན། དམིགས་བསལ་གྱིས་བུད་མེད་ཀྱི་མིང་ཞིག་ཡོད་པས་དགའ་ནི་ཞིག་རེད། དེང་སང་དངོས་ནས་དྲ་ཐོག་སྤུན་ཟླ་རེ་ཟུང་གིས་བུད་མེད་ཀྱི་མིང་འོག་ནས་ཡོང་གི་འདུག་སྟབས། མཚམས་རེར་བདག་གིས་ཁྱེད་ཉིད་ཀྱང་དེ་འདྲ་མིན་འགྲོ་བསམ་པའི་དོགས་པ་སྐྱེ་ཞོར་དུ་བུད་མེད་མཛེས་མ་ཞིག་མིག་ལམ་དུ་བསྒོམ་ཞོར་ལན་བྲིས་པ་ཡིན། ཨ་ལ་ཀུ་རེ་ཡིན། ཁྱེད་ཉིད་དེ་འདྲ་མིན་པར་བུད་མེད་ཅིག་ཡིན་པར་ཤོག

    Reply
  12. Tentsetso says:
    ལོ་ 17 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། འདི་ལྟར་ལྷུག་མའི་སྙན་ངག་ཞིག་བྲིས་ན། ངའི་ཚོར་སྣང་མིན་ང་ཡང་རང་བཞིན་གྱིས་ཁྱེད་ལྟར་སྙན་ངག་ཞིག་གི་ལམ་ལ་ཞུགས་ནས་ཚོར་སྣང་ཡོད་ཚད་འབྲི་བཞིན་པ་དང་འདྲ། ཕ་ཡུལ་མ་མཐོང་མོད་ཕ་ཡུལ་གླེང་འདོད་དང་། རང་ཉིད་ཀྱང་དེ་ལ་ངང་ངམ་གྱིས་བགྲོད་འདོད་ཆེ།
    དེ་བས། ཨ་ཇོ་ལགས། ལར་མོར་རང་ཡུལ་ལ་ལོག་འགྲོ།
    རང་ས་ན་ཇི་ཡང་མེད་ཀྱང་རུང་།
    རང་ཡུལ་ན་ཇི་ཡང་དབེན་ན་དབེན།
    ཕ་ཡུལ་ན་ཅིས་ཀྱང་ང་ཚོ་སྡོད་ས་ཞིག་ཡོད།
    ཕ་ཡུལ་ན་གང་ལྟར་ང་ཚོ་འཚོ་ས་ཞིག་ཡོད།
    རང་ཡུལ་གྱིས་ང་ཚོ་བསླུ་བྲིད་མི་གཏོང་ལ།
    རང་ཡུལ་གྱིས་ནམ་ཡང་ང་ཚོ་སྒོ་བརྡུང་མི་བྱེད།
    གནས་དེ་ན་མཐོང་ཆུང་མེད་ལ།
    གནས་དེ་ན་འཇིགས་སྣང་མེད།
    ལོག་འགྲོ། ཨ་ཇོ་ལགས། ལར་མོར་ལོག་འགྲོ།

    Reply
  13. མེ་ཆར། says:
    ལོ་ 17 སྔོན།

    ངས་ཀྱང་ཕ་ཡུལ་ཧ་ཅང་དྲན ཕ་ཡུལ་ཕ་ཡུལ་ཏུ་དྲན
    ཉིན་མཚན་གཉིས་ཀར་དྲན རི་ཆུ་ནགས་གསུམ་དྲན རྩ་ཐང་ཡངས་པོ་དྲན

    Reply
  14. kalsang says:
    ལོ་ 17 སྔོན།

    སྙན་ངག་འདི་བཀླགས་རྗེས་སེམས་ཡོད་ཚད་གྲང་ཐིང་ཐིང་འགྱུར་སོང་།ད་ང་ཚོས་རེ་བ་རྐྱང་རྐྱང་བྱས་ནས་ལོ་ག་ཚོད་སྒུག་དགོས་ལེ་རེད

    Reply
  15. Baichung says:
    ལོ་ 17 སྔོན།

    བཀླགས་ཟིན

    Reply
  16. chentsasopa says:
    ལོ་ 17 སྔོན།

    ཨ་ལ་ལ་ལ། ངའི་དྲ་གྲོགས་བཟང་པོ་འདི་ད་འདི་མོ་ཟིག་ཡིན་མོ། ད་ལྷུག་རྩོམ་སྙན་ནག་འབྲི ཨོ་མ་རེད། ལྷུག་རྩོམ་སྙན་ངག་ཡང་འབྲི་བཞིན་འདུག ཏག་ཏག་རེད། ཡར་རྒྱས་ཟེར་བ་འདི་འདྲ་ལ་ཟེར་བ་ལོས་ཡིན། བྲིས་པ་བློར་བབས་སོང་། ཡིག་ནོར་འགའ་འདུག་ཀྱང་བསེ་རུ་ཡོང་གི་རེད། དུས་ཚོད་ནམ་ཡོད་ལ་འདི་མོ་འདི་འབྲི་གི་སྡོད་དང་ཡར་རྒྱས་ལ་དགའ་རབས་སོང་འདུག མུ་མཐུད་ནས་ཡིན་དཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese