མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp


་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


གཅིག


སྤྱི་ལོ་དགུ་བཅུ་གོ་བརྒྱད་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་གཅིག་ཙམ་ལ་བློ་བཟང་གིས་ཕ་ཡུལ་ནས་སྐུར་བའི་རྒྱ་སྒོར་གཅིག་སྟོང་ལྷག་ཞིག་འབྱོར་བའི་དགོང་མོར་དེར། རང་གི་ཤག་རོགས་བཟོད་རྒྱམ་ལ་འདི་ལ་འདི་ལྟར་བཤད། བཟོད་རྒྱམ་ལགས། ང་རང་སང་ཉིན་གྲྭ་ས་དང་ཁ་བྲལ་རྒྱུ་ཡིན་པས་བདེ་མོ་བྱོས། ང་རང་ལྟ་བུ་ཞིག་གྲྭ་ས་ནས་བསྡད་དེ་གྲྭ་བ་ཡག་པོ་ཞིག་ཡོང་ས་མ་རེད། དེ་ཡིན་དུས། རྡ་རམ་ས་ལར་སོང་དེ་དབྱིན་ཡིག་ཕྲན་པུ་རེ་སྤྱོང་ཞོར་དུ། མི་སྐྱ་བྱོས་དེ་རང་གི་འཚོ་བ་རང་གིས་བཙལ་ནས་བསྡད་ན་ཡག་པོ་འདུག་ལ་དཀོར་ཟས་དཀོར་ཆུ་ཟས་པ་མང་མེད་ན་ཉུང་མེད་ཚོད་ཡིན་དུས། ད་ནས་བཟུང་དཀོར་ཟས་དཀོར་ཆུ་ཟ་རྒྱུ་དེ་ནི་ང་ལྟ་བུ་ཞིག་གིས་གཏན་ནས་ཡོང་ས་མ་རེད་ཟེར་ནས་བཤད་དུས། ཤག་རོགས་བཟོད་རྒྱམ་གྱིས་བློ་བཟང་གིས་གདོང་ལ་ཧད་ནས་རེ་ཞིག་རིང་ཁ་མ་གྲགས། ཅུང་ཙམ་འགོར་རྗེས། དངོས་ནས་བཤད་ན་འུ་གཉིས་སྡེ་བ་གཅིག་གི་མི་ཡིན་ལ། གྲྭ་ས་འདིར་འུ་གཉིས་མ་གཏོགས་སྡེ་བ་གཅིག་པའི་མི་མེད་པ་ཡིན་དུས། ཁྱེད་རང་གྲྭ་བ་མི་བྱེད་ཟེར་ནས་བཤད་དེ་འོང་དུས། ངས་ཁྱེད་རང་ལ་དེ་ལྟར་མ་བྱེད་ཟེར་ནས་ཁ་བརྡ་སློབ་གསོ་ཞིག་རྒྱག་ཤེས་ཀྱི་མི་འདུག རྒྱུ་མཚན་ནི་འུ་གཉིས་ཀྱི་ནང་ནས་རྒྱ་གར་དུ་ཡོང་སྔ་ཤོས་ཁྱེད་རང་ཆགས་ཡོད་ལ། གྲྭ་བ་བྱེད་སྔ་ཤོས་དེ་ཡང་ཁྱེད་རང་ཆགས་ཡོད་པ་རེད། ད་ཁྱེད་རང་གིས་སེམས་ཐག་བཅད་ཟིན་སྟབས། ངས་ཁྱེད་ལ་གང་ཞིག་བཤད་ཟེར་ཞོར་དུ་སྐྱོ་ཉམས་དང་བཅས་དེ་མལ་ཁྲིའི་སྟེང་ནས་ཡང་བསྐྱར་བློ་བཟང་གི་གདོང་ལ་བལྟས། དེ་དུས་བློ་བཟང་གིས་ངས་གྲྭ་བ་ཟེར་བའི་བསྐོར་ལ་བསམ་བློ་མང་བོ་ཞིག་བཏང་བ་ཡིན། གྲྭ་བ་ཟེར་བ་ནི་ང་འདྲ་ཞིག་གི་གཏན་ནས་ཡོང་གི་མི་འདུག་པའི་རྒྱུ་མཚན་ཡོད་ཚད་རང་གི་སེམས་སུ་གསལ་བོར་ངེས་སོང་།

བློ་བཟང་གི་སྐད་ཆ་དེ་དག་ཤག་རོགས་བཟོད་རྒྱམ་གྱིས་གཅིག་གཅིག་གཉིས་གཉིས་བྱས་དེ་ཉན་བྱས་དེ་ཉན་རྗེས་སུ། ཁྱེད་རང་རྡ་སར་སོང་ན་འདུག་ས་ཡོད་དམ། སྤྱིན་བདག་ག་གེ་མོ་འདྲ་ཡོད་དམ། ཡང་ན། སྒོར་མོ་འདང་ངེས་ཤིག་ཡོད་དམ་ཟེར་ནས་དྲི་བ་འདི་གསུམ་གཅིག་རྗེས་གཅིག་གིས་གནན།

བློ་བཟང་གིས་དེ་མ་ཐག ང་རང་ལ་ཕ་ཡུལ་ནས་སྐུར་བའི་རྒྱ་སྒོར་གཅིག་སྟོང་ལྷག་པོ་དེ་མ་གཏོགས་སྒོར་མོ་མེད། གནས་སྐབས་རིང་འདུག་ས་ཡང་གཏན་འཁེལ་མེད། གྲོགས་པོ་ཞིག་ལ་བརྟེན་དགོས། སྤྱིན་བདག་ང་རང་ལ་གཏན་ནས་ཡོད་མ་མྱོང་{འདིས་སྐབས་སུ་སྤྱིན་བདག་ཟེར་ན་དེ་ནི་ཡོན་བདག་དད་པ་ཅན་དག་ལ་མི་གོ་བར་དེང་སང་གི་ཕྱི་རྒྱལ་ནས་རོགས་སྐྱོར་ལེན་མཁན་དག་ལ་གོ་དགོས།}། ཕྱིས་སུ་ཀྱང་འཚོལ་རྩིས་མེད། ད་བར་དུ་ཡོན་བདག་དད་པ་ལྡན་པ་དག་གིས་དཀོར་ཟས་པ་དེ་ཡང་ཚེ་རབས་མང་བོ་འཇལ་ཐུབ་མེད་པ་ཡིན་དུས། ད་དེའི་སྟེང་ལ་ཡང་བསྐྱར་གསོག་འདོད་ཅིག་མི་འདུག་ཟེར་ནས་ཤག་རོགས་བཟོད་རྒྱམ་ལན་སྤྲད་རྗེས་སུ། ཁོ་གཉིས་ཀྱི་དེ་དང་འབྲེལ་ནས་མཚན་ཕྱེད་གཡོལ་རེག་བར་དུ་ཁ་བརྡ་བྱས།

གྲྭ་ས་ནས་རླངས་འཁོར་རེ་གཞིས་གྲོང་གསུམ་པ་དང་རྨོན་དྒོ་གྲོང་བརྡལ་དུ་འགྲོ་བཞིན་ཡོད་པ་དེའི་ནང་དུ་བཟོད་རྒྱམ་གྱིས་བློ་བཟང་ལམ་ལ་བཅུགས། བློ་བཟང་གིས་ཤག་རོགས་བཟོད་རྒྱམ་ལ་བདེ་མོ་བྱོས། ངས་འདང་དགོང་ཁྱེད་ལ་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་ཞིབ་དུ་གཏོང་་རོགས་ཞུ་ཟེར་ཞོར་རླངས་འཁོར་ནང་ནས་ལག་གཡུགས་བྱས།

རླངས་འཁོར་དང་མེ་འཁོར་སོགས་བརྒྱུད་དེ་ཉིན་མཚན་བཞིའི་རྗེས་སུ། བློ་བཟང་ལྡི་ལུ་སྒོ་མང་གྲྭ་ཚང་གི་མགྲོན་ཁང་དུ་འབྱོར་ནས། མགྲོན་ཁང་གི་འགན་འཛིན་ལ་རང་ཉིད་གྲྭ་ས་ནས་ཡོང་བ་ཡིན་པ་གསལ་བཤད་བྱས། གྲྭ་ཚང་གི་ཐོབ་ཁུངས་གཞིར་བཟུང་གིས་བློ་བཟང་ལ་ཡང་རིན་མེད་རྩེ་ཐོག་གི་ཁང་བ་ཆེན་པོ་དེའི་ནང་དུ་བསྡད་དུ་བཅུགས། དེ་རུ་ཁོ་དང་འདྲ་བའི་གྲྭ་སའི་ཐོབ་ཁུངས་ཀྱི་གྲྭ་བ་འགའ་རིན་མེད་བསྡོད་ཁང་དུ་བཞུགས་ཡོད་པ་རེད། ཡིན་ཡང་། ཕྱིར་ཉིན་ཕྱི་དྲོ་བློ་བཟང་གི་འདུག་རོགས་དེ་ཚོ་གྲྭ་སར་ཕེབས་ཤུལ་བློ་བཟང་གཅིག་བུར་ལུས།

བློ་བཟང་གིས་རང་གི་གྲྭ་ལ་མ་འཕུད་གོང་དུ་བརྩིགས་ངོས་སུ་བཀལ་བའི་༧གོང་ས་མཆོག་གི་སྐུ་དཔར་མདུན་ནས་ཕྱག་གསུམ་འཚལ་ནས། རང་གི་སེམས་གཏིང་གི་ཡོད་ཚད་སྐུ་དཔར་དེའི་དྲུང་དུ་ཕུལ་རྗེས། གྲྭ་ལ་རེ་རེ་བཞིན་འཕུད་དེ་ལྡེབས་བརྩེགས་ལེགས་པོ་ཞིག་བརྒྱབ་དེ་རྒྱབ་ཁུག་ནང་དུ་བཅུགས། ཁོ་བོས་སྐྱ་ལ་དེ་དག་གི་གོ་རིམ་མ་ནོར་བར་ག་ལེར་གྱོན་ཞོར་དུ། སེམས་ཁོང་དེ་ཡང་འཁྱག་པར་གྱུར་ན་ཡང་། རང་གིས་འདམ་པའི་ལམ་ཁ་ཡིན་སྙམ་ཞོར་རང་གིས་རང་ལ་སེམས་གསོ་བྱེད་བཞིན། རྒྱབ་ཁུག་དེ་འཁུར་ནས་ནས་རྡ་སར་འགྲོ་བའི་རླངས་འཁོར་ས་ཚིགས་ཕྱོགས་སུ་ཁ་ཕྱོགས་དེ་སོང་།

མུ་འགོད་ཡིན།

མཆན། 12

  1. tashi gonpo says:
    ལོ་ 13 སྔོན།

    བཀླགས་ཟིན།
    ཡང་སྐྱར་སྒྲུང་རྗེས་མ་དེ་དེད་ཕྱིར་འགྲོ་གིན་ཡོད།
    ད་ལྟ་སྡོམ་རྒྱབ་ཐུབ་མ་སོང་།
    ང་དེ་རིང་ལྷོད་ལྷོད་ཡིན
    ཀློག་རྒྱུ་ཡོད་ཚད་བཀླགས་ནས་
    བཤད་རྒྱུ་ཡོད་ཚད་བཤད་ཀྱི་ཡིན་ད
    ༡་་་་་་་་་་་་༢་་་་་་་་་་་་་་་་་་་་་༣༣༣༣༣༣༣༣༣༣༣༣༣༣༣༣༣༣

    Reply
  2. daniel says:
    ལོ་ 13 སྔོན།

    ཀློག་གི་ཡོད།

    Reply
  3. sha tak ri sim says:
    ལོ་ 13 སྔོན།

    བསེ་རུ་ལགས། ང་རང་ཕྱི་དྲོའི་ལས་ཀར་འགྲོ་ཁར་ཉིན་གྱིས་ཟིན་བྲིས་དེར་མཆན་པུ་ཞིག་བཏབ་དེ་སོང་བ་ཡིན། ཕྱིར་ཡོང་དུས་ཉིད་ཀྱིས་དྲི་བ་འདི་མཐོང་སོང་། སང་ཉིན་ང་རང་གུང་གསེང་ཡིན་པས་དུས་ཚོད་གང་ཞིག་འགྲིག་ན་བརྡ་ཞིག་རྒྱོབས་དང་། ཁ་བརྡ་བྱེད་ངེས་ཡིན་ལགས།

    གཉའ་འབྲོང་ཐུ་བུ་ལགས། དངོས་ནས་ཁག་མི་འདུག རྒྱུགས་སྤྲོད་ཤུ་རེ་བྱོས། རྒྱུགས་སྤྲོད་འཐུས་ཤོར་དུ་གཏོང་མི་ཉན། དངོས་ནས་དུས་ཚོད་མེད་ན་མ་གཏོགས་རྒྱུགས་སྤྲོད་ཚར་རྗེས་དྲ་ཐོག་གི་སྤུན་ཟླ་དག་ལ་ཡང་ཡང་འཁོར་ཉུལ་རེ་བྱེད་ཀི་བསྡོད་ལགས།

    Reply
  4. dongthe says:
    ལོ་ 13 སྔོན།

    བོད་ཤ་ཁྲག་ལགས་མུ་མཐུད་ཕྲིས་དང་ཀློག་གི་ཡིན། འདི་གར་རྒྱུགས་སྤྲོད་ལ་ཉེ་བའི་དུས་ལྟར་ཡོང་མ་ཐུབ་ན་དགོས་འགལ་མེད་པ་ཞུ།

    Reply
  5. samkhar says:
    ལོ་ 13 སྔོན།

    དྲ་གྲོགས་ལགས། ད་ལྟ་ཁྱེད་རང་དྲ་ཐོག་ཏུ་ཡོད་པ་འདྲ།
    གང་མགྱོགས་ལན་ཞིག་གནང་རོགས། ང་ད་དུང་ཆུ་ཚོད་གཅིག་ཙམ་སྡོད་དགོས་བསམ་བཞིན་ཡོད།།

    Reply
  6. sha tak ri sim says:
    ལོ་ 13 སྔོན།

    ཁ་བ་དཀར་པོ་ལགས། འདི་རུ་ཕེབས་ནས་བཟང་ངན་མི་ཤེས་ཤི་གསུངས་པ་དེ་ནི་དངོས་ནས་ཅིས་མ་བདེན། ག་ལེར་ཞིབ་དུ་ཀློག་དུ་ཕེབས་རོགས་ཞུ། དུས་ཚོད་ཀྱི་བར་གསེང་དུ་འབྲི་ཞོར་དུ་སྤེལ་ཞོར་བྱེད་ངེས་ཡིན་ལགས།

    སྐར་ཁྲི་བཙན་ལགས། ཁྱོད་ནམ་ཞིག་ཡིན་ན་ཧེབ་ཞིག་བླངས་དེ་བསྡད་ཡོད། ཁག་མེད་ཀི ངས་མི་ལ་ལད་མོ་བྱས་པ་གཏན་ནས་མིན། དུས་ཚོད་ཀྱི་འདང་གི་མེད་པ་རེད། ག་ལེར་བྲིས་དེ་འོང་ན། དྲན་ཡིད་ཀྱི་བྱ་བ་མཐའ་དག་རིམ་གྱིས་ངོ་སྤྲོད་བྱེད་ཐུབ་ངེས་རེད་ལགས།

    གཅན་བཟོད་རྒྱམ་ལགས། ཁོམ་པ་མེད་ཞོར་དུ་ཕྱིར་ཡོང་ནས་བསེ་རུ་ལགས་སུ་ཀུ་རེ་ཞིག་ཀྱང་རྩེ་འདུག དངོས་ནས་སྒྲུང་འདི་འདྲའི་རིགས་རང་རང་གི་གྲོགས་པོ་དག་གི་ལོ་རྒྱུས་དངོས་ལས་མཆེད་ཀྱི་ཡོད་པའི་བསྐོར་ལ་སྐུ་ཉིད་ལ་ཡང་གསུང་རྒྱུ་འདྲ་ཡོད་ན་འདི་རུ་སྤེལ་ན་དངོས་ནས་ཡག་པོ་འདུག་ལགས།

    བསེ་རུ་ལགས། ད་རེབས་ཉིད་ཀྱིས་སྒྲུང་ནང་གི་མི་སྣ་བློ་བཟང་ཁོའི་ཤག་རོགས་བཟོད་རྒྱམ་ལ་ནོར་འདུག་ལགས། མི་སྐྱོན་མོད། བློ་བཟང་གི་ལོ་རྒྱུས་ཤིག་ཡིན་དུས། བཟོད་རྒྱམ་ལ་ངན་ཁག་མི་འདྲི་མ་གཏོགས། ཁྱེད་རང་གི་སྟེང་ལ་ཁུ་བཙུར་འཕྱར་ན་ཐང་། ཧཧཧ རྩེད་མོ་ཡིན་ལགས།

    ཨརྱ་ལགས། ཡིག་སྐྱོན་དངོས་ནས་བསམ་བཞིན་དུ་འབྲི་བཞིན་མེད་ཀྱང་། སྐབས་རེར་མ་ཤེས་ས་ནས་ཤོར་འགྲོ་བཞིན་ཡོད་པ་དང་། སྐབས་རེར་དངོས་ནས་མ་ཤེས་པ་ཞིག་འབྲི་བཞིན་ཡོད་པ་རེད་ལགས། སྐུ་ཉིད་ཀྱིས་གསུངས་པ་ལྟར། སྒྲུང་འདི་ནི་བདག་གི་ལས་ཞོར་དུ་ཐོག་མར་ཤོག་ངོས་སུ་ཕབ་བཞིན་ཡོད་ལགས། རྗེས་ཕྱོགས་ཁོམ་པ་རེ་ཡོད་ན་འཛུབ་མོ་རེ་འཛུགས་རོགས་ཞུ།

    Reply
  7. jamyang says:
    ལོ་ 13 སྔོན།

    སྒྲུང་ལེགས་ཀྱང་ཡིག་སྐྱོན་རྩིས་མེད་རེ་པ། དང་བོ་ཤོག་ཐོག་ལ་བྲིས་ཏེ་ཞུ་དག་བྱས། དེ་ནས་དྲ་ཐོག་ཏུ་བཀོད་ན་འདི་ལས་ལེགས་ཤིག་ཡོང་ངེས་སྙམ།

    Reply
  8. chentsasopa says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཧ་ཧ བསེ་རུ་ལགས། ངོ་མ་རེད། དེང་ཐོག་དེ་འདྲ་མི་བྱེད་མཁན་སུ་ཞིག་ཡོད། འོན་ཀྱང་དེང་སང་ད་ང་ཟེར་ན་དེ་འདྲའི་ཕྱོགས་མས་བྱང་མ་བྱང་མ་རེད། ངས་བསམ་པར་ཁྱོད་ད་དུང་ཐོག་མའི་འདར་སིག་དེའང་བརྒྱབས་ཡོད་རྒྱུ་མ་རེད་བསམས། ཡིད་མི་ཆེས་ན་ཁྱོད་ཀྱིས་འདས་པའི་བདུན་ཕྲག་གཉིས་རིང་གི་ཉིད་ཀྱི་དངོས་བྱུང་གནས་ཚུལ་ཞིག་ཕྲིས་དང་། དེ་ནས་ད་ཤེས་ཡོང་།
    ད་དུང་ལ་ཤས་ཀྱིས་དགེ་བ་ཐོབ་རྗེས་རང་གིས་གཅིན་པ་ཤོར་སོང་བསམས་ཏེ་མཇེ་ངན་ཕྱིར་ཕྱུང་སྟེ་ངོ་ཚ་དང་བཅས་མགོ་བོ་སྒུར་ནས་བྲོད་སོང་བའི་མི་དེ་འདྲ་ཡང་ཡོད་པ་རེད། འདི་མོ་འདི་ཚོ་ད་ང་ལ་བཤད་རྒྱུ་མང་ནི་རེད། ཨོ་ཨོ་ཨོ། དགོངས་པ་མ་ཚོམས། ཡང་བསེ་རུས་མི་གོ་བ་རྐྱང་རྐྱང་འབྲི་གིན་འདུག ཚང་མ་དགོངས་དག་ཞུ།

    Reply
  9. samkhar says:
    ལོ་ 13 སྔོན།

    རླངས་འཁོར་ནང་དུ་འཛུལ་རྗེས་རང་གི་རྐུབ་སྟེགས་ཀྱི་འདུག་རོགས་སུ། བཞིན་རས་དཀར་གསལ་ཟླ་བར་འགྲན་ཞིང་། སྤྱན་ཟུང་བུང་བ་ཀེམ་ཀེམ་དུ་གཡོ་བའི་སྐྲ་ལོ་ཡོད་ཚད་ཐུར་དུ་སྣུམ་ཤིག་གེར་གློད་པའི་མཛེས་ལྡན་མ་ཞིག་བསྡད་ཡོད་པ་མཐོང་སྐབས། བཟོད་རྒྱམ་ཅུང་ངོ་མདོག་དམར་པོར་གྱུར་ཅིང་། བཀྲ་ཤིས་བདེ་ལེགས་ཞེས་བརྗོད་ཀྱིན། མོའི་འགྲམ་དུ་ལུས་པོ་འདར་སིག་སིག་གི་ངང་དུ་བག་ཕེབས་ཀྱི་ཚུལ་དུ་བསྡད། དེ་ནས་་་་་་

    Reply
  10. chentsasopa says:
    ལོ་ 13 སྔོན།

    དཔར་གློག་བྱས་ཏེ་བཀླག་གི་ཡིན་ལོ།

    Reply
  11. Baichung says:
    ལོ་ 13 སྔོན།

    ལྟོས་དང་སྒྲུང་ཡག་པོ་ཞིག་ཀློག་གིན་ཀློག་སྤྲོ་བ་འཕེལ་པའི་སྐབས་འདིར་ཡང་མཚམས་བཞག་སོང་། ཟ་ལེའི་་རྗེས་འབྲང་ཉི་མ་མཚོ ཉི་མ་མཚོའི་རྗེས་འདེད་མཁན་ཡང་ཁྱེད་རང་རེད་འདུག ག རང་གཤིས་དྲང་མོ་མདའ་འདྲ་བའི་བློ་བཟང་གི་སྒྲུང་འདིའི་མཇུག་ལ་བྲེལ་བ་འདུག་ད

    Reply
  12. kawakarpo says:
    ལོ་ 13 སྔོན།

    ལས་ངན་པོ་དེ་ཡང་ངའི་ལྷོ་ཕྱོགས་ཀྱི་ཤག་རོགས་ཤིག་དང་འདྲ་བ་ལ་ཨང་། ངའི་ཤག་རོགས་ཚོ་ཡང་ཡང་རེ་རེ་བཞིན་འདི་འདྲ་བྱས་ཏེ་རྡ་སར་སོང་ནས་མཐའ་མར་ཚང་མའི་མི་ཚེའི་འགྲོ་སྟངས་བརྗེ་བོ་བརྒྱབ་སོང་། བཟང་ངན་གང་ཡིན་བཤད་དཀའ་གི མི་ཚེའི་གནས་སྟངས་ལ་འགྱུར་བ་རེ་ཐེབས་སོང་། སྐབས་རེར་འགྲིགས་འདུག་བསམས། སྐབས་རེར་ནོར་འདུག་བསམས། མི་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist