མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཇལ་འཕྲད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་༧གོང་ས་མཆོག་རྒྱལ་ས་ཝ་ཤིན་ཊོན་ཌེ་སེ་རུ་ཕེབས་པའི་སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་མ་ཐུབ་པ་དེར་གྲོས་ཚོགས་འཐུས་མི་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་སྐྱོན་བརྗོད་དང་གླེང་སློང་ཤུགས་ཆེན་བྱས་ཡོད་ཀྱང་། སྲིད་འཛིན་ཨོ་བྷ་མའི་ལས་ཁུངས་ཀྱིས་སྐྱོན་བརྗོད་དེར་ངོས་ལེན་གནང་མེད་པ་མ་ཟད། ཨོ་བྷ་མ་ད་ལོའི་ལོ་མཇུག་ཏུ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཕྱིས་ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་༧གོང་ས་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་བའི་མཛད་སྒོའི་སྟེང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་དབུ་ཁྲིད་ཚོས་༧གོང་ས་མཆོག་ལ་ཡི་རང་དང་བསྔགས་བརྗོད་ཆེན་པོ་གནང་ཡོད་འདུག

ཕྱི་ཟླ་  ༡༡  པའི་ནང་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་དང་། ད་སྐབས་ཨོ་བྷ་མའི་མཛད་འཕྲིན་ལས་བྲེལ་ཆེ་སྟབས། ད་རེབ་ཨོ་བྷ་མ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་ཐུབ་མེད་ཀྱང་། ཨ་རིའི་སྲིད་འཛིན་གྱི་མགྲིན་ཚབ་པ་རོ་བྷ་ཊེ་གེཊ་སི་ཡིས་༧གོང་ས་མཆོག་གི་འབྲེལ་ཡོད་མི་སྣ་དང་ལྷན་དུ་གོ་བསྡུར་བརྒྱུད་ད་ལོའི་ལོ་མཇུག་ཏུ་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་རྒྱུའི་དུས་ཆད་ཐོག་མོས་མཐུན་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 15

  1. kunsal says:
    ལོ་ 16 སྔོན།

    བཀུར་བར་འོས་པའི་དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལགས། སྤྱི་རང་དབང་ཡིན་ཀྱང་ང་ཚོ་བོད་རིགས་རྣམས་ནི་རང་ཡུལ་དགྲ་ལག་ཏུ་ཤོར་བའི་ཡུལ་གྱར་བ་ཞིག་ཡིན་དུས་བསམ་ཚུལ་བརྗོད་སྐབས་འཕྲལ་ཕུགས་འགྱང་གསུམ་ལ་དགོངས་པ་བཞེས་རྒྱུ་གལ་ཆེར་མངོན།

    Reply
  2. བོད་པ་ཚང་། says:
    ལོ་ 16 སྔོན།

    ད་ལྟ་རང་གནས་ཚུལ་འདི་མཐོང་བྱུང་། ནོར་ཝེ་ནོལ་བེལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༩ ལོའི་ཞི་བདེའི་གཟེངས་རྟགས་ཨ་རིའི་སྲིད་འཛིན་བ་རེག་ཨོ་བ་མ་ལ་འབུལ་རྒྱུའི་གསལ་བསྒྲགས་བསྐྱངས་ཟིན་འདུག གཟེངས་རྟགས་འདི་ཕུལ་བ་ལ་བརྟེན་ནས་ཁོ་པས་འཛམ་གླིང་སྤྱི་དང་། ལྷག་པར་དུ་བོད་དོན་ཐོག་ལ་དམིགས་བསལ་ཤུགས་ཤིག་བརྒྱབ་པའི་རེ་བ་ཆེ། དེའི་རྟགས་མཚན་ལྟ་བུ་གཅིག་ནི། ད་ཕན་ལ་ཨ་རིའི་སྲིད་འཛིན་ཚང་མས་༸གོང་ས་མཆོག་ལ་འཚམས་འདྲིའི་རིགས་འབྱོར་ཡང་། ད་ལན་དེ་ཙམ་མིན་པར་རྩ་དོན་དང་འབྲེལ་བའི་ཐོག་ལ་ལས་ཀྱི་བརྒྱུད་རིམ་ལྡན་པ་འཁོད་པའི་ཕྱག་ཡིག་ཕུལ་བའི་མངོན་གསལ་ཅན་གྱི་རྟགས་ཤིག་ཀྱང་བྱུང་ཡོད།

    Reply
  3. བོད་པ་ཚང་། says:
    ལོ་ 16 སྔོན།

    ང་ཚོས་ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གཡོ་སྒྱུ་ཅན་ཡིན་པ་བཤད་དཀའ། འོན་ཀྱང་ང་ཚོས་དེ་ཕྱོགས་ནས་བཤད་པ་ཁ་ཞེ་གཉིས་མེད་ཡིན་དང་། མགོ་སྐོར་བསླུ་འབྲིད་འོག་ཏུ་འཇུག་ཐབས་ཡིན་མིན་ངང་སྒུག་བྱེད་ཆོག

    Reply
  4. གྲགས་པ་རྒྱ་མཆོ། says:
    ལོ་ 16 སྔོན།

    སྲིད་འཛིན་འདི་གཡོ་སྒྱུ་ཅན་ཞིག་རེད།

    Reply
  5. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    ཨོ་བྷ་མས་ནང་ཆོས་ཀྱི་ཁྱབ་ནུས་ཆེན་པོ་ཞིག་ཧ་གོ་གི་མེད་པར་འདྲ། གང་ཡིན་ཟེར་ན་སྔོན་སྲིད་འཛིན་གྱི་གོ་ས་བཟུང་ཉིན་ཆོས་ལུགས་ཁ་ཤས་ཀྱི་མིང་དངོས་སྨྲས་ཀྱང་ནང་ཆོས་ཀྱི་མིང་དེ་སྨྲས་མ་སོང་། ཡིད་ཆེས་མེད་པ་ཡིན་དང་རྩ་ཆེན་པོ་ཞིག་ཡིན་པ་ཧ་མ་གོ་པ་ཡིན། དོན་དངོས་ཐོག་བཤད་ན་ནང་ཆོས་འདི་ཆོས་ལུགས་ཤིག་མིན་ཡང་། དེང་སང་མི་རྒྱ་ཆ་དགུ་བཅུ་གོ་དགུས་ཆོས་ལུགས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པས་ལགས།

    Reply
  6. འདྲེ་ཤིག་གསོན་པོ། says:
    ལོ་ 16 སྔོན།

    ཨོ་གང་ལྟར་སྲིད་འཛིན་ཨོ་བྷ་མས་སྲིད་ཕྱོགས་ཀྱི་ཆབ་སྲིད་ཅི་ཞིག་འཁྲབ་ཀྱིད་ཡོད་པ་སུ་ཞིག་གིས་རྟོགས་ནུས་སམ།

    Reply
  7. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    སྲིད་འཛྀན་ཨ་བྷ་མས་བྱེད་སྟངས་འདི་རྒྱ་ནག་ལ་ཧ་ཅང་གི་བསྟུན་མཁས་གནང་གི་འདུག ད་ལྟ་མཇལ་ཕྲད་གནང་དགོས་གསུང་པ་དེ་ནི་ཨ་རེའི་མི་མང་གིས་སྐྱོན་བརྗོད་ལ་བསྟེན་ནས་ཡིན་པ་ལས། གོང་ས་མཆོག་ལ་ཤ་ཚ་དང་དད་ཞེན་གྱིས་མིན་པ་ནི་ཧ་ཅང་གི་གསལ་པོ་རེད། ད་ལྟ་ལན་གཅིག་གོང་ས་མཆོག་གིས་ཕྱིར་འཐེན་གནང་ནའང་ཕམ་ཁ་མེད་པར་མཐོང་ངོ།

    Reply
  8. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ཨོ་་་་་
    ད་རེས་གསར་འགོད་པ་འདི་དངོས་གནས་ཁོང་ཁྲོ་ལངས་འདུག

    Reply
  9. ཀླུ། says:
    ལོ་ 16 སྔོན།

    རེད་གཡོ་རྒྱུའི་བྲེལ་བ་རེད། སྔོན་མ་སྲིད་འཛིན་འགྲན་བསྡུར་སྐབས་ཡང་ཁོ་རང་བྲེལ་བས་མ་ཁོམ་པ་དང་རྗེས་མཇལ་རྒྱུ་ཡིན་པའི་ཡི་གེ་བཞག་ནས་གཡོ་རྒྱུ་འཁྲབ་ཡོད། མ་ཐུག་ན་མ་ཐུག་གསལ་བོ་བྱས་ན་ཡག་ཤོས་རེད། རྗེས་མ་མིང་ཙམ་གྱི་མཇལ་འཕྲད་དེས་ཕན་ལས་གནོད་ཆེ།

    Reply
  10. ནད་པ says:
    ལོ་ 16 སྔོན།

    ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་བོད་མིའི་དབུ་འཁྲིད་༸ གོང་ས་མཆོག་གཉིས་རྒྱལ་ས་ཝ་ཤོན་ཊོན་དུ་ད་ཐེངས་མཇལ་འཕྲད་གནང་རྒྱུ་དང་། ལོ་འཇུག་ཏུ་མཇལ་འཕྲད་གནང་རྒྱུ་གཉིས་ལ་དོན་དངོས་ཐོག་ཁྱད་པར་གང་ཡང་མེད།

    ༸ གོང་ས་མཆོག་དང་རྒྱ་ནག་གི་དབུ་འཁྲིད་གཉིས་ལྷན་དུ་མཇལ་འཕྲད་ག་དུས་གནང་ཐུབ་མིན་གྱི་གནད་དོན་དེར་ཐུག་ཡོད།

    དེར་བརྟེན་ང་ཚོའི་རེ་བ་དང་སྐྱབས་འཇུག་ཞུ་ས་ནི་ག་དུས་ཡིན་ཀྱང་བོད་ཀྱི་ཤར་ཕྱོགས་སུ་གནས་པའི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ཡིན་པ་ལས་བོད་ཀྱི་ནུབ་ཕྱོགས་སུ་གནས་པའི་སྟོབས་ཆེན་ཨ་རི་སོགས་ནི་གཏན་ནས་མིན།

    ང་ཚོའི་རེ་བ་དང། འདུན་ལམ། མཐུན་སྒྲིལ་བཅས་ད་ནས་བཟུང་ཁ་ཤར་དུ་ཕྱོགས་ནས་བཟུང་ན་ང་ཚོར་མཐུན་མོང་གི་འགྲོ་ལམ་ཞིག་ཡོད་སྟབས་འགྲོ་ལམ་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་ནི་ཆབ་སྲིད་ཀྱི་འགྲོ་ལམ་གནད་ཀྱི་དམ་པ་དེ་རང་ཡིན་པ་ལས་གཞན་གང་མེད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གཡོ་དང་སྒྱུ་མའི་འཁྲབ་པའི་སྲིད་སྟེགས་སྟེང་།།
    ཁ་གཡང་སྙན་པོ་སྒྲོག་པའི་ཨོ་བྷ་མས།།
    རང་གི་རིགསལ་འགན་འཁུར་ལྕི་བླངས་དེ།།
    བོད་རིགས་གཙོ་བའི་ཉམ་ཐག་ཁ་ཞོར་ཡིན།།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ད་ཐེངས་༸་གོང་ས་མཆོག་ལ་མཇལ་འཕྲད་མ་བྱས་དེ་ཨ་རིའི་ཆབ་སྲིད་དམ་ཨོ་བྷ་མའི་ཆབ་སྲིད་དགོས་མཁོ་ཞིག་ཡིན་སྲིད་ལ། ཐེངས་རྗེས་མ་ཞིག་ལ་ཐུགས་འཕྲད་བྱེད་རྒྱུ་ཡིན་ཟེར་བའང་སྐབས་དེའི་ཨ་རིའི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ལ་བལྟ་རྒྱུ་ཡིན་པ་སྨྲོས་མ་དགོས་པ་ཞིག འདི་ནི་ཨ་རི་གཙོས་འཛམ་གླིང་གི་རྒྱལ་ཁབ་ཚོས་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ཤིག་ཀྱང་རེད་སྙམ། ཁ་སྔོན་རྒྱ་གར་གྱིས་ཀྱང་འདི་འདྲ་བ་རེ་བཤད་ཀྱིན་མི་འདུག་གེ འདི་ཚོ་ཚང་མ་གཅིག་པ་རེད་སྙམ།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཨོ་བྷ་མ་སྐོར་ལ་ལུང་རིགས་རྒྱལ་གྱིས་ཟིན་བྲིས་ཤིག་སྤེལ་འདུག་པ་ཀློག་ན་ཡག་པོ་འདུག་ལ། དམིགས་གསལ་གྱིས་གོ་བ་ལེན་རྒྱུ་ཡོད་ཁུ་སྙམ།
    དེ་མིན་བོད་པ་ཚང་འཛམ་གླིང་གི་ཆབ་སྲིད་པ་ཚོས་ལན་རེ་རྩེད་མོ་རྩེད་སྤྱད་ཀྱང་བྱེད་ཀྱིན་འདུག

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཤར་ཕྱོགས་ཀྱི་ཉི་མ་དམར་པོའི་གཟི་མདངས་འོག་ནུབ་ཕྱོགས་ཀྱི་བ་མར་དང་ཤིང་མར་སེར་པོ་འདི་ཚོ་འདི་ལྟར་བཞུ་འགྲོ་ཡིན་ཡོད།
    མཐར་གཏུགས་ན་གྲོ་ལར་ལས་ཡོན་སྒོར་འདི་དཔངས་རྔམས་མཐུག་ཏུ་ཕྱིན་ཡོད་པར་ཐུག་ཡོད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཨོ་བྷ་མ་ལོ་རབས་གཅིག་གི་ལུགས་སྲོལ་ལ་འགལ་སོང་བ་རེད།

    ད་བར་དུ་༼བྲེལ་བ་ཡོད་༽ཟེར་བ་འདི་ལས་སྡུག་པའི་ལན་ཞིག་གོ་མ་མྱོང་། སྲིད་འཛིན་ཞིག་གི་ངོས་ནས་བཤད་རྒྱུའི་ལན་ཞིག་རེད་དམ། ༧གོང་ས་མཆོག་ལ་མཇལ་ཨེ་ཐུབ་ཀྱི་བྲེལ་བ་ལངས་རྒྱུའི་ཚབ་ཏུ་གཡོལ་རྒྱུའི་བྲེལ་བར་ཞུགས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese