མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོར་ཡུག་ནི་ཆབ་སྲིད་དང་ཆོས་ལུགས་ལས་བརྒལ་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

མཐའ་དོན་ཁྱེད་རྣམ་པར་ཞུ་རྒྱུ་ཞིག་ལ། གལ་སྲིད་ང་རང་ཉིད་ལ་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ནུས་པ་ཞིག་ཡོད་ན། ང་རང་གི་གཟུགས་ཕུང་རྣམ་ཤེས་དང་བཅས་པ་འདི་འཛམ་གླིང་སའི་གོ་ལ་འདི་ཉིད་སྲུང་བར་བྱེད་པའི་བླ་བྲེ་ལྟ་བུ་ཞིག་ཏུ་བསྒྱུར་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་དུས་རྒྱུན་དུ་ཡོང་བསྡད་ཡོད། ཅེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པའི་སྟེང་གསུངས་ཡོད།

ཉིན་འདི་འགར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འཚོགས་བཞིན་པའི་བཀའ་བརྒྱུད་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་ཡོངས་སུ་མཇུག་སྒྲིལ་ཡོད་ལ། ཐེངས་འདིའི་ཉིན་གྲངས་ ༦  རིང་གི་ཚོགས་འདུའི་སྟེང་། རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་གནས་ ༡༥ ཙམ་གྱི་བཀའ་བརྒྱུད་དགོན་ཁག་ ༣༢ ཙམ་ནས་སྐུ་ཚབ་འཐུས་མི་བརྒྱ་ལ་ཉེ་བ་ཚོགས་ཞུགས་ཀྱིས་མ་འོངས་པར་དགོན་ཁག་སོ་སོ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ལས་དོན་བྱེད་ཕྱོགས་དང་། མང་ཚོགས་ལ་གོ་རྟོགས་སྤེལ་ཕྱོགས་བཅས་ལ་བགྲོ་གླེང་ཞིབ་ལྷུག་གནང་སྟེ་ལས་འཆར་སྒྲིག་ཡོད་ལ། ཁོར་ཡུག་ལས་གཞི་སྒྲོག་སྤེལ་བྱེད་སའི་དྲ་རྒྱ་དང་། བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་རྟགས། དེ་བཞིན། དགོན་ཁག་སོ་སོར་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་དང་རྒྱུན་ལས་བསྐོ་བཞག་བཅས་གནང་ཡོད།

བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་གཞིའི་ཁོངས་སུ་ནགས་ཚུལ་སྲུང་སྐྱོབ་དང་ཆུ་སྲུང་སྐྱོབ། རི་དྭགས་སྲུང་སྐྱོབ། གད་སྙིགས་དོ་དམ། གནམ་གཤིས་འགྱུར་ལྡོག་གི་བློ་འདོན་བཅས་རིགས་ལྔ་ཡོད་ལ། ཐེངས་འདིར་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་འབྱུང་འགྱུར་གྱི་ལས་དོན་གལ་ཆེན་ཁག་ཅིག་ངོ་སྤྲོད་གནང་དོན་ལྟར་ན། མ་འོངས་པར་གང་ནུས་ཅི་འཇོན་གྱིས་ཐེབས་རྩ་ཕུལ་ཏེ་དགོན་པ་ཁག་གི་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱི་འགྲོ་གྲོན་གཏོང་རྒྱུ་ཡིན་པ་དང་། སྤྱི་ལོ་ ༢༠༡༠ ལོར་དགོན་པ་ཁག་ཏུ་ཉི་འོད་ནུས་པའི་གློག་འདོན་འཕྲུལ་ཆས་འཛུགས་རྒྱུ། བཀའ་བརྒྱུད་སྨོན་ལམ་སོགས་མི་མང་འདུ་འཛོམས་ཆེ་བའི་སྐབས་དག་ཏུ་གཏམ་བཤད་དང་གློག་བརྙན་སོགས་བརྒྱུད་དེ་ཁོར་ཡུག་སྐོར་ལ་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ལ་དྭགས་ཁུལ་དུ་ཚོད་ལྟའི་ཚུལ་དུ་བཀའ་བརྒྱུད་ཁོར་ཡུག་ཚོགས་པས་ལྗོན་ཤིང་བཙུགས་ཏེ། སྔོ་ལྗང་ཅན་དུ་བསྒྱུར་ཐབས་ལ་འབད་བརྩོན་བྱ་རྒྱུ་བཅས་ཡིན་འདུག

ཕྱི་ཚེས་ ༨ ཉིན་རྒྱབ་ལས་གཞི་ཡོངས་ཐག་གཅོད་གཏན་འབེབས་བྱས་མཐར། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་མཇུག་སྡོམ་གསུང་བཤད་དང་སྦྲགས། ཐེངས་འདིར་གྲོས་བསྡུར་བྱས་པའི་སྙིང་དོན་ཁག་ཁ་ནས་བཤད་རྒྱུ་ཙམ་མ་ཡིན་པར་དངོས་སུ་ལག་བསྟར་བྱ་གལ་ཆེ་སྐོར་ནན་གྱིས་གསུངས་དོན། ཐེངས་འདི་ཚོགས་འདུའི་མགོ་མཇུག་བར་གསུམ་ལ་རྒྱབ་སྐྱོར་ཐུགས་ཁུར་གནང་མཁན་བདེ་སྐྱིད་ཅུང་རྒྱལ་པ་ལགས་སུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འདས་པའི་ཟླ་དྲུག་རིང་དགོན་པ་སོ་སོ་ནས་ཁོར་ཡུག་གི་ཐོག་ལ་ལས་ཀ་ཡག་པོ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ངོ་སྲུང་ཆེད་དང་། འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོང་རྒྱུ་ཙམ་མ་ཡིན་པར་སྤྱི་ཕན་གྱི་བསམ་བློ་དང་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། ལས་འཆར་དེའི་འཕྲོས་ཐིགས་པ་བསགས་པའི་རྒྱ་མཚོ་བཞིན། ལས་དོན་འདི་བརྒྱུད་དེ་འཛམ་གླིང་གོ་ལ་ཧྲིལ་བོ་དང་། སྐྱེ་འགྲོ་སེམས་ཅན་བགྲངས་ལས་འདས་པར་ཕན་བདེ་གཞི་རྩ་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བྱས་ཆོག ཅེས་དང་།

ཉིན་འདི་འགར་ཁོར་ཡུག་གལ་ཆེན་ཡིན་སྐོར་མང་དག་ཅིག་བཤད་སོང་། གཙོ་བོ་ལག་ལེན་བསྟར་རྒྱུ་དེ་རེད། ང་ཚོར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ་མང་པོ་ཞིག་བགྲང་རྒྱུ་ཡོད། དེ་དག་ལས་ཐུག་ས་སྤྱོད་པ་ལ་ཐུག་ཡོད། ལྟ་སྒོམ་སྤྱོད་གསུམ་ལས་ལྟ་བ་བཤད་ཡོང་སྐབས། རང་ཉིད་ཀྱི་ལྟ་བ་སེན་མོ་ཙམ་ཞིག་སྒྲུབ་ཆེད་གཞན་སྡེ་ཡི་གྲུབ་མཐའ་རི་རབས་ཙམ་ཞིག་བཀག་སྟེ། རང་ཉིད་ཀྱི་ལྟ་བ་མཐོ་བསམ་བསམ་གྱིས་ཆོས་སྤངས་ཀྱི་ལས་ཆེན་པོ་གསོག་གིན་ཡོད། དེ་བཞིན་སྒོམ་པ་དེ་ཡང་མཚམས་ལ་བསྡད་ན་ཨེ་དྲག ལོ་གསུམ་ཞག་གསུམ་སྒོམ་ན་ཨེ་བཟང་བསམས་ཏེ་གང་ཡོང་ཅི་ཡོང་བྱེད་ཀྱིན་ཡོད། འོན་ཀྱང་། སྤྱོད་པའི་སྣེ་ལ་ཐུག་ཡོང་དུས་དཔའ་ཞུམ་བསྡད་ཡོད། སྔར་གྲྭ་ས་ན་ཡོད་དུས་ཐོས་བསམ་ཡག་པོ་ཡོད། ཉམས་ལེན་ཡག་པོ་ཡོད་ཟེར་བ་ཙམ་གྱིས་མི་ཡོང་། བསྟན་པ་དང་སེམས་ཅན་གྱི་དོན་དངོས་སུ་བྱས་པའི་ཚེ་ན། གཞན་ཕན་དང་སྙིང་རྗེ་ཆེ་བ། བཟོད་པ་དང་དཀའ་སྤྱད་ཆེ་བ་ཞིག་བྱུང་ན། གཞི་ནས་སྔོན་མ་ཡོད་ཟེར་བ་དེ་ལ་ཡོད་སྙིང་ལྡན་པ་ཞིག་རེད། འོན་ཀྱང་། སྔོན་མ་ཡོད་མོད། ད་ཆར་དགོས་དབང་ལ་བརྟེན་ནས་ཟེར་བ་སོགས་ཐབས་མཁས་པོས་འགྲེལ་བཤད་མང་པོ་སྐྱོན་ཡོང་དུས་ཚར་བ་རེད། ཅེས་གསུངས་བྱུང་།

ཁོང་གིས་མུ་མཐུད་དོན། ནམ་རྒྱུན་ང་རང་གི་གོ་བ་ལེན་སྟངས་ལ། སྤྱོད་ཟེར་དུས་བེད་སྤྱོད་བཏང་བ་དང་ལག་ལེན་བསྟར་བ་ཞིག་ལ་གོ་བཞིན་ཡོད། སེམས་ལ་སྙིང་རྗེ་ཡི་ཉམས་བཟང་པོ་ཞིག་བྱུང་ཙམ་གྱིས་ཕན་ཐོགས་གང་ཡང་མེད། ཉམས་ལེན་ཟེར་བ་ལས་ཉམས་སྟོན་ཟེར་གྱིན་མེད། ཉམས་ག་རེ་བྱུང་བ་དེ་ལག་ལེན་བསྟར་ཏེ། དོན་གྱི་གནད་དུ་འཁེལ་བ་ཞིག་ཡོང་དགོས་པ་རེད། དེ་འདྲ་བྱུང་བ་ཡིན་ན། གཞི་ནས་ཉམས་ལེན་ཟེར་བ་དེ་ཡོང་གིན་ཡོད། སོ་སོའི་ཆོས་ཁང་དང་སྒོམ་ཁང་ནང་དུ་བྱང་ཆུབ་ཀྱི་སེམས་དང་། དད་པ་དག་སྣང་སོགས་ཀྱི་ཉམས་བཟང་པོ་ཡོད་ཀྱང་། དངོས་སུ་བསྟན་འགྲོའི་དོན་བྱེད་པའི་ཚེ་ན། ཁོང་ཁྲོ་ཚ་བ་དང་ང་རྒྱལ་ཆེ་བ། ཕྲག་དོག་ཆེ་བ་སོགས་ཉོན་མོངས་པའི་རྣམ་རྟོག་ཇེ་ཆེ་དང་ཇེ་མང་། ཇེ་རགས་ཏུ་སོང་སྟེ། འཇིག་རྟེན་ཐ་མལ་བ་ལས་སྡུག་པའི་རྣམ་འགྱུར་དྲག་ལ་རྩུབ་པ་མང་པོ་བསྟན་ཡོང་ན། དེ་ལ་སྤྱོད་པ་ཟེར་བ་ཞིག་ལྷག་མེད། ང་ཚོ་འཚོ་སྡོད་བྱེད་སའི་འཛམ་གླིང་འདིར་སྲོག་ཆགས་རིགས་གྲངས་ལས་འདས་པ་དང་རྩི་ཤིང་རིགས་གྲངས་ལས་འདས་པ་ཞིག་ཡོད། དེ་དག་མེད་ན་ང་ཚོ་གཅིག་པུ་འཚོ་ཐབས་མེད། ང་ཚོའི་འཚོ་གནས་བདེ་སྐྱིད་ལྡན་པ་ཞིག་ཡོང་དགོས་ན། བརྟེན་གཞིའི་སྣོད་བཅུད་ཐ་དག་ལ་སེམས་ཁུར་དང་དོ་སྣང་མི་བྱེད་རང་བྱེད་རེད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐེག་པ་ཆེ་ཆུང་ཚང་མའི་ནང་། གཞན་ཕན་སྒྲུབས་ཟེར་བའི་བཀའ་མོལ་ཞིག་ཡང་ཡང་གནང་ཡོད། ང་ཚོའི་སྤྱོད་པ་དེར་གཞན་ལ་འཚེ་བ་སྤང་དགོས་པ་ཞིག་དང་། གཞན་དོན་བསྒྲུབ་དགོས་པའི་ལམ་ཁ་གསལ་བོ་ཞིག་བསྟན་ཡོད། དེའི་སྟེང་ལ་འགྲོ་དགོས་པ་རེད། གཞན་ལ་འཚེ་བ་སྤང་ཟེར་དུས་མི་ལ་མ་རྡུང་ཙམ་དང་སོ་མ་བརྒྱབས་ཙམ་གྱིས་འགྲིག་གིན་མེད། ཅེས་དང་།

མཇུག་མཐར་ཁོང་གིས་ཐུགས་སྐྱེད་ཀྱི་རེ་འདུན་གསུངས་དོན། མཐའ་དོན་ཁྱེད་རྣམ་པར་ཞུ་རྒྱུ་ཞིག་ལ། གལ་སྲིད་ང་རང་ཉིད་ལ་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ནུས་པ་ཞིག་ཡོད་ན། ང་རང་གི་གཟུགས་ཕུང་རྣམ་ཤེས་དང་བཅས་པ་འདི་འཛམ་གླིང་སའི་གོ་ལ་འདི་ཉིད་སྲུང་བར་བྱེད་པའི་བླ་བྲེ་ལྟ་བུ་ཞིག་ཏུ་བསྒྱུར་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་དུས་རྒྱུན་དུ་ཡོང་བསྡད་ཡོད། ང་ལ་མཚོན་ན་དེ་རིང་འདིར་འཛོམས་པ་དག་ལས་ལོ་ཆུང་ཤོས་ཡིན་རྒྱུ་རེད། ངས་བསམ་བློ་འདྲ་མིན་ཞིག་བཏང་སྟེ་འཆར་གཞི་སྣ་ཚོགས་ཤིག་སྤེལ་ན། ཕྱོགས་གཅིག་ནས་བྱིས་པ་ཞིག་གིས་གཉིད་མི་ཁུག་པའི་ལས་ཀ་འདྲ་མིན་བྱས་པ་ཁྱད་མཚར་ཞིག་རེད་དེ། ཕྱོགས་གཞན་ཞིག་ནས་བལྟས་ན། ང་ལྟ་བུའི་བྱིས་པ་ན་གཞོན་ཞིག་ཡིན་ན་ཡང་། འཛམ་གླིང་འདིར་བརྩེ་དུང་དང་ཤ་ཚ་ཞིག་བཅིངས་ཏེ། མ་འོངས་པའི་མི་རབས་ཚ་བརྒྱུད་ཀྱི་ཆེད་དུ་ལེགས་སྐྱེས་བཟང་པོ་ཞིག་འབུལ་ཐུབ་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་དྲན་བསྡད་ཡོད། དེར་བརྟེན། རྣམ་པ་ཚོ་ང་ལས་དགུང་ལོ་བགྲེས་པ་དང་ཉམས་མྱོང་མང་བ་ཡོད། ངར་མཚོན་ན་དུས་རྒྱུན་ཁང་པའི་ནང་ལ་འཛུལ་ནས་འདུག་དགོས། ཁྱེད་ཅག་གང་ལ་ཕྱིན་ཡང་རང་དབང་རེད། ཁོར་ཡུག་གི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་ཉམས་མྱོང་སྤེལ་རེས། གནས་ཚུལ་བརྗེ་ལེན་བྱེད་པའི་གོ་སྐབས་མང་པོ་ཡོད། ཅེས་དང་།

ཁོར་ཡུག་ཟེར་བ་དེ་མི་གཙོ་བོར་གྱུར་བའི་སྐྱེ་དངོས་སེམས་ཅན་ཐམས་ཅད་ཀྱི་འཚོ་གནས་ཤིག་ཆགས་ཡོད་སྟབས། འདི་ནི་ཆབ་སྲིད་དང་ཆོས་ལུགས་ལས་ཀྱང་རིང་དུ་བརྒལ་བ་ཞིག་ཡིན། མི་གསོན་པོར་སྡོད་མ་ཐུབ་ན། ཆབ་སྲིད་ཟེར་བ་མེད་ལ། ཆོས་ལུགས་ཟེར་བ་ཡང་མེད། ཁོར་ཡུག་ཟེར་བ་དེ་ཆབ་སྲིད་དང་ཆོས་ལུགས། མི་རིགས་དང་རིག་གཞུང་སོགས་ལས་བརྒལ་བའི་གནད་དོན་ཞིག་ཡིན། འདིའི་ཐད་ཀྱི་ལས་དོན་སྒྲུབ་པའི་སྐབས་སུ་མི་འོས་པའི་ཕྱོགས་ཞེན་དང་། སྒེར་གྱི་ཁེ་ཕན་ལ་སོགས་མ་རུང་བ་དང་མི་གཙང་བ། དྲི་མ་ཅན་གྱི་བསམ་བློ་དེ་འདྲ་དྲན་ན་ཡག་པོ་མ་རེད། མི་ཚེ་ནང་རྣམ་པར་དཀར་བའི་ལས་ཀ་ཁ་ཤས་ཤིག་སྟོན་རྒྱུ་མེད་ན་བློ་ཕམ་པོ་རེད། ཤི་སྐབས་ལས་ཀ་ཚང་མ་རྩ་གེ་བཙོག་གེ་དྲི་མ་ཅན་རྐྱང་རྐྱང་ལས་ལས་དོན་གཙང་མ་གཅིག་ཀྱང་དྲན་རྒྱུ་མེད་ན། དབུགས་ཆད་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད། དེར་བརྟེན། སྙིང་ནས་འཕགས་པ་དང་། སྙིང་ནས་གཅེས་པའི་ལས་ཀ་གཙང་མ་ཁ་ཤས་ཤིག་འཛམ་གླིང་འདིར་འཇོག་ཐུབ་པ་ཡིན་ན། དེའི་བསོད་ནམས་དང་དེའི་མཐུ་སྟོབས་མི་རབས་ནས་མི་རབས་དང་། དུས་རབས་ནས་དུས་རབས་བར་ས་སྟེང་གི་འགྲོ་བ་ཐམས་ཅད་ཀྱིས་ཚོར་ཐུབ་པ་ཞིག་ཡོང་གི་རེད་བསམ་ཡོད། དེ་ལ་ཚང་མས་ཐུགས་སྐྱེད་གནང་རོགས། ཞེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 3

  1. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ལུང་རིགས་ལགས་ཀྱི་དགོངས་འཆར་འདི་འདྲ་ཞིག་དངོས་སུ་བསྒྲུབ་ཐུབ་པ་ཞིག་བྱུང་ན་བོད་པའི་ཆོས་པ་རྣམས་༸གོང་ས་མཆོག་ནས་ཐུགས་རེ་ཤིན་ཏུ་ཆེན་པོ་གནང་སའི་དུས་རབས་ཉེར་གཅིག་པའི་ཆོས་པ་ངོ་མ་དེ་ཆགས་པ་རེད།

    འོན་ཀྱང་ཨ་ནེ་ཚོས་ཨ་མའི་གནས་བབ་ལ་ལྟ་རྟོག་བྱེད་རྒྱུ་དང་གཞོན་སྐྱེས་བུ་མོ་ཚོར་ལམ་སྟོན་བྱེད་རྒྱུ་དེ་དགོད་བྲོ་པོ་ཞིག་ཆགས་རྒྱུའི་ཉེན་ཁ་མེད་འགྲོ།

    འོན་ཀྱང་སྨན་ཞབས་མའི་ལས་འགན་བསྒྲུབ་རྒྱུ་དེ་ནི་འོས་འཚམ་ཤིན་ཏུ་ཆེ་ཞིང་ཡེ་ཤུའི་ཆོས་མ་ཚོའི་ངོས་ནས་བཤད་ན་ངོ་ཚ་ཉོ་དགོས་པའི་གནས་སྟངས་ཤིག་ཀྱང་ཡིན།

    Reply
  2. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    རྒྱལ་བ་ཀརྨ་པ་མཆོག་གིས་ཐུགས་རེ་ཧ་ཅང་གི་ཆེ་དགའ་བའི་རྗེས་སུ་ཡིད་རང་ཡོད། འོན་ཀྱང་ནང་ཆོས་ཀྱི་གཞུང་ཆེན་ཁག་ད་དུང་ཅུང་ཟད་གཟིགས་ཐུབ་ན་ཡག་པོ་འདུག གོང་གི་བཀའ་སློབ་མཇལ་དུས་ང་རང་གིས་བོད་པའི་ཁ་དཔེ་ཞིག་དྲན་བྱུང་། གཡོག་པོས་ང་རང་རྒྱལ་པོ་ཡིན་ན་དགའ་བ་དང་། རྒྱལ་པོས་ང་རང་གཡོག་པོ་ཡིན་ན་གང་སར་བསྐྱོད་ཆོག་པ་དང་། ། གནང་ཆོག་པ་སོགས་མཐོང་གི་རེད་བཤད་སྲོལ་ཡོད་པ་དངོས་བདེན་རེད་འདུག ཀརྨ་པ་མཆོག་གིས་ཀྱང་དེ་འདྲར་གཟིགས་འདུག

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གོ་སྐབས་འདི་དང་བསྟུན་ནས་ངས་བོད་ཀྱི་ཆོས་བརྒྱུད་སོ་སོར་ལས་བགོས་ཤིག་བྱ་འདོད་བྱུང་། ལས་བགོས་བྱས་རྗེས་ཀྱང་མུ་མཐུད་ནས་ཆོས་བརྒྱུད་ཁག་ཕན་ཚུན་བར་མཉམ་ལས་བྱ་དགོས་པ་ལས་ཁེར་ཚུགས་ཀྱི་སྒོ་ནས་འདུག་མི་རུང་བ་ནི་སྔོན་བརྡ་ཡིན།

    དེང་གི་མི་སྡེ་སྤྱི་ཚོགས་འདིར་ཛ་དྲག་དང་ཉེན་ཁའི་རང་བཞིན་གྱི་གནད་དོན་མང་པོ་གཅིག་འཕྲོད་གཅིག་མཐུད་ཀྱིས་ཡོང་གིན་ཡོད་ལ། དེ་ལ་གདོང་ལེན་བྱ་མ་ཐུབ་པའི་དཀའ་ངལ་ནི་ཇེ་ཆེ་ཇེ་ལྕི་རེད།

    བཀའ་བརྒྱུད་ཚང་གིས་ད་ཆར་ཁོག་ཡུག་གི་གནད་དོན་ཐད་ལྟ་གྲུབ་དང་ལག་ལེན་གཉིས་ཐད་ནས་བོད་མིའི་སྤྱི་ཚོགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྤྱི་ཚོགས་ནང་དངོས་སུ་ལས་གཞི་སྤེལ་བཞིན་པ་ནི་ཁ་ཚ་དུས་གཏུགས་ཆགས་ཡོད་པ་རེད།

    ད་ནི་ཆོས་བརྒྱུད་གཞན་པ་རྣམས་ཀྱིས་ཀྱང་སྤྱི་ཚོགས་ཀྱི་དཀའ་རྙོག་ཆེན་པོའི་རིགས་ལ་འགན་ལེན་པའི་དུས་ལ་བབ་འདུག དགེ་ལུགས་པ་ཚང་གིས་ཚན་རིག་གི་ཐོག་ཤུགས་བརྒྱབས་ན་ལེགས་པར་འདོད། བོད་མི་རིགས་ལ་ཚན་རིག་པ་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པའི་ལོ་རྒྱུས་ཀྱི་ཤོག་ངོས་འདི་ཁ་སྐོང་དགོས་པ་རེད།

    རྙིང་མ་བ་ཚང་གིས་འཕྲོད་བསྟེན་གྱི་ཕྱོགས་ལ་ཤུགས་བརྒྱབས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་གྱི་གོ་རྟོགས་སྤེལ་བ་དང་། བོད་ལུགས་གསོ་བ་རིག་པ་ཙམ་དུ་མ་ཟད། ཕྱི་ལུགས་ཀྱི་གསོ་བ་རིག་པའི་ཐད་ནས་ལག་རྗེས་ཤིག་འཇོག་ཐུབ་ན་ཧ་ལས་པའི་ཡག་པོ་རེད།

    ས་སྐྱ་པ་ཚང་གིས་སྐད་ཡིག་སྲུང་སྐྱོབ་ཀྱི་ཕྱོགས་ལ་འགན་ཁུར་ཏེ། ས་སྐྱ་མཐོ་སློབ་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ་བོད་ཀྱི་རིག་གཞུང་གི་ཐོག་ལག་རྗེས་མི་དམན་པ་ཞིག་བཞག་ན་རེད།

    བོན་པོ་ཚང་གིས་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་དངོས་བརྟག་དཔྱད་རིག་པ་སོགས་ལ་ཆེད་དུ་སྦྱངས་ཏེ། མ་འོངས་པའི་མི་རབས་དག་ལ་རང་གི་མི་རིགས་དང་རྒྱལ་ཁབ། རིག་གཞུང་བཅས་ཀྱི་སྐོར་ནས་ཁུངས་གསལ་བོ་ཞིག་བཟོ་དགོས་པར་འདོད།

    ཇོ་ནང་ཚང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་ཀྱི་དབང་སྒྱུར་སོགས་ཀྱི་སྟེང་ཆེད་དུ་ཞིབ་འཇུག་དང་སློབ་གཉེར་བརྒྱུད། སྤྱི་ཚོགས་ཁྲོད་དངོས་སུ་གོ་རྟོགས་སྤེལ་བ་དང་། ལག་ལེན་ལ་འབེབས་ཐུབ་པ་ཞིག་བཟོས་ན་སྤྱི་ཚོགས་འདིའི་གཞི་རྩ་ཇེ་བརྟན་ལ་འགྲོ་གི་རེད།

    བཙུན་དགོན་ཚང་མས་མཉམ་རུབ་སྒོས་བུད་མེད་ཀྱི་ནུས་སྟོབས་ཡར་སྤེལ་དང་། ཨ་མ་དག་གི་གནས་བབ་ལ་ལྟ་རྟོག་བྱེད་པ། གཞོན་སྐྱེས་བུ་མོ་ཚོར་ལམ་སྟོན། དེ་བཞིན་ནད་གཡོག་མའི་སྐོར་ལ་ཆེད་སྦྱངས་བྱས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་ནུས་པ་གལ་ཆེན་ཞིག་འདོན་དགོས་པ་རེད།

    འདི་ལྟར་དགོན་པ་སོ་སོ་ནས་དངོས་སུ་གོམ་པ་སྤོས་པ་ཡིན་ན་བོད་མི་རིགས་འདི་སྐྱོབ་ཐུབ་རྒྱུ་རེད། མང་ཚོགས་ཀྱིས་ཀྱང་ཆོས་བྱེད་སྐྱེ་བུ་དམ་པ་དག་གི་བཀའ་དྲིན་ལ་བསྟེན་ནས་སོ་སོའི་ནུས་པ་འབུལ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese