མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp
 

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


གསུམ།


ཡོངས་གླིང་སློབ་གྲྭའི་ར་བསྐོར་ནང་དུ་སྐྱ་སེར་གཉིས་ཀ་མི་ཉུང་བ་ཞིག་སྔ་མོ་ནས་བློ་བཟང་དེར་མ་ཐོན་གོང་ནས་འབྱོར་འདུག་པ་མཐོང་མ་ཐག ངོ་ཚ་ཞོར་དུ་མགོ་རིལ་རིལ་ལ་ལག་པ་འཆིང་ཙམ་བྱེད་ཞོར་དུ། དེ་རུ་ཡོད་པའི་ཕྱི་གླིང་བ་ཕོ་གསར་མོ་གསར་མི་ཉུང་བ་ཞིག་ཡོད་པ་དེ་ནི་དང་བླང་དགེ་རྒན་དག་ཡིན་པ་ཁོ་རང་གིས་ཀྱང་ཚོད་དཔག་བྱས། བློ་བཟང་དེ་རུ་འབྱོར་ནས་སྐར་མ་ཁ་ཤས་ཀྱི་རྗེས་སུ། ཐོག་ཤོད་གཉིས་ཡོད་པ་དེ་ཡི་ནང་དུ་སློབ་མ་དག་རང་རང་གི་འདོད་ཕྱོགས་དང་བསྟུན་ནས་འགྲོ་བཞིན་ཡོད་པ་ལྟ་བུ་ཞིག་མཐོང་མ་ཐག ཁོ་རང་གིས་ཕོ་གསར་ཞིག་ལ། ང་རང་དེ་རིང་འཛིན་གྲྭ་ལ་གསར་དུ་ཡོང་བ་ཡིན་ན། གང་དུ་འགྲོ་དགོས་མིན་ཀྱང་མི་ཤེས་དུས། ང་རང་གང་དུ་སོང་བ་ཡིན་ན་འཚམ་པོ་ཡོད་པ་རེད་ཅེས་དྲིས་དུས། ཕོ་གསར་དེས་ཁྱེད་རང་གིས་ཨེ་སྤེས་སེ་སྒྲས་ཨེ་ཤེས་ཟེར་ནས་ཕྱིར་བློ་བཟང་ལ་དྲིས། བློ་བཟང་གིས་མགོ་འཕུར་ཞོར་དུ། དེ་ཚོ་ཤེས་ཀྱི་ཡོད། དེ་ན་ཤོད་མའི་ཁང་བ་ནང་དུ་འགྲོ་དགོས་ཟེར་ནས་འཛུབ་སྟོན་བྱས་ས་དེར་ཕྱིན།

འཛིན་གྲྭའི་ནང་དུ་ཕྱི་རྒྱལ་བ་ཕོ་མོ་གཉིས་ཀ་སྡོམ་པའི་དྲུག་བདུན་ཞིག་ཡོད་པ་དང་། སློབ་མ་བཅོ་ལྔ་ཉི་ཤུ་ཡོད་པ་རེད། བློ་བཟང་གིས་རང་གི་འབྲི་དེབ་བཟུང་དེ་ནག་པང་སྟེང་གི་ཡི་གེ་དེ་དག་ལ་བལྟས་དེ་བསྡད་ཡོད་པའི་སྐབས་དེར། ཕྱི་རྒྱལ་བ་ཕོ་གསར་ཞིག་ཁོ་རང་གིས་འཁྲིས་སུ་སླེབས་ནས། ཧ་ལོ། ངའི་མིང་ལ་མར་ཁུ་ཟེར། ཁྱེད་རང་གི་མིང་ལ་ག་རེ་ཡིན་ཟེར་ནས་དྲིས་དུས། ཁོ་རང་གིས་རང་གི་མིང་ཙམ་ཞིག་ཕྱིར་ངོ་སྤྲོད་ཅིག་བྱེད་ཐུབ་ཀྱི་ཡོད་པ་ཡིན་དུས། ངའི་མིང་ལ་བློ་བཟང་ཟེར་བ་ཡིན། ང་དེ་རིང་འདིར་གསར་དུ་ཡོང་བ་ཡིན་ཞེས་ལན་བཏབ་དུས། ཕོ་གསར་དེས་ཀྱང་ང་རང་ཡང་དེ་རིང་འདིར་གསར་དུ་དང་བླང་སློབ་ཁྲིད་བྱེད་དུ་ཡོང་བ་ཡིན།  ངས་ཁྱེད་རང་ལ་རོགས་པ་འདྲ་བྱེད་དགོས་ས་འདུག་གམ་ཟེར་ཞོར་དུ་བློ་བཟང་གིས་འཁྲིས་སུ་རྐུབ་ས་ལ་བཞག

སྐབས་དེར་བློ་བཟང་གི་ངོ་གདོང་དུ་རྔུལ་ཆུ་བཞུར་བ་ལྟ་བའི་ཚོར་སྣང་དང་བཅས་དེ། ལགས་སོ་ཐུགས་རྗེ་ཆེ། མིང་ཚིག་འདི་ལ་གང་ཟེར་བཞིན་ཡོད་པ་རེད། འདི་གང་རེད་སོགས་དྲིས་དེ་སྐད་ཆ་ཁ་ཤས་ཤིག་ཤེས་མིན་ལ་མ་བལྟས་པར་ངོ་ཚ་ཞོར་དུ་བོད་དབྱིན་བསྲེས་མ་དག་བཤད་དུས། ཁོ་རང་གི་འཁྲིས་ཀྱི་ཕོ་གསར་ཞིག་གིས་ཁོ་རང་ལ་རོགས་རམ་བྱེད་ཞོར་དུ་གོ་བརྡ་འཕྲོད་ཐབས་ཙམ་བྱུང་བ་རེད།

འཛིན་གྲྭའི་ནང་དུ་སློབ་མ་ཚོ་ནི་ཕྱོགས་བཞི་གང་ས་ནས་ཕེབས་པ་ཤ་སྟག་ཡིན་པ། བལྟས་ཚོད་ཀྱིས་གསལ་བོ་ཞིག་ཤེས་ཐུབ་ཀྱང་། ལོ་ན་ཡང་ཆུང་ཆུང་ཏག་ཏག་མ་ཡིན་པར་ཉི་ཤུ་ལས་བརྒལ་བ་རྐྱང་རྐྱང་ཡིན་པ་དང་། གྲྭ་བ་ཁ་ཤས་ཤིག་དང་བཙུན་མ་ཡང་གཅིག་གཉིས་ཤིག  དེ་མིན་ཚང་མ་ཕོ་གསར་མོ་གསར་རྐྱང་རྐྱང་ཡིན་པ་རེད། ཡིན་ཡང་། བློ་བཟང་གིས་དེ་དག་གི་ཁྲོད་ནས་མི་གཅིག་ཀྱང་སྔོན་ཆད་རིག་མྱོང་མེད་པ་ཡིན་དུས། དངོས་ནས་ཁོ་རང་གི་ཚོར་སྣང་ཞིག་ལ་ཁོ་རང་དངོས་ནས་སློབ་གྲྭ་ཞིག་གི་སློབ་མར་གྱུར་བ་ལྟ་བུ་ཞིག་བྱུང་བ་རེད།

འཛིན་གྲྭ་གྲོལ་རྗེས་ཐག་མི་རིང་བའི་སྐབས་དེ་འདྲ་ཞིག་ལ། བློ་བཟང་གི་འཁྲིས་ཀྱི་ཕོ་གསར་དེ་བརྒྱུད་དེ་སྐུ་ཞབས་མར་ཁུ་ལགས་ཀྱིས་ཁོ་རང་ལ་གསུངས་དོན་ནི། ཁྱེད་རང་ལ་དབྱིན་ཡིག་དགེ་རྒན་ཞིག་དགོས་པ་ཡིན་ན། ངས་ཁྱེད་རང་ལ་དང་བླང་དགོས་ཁྱེད་རང་བསྡོད་སར་ཡོང་ནས་བདུན་ཕྲག་གསུམ་རིང་དུ་ཁྲིད་ཆོག་ཟེར་གྱི་འདུག་ཟེར་བ་གོ་དུས། བློ་བཟང་གིས་སྐུ་ཞབས་མར་ཁུ་ལགས་ལ། ཐུགས་རྗེ་ཆེ་ལགས། ང་རང་བསྡོད་ས་གྲོགས་པོ་ཞིག་གི་ནང་དུ་ཡིན་དུས། སང་ཉིན་ངའི་གྲོགས་པོ་དེར་སྐད་ཆ་དྲིས་དུས་ཁོ་རང་གི་ནང་དུ་ཡོང་ན་འགྲིག་གི་ཡོད་ན། ང་རང་ལ་དགེ་རྒན་དགོས་ཀྱི་ཡོད་ལགས། སང་ཉིན་ཕྱི་དྲོ་འཛིན་གྲྭ་ནས་ཐུག་ཆོག་པ་བྱོས་ཟེར་ནས་ལན་སྤྲད།

བློ་བཟང་འཛིན་གྲྭ་གྲོལ་ནས་ནང་དུ་འགྲོ་བའི་ལམ་བར་དུ་གསར་དུ་བསླབས་པའི་མིང་ཚིག་ཁ་ཤས་ཤིག་མ་ཎི་འདོན་འདོན་བྱེད་ཞོར་དུ་སྟོད་པ་གྲོང་གསེབ་ཀྱི་གྲྭ་བ་དེའི་གཟིམ་ཤག་གི་སྒོ་དྲུང་བར་དུ་བློ་འཛིན་བྱས། མི་འདིས་ཨག་གསར་མིན་ན་ཡག་པོ་རེད་སྙམ་ཞོར། རང་གིས་རང་ལ་ཁོག་དགོད་ཞིག་ཤོར་ཞོར་དུ་སྒོ་ཕྱེ་ནས་ནང་དུ་འཛུལ་ཞོར་རང་གི་མ་འོངས་པ་བསམ་བཞིན་དབུགས་རིང་ཞིག་ཀྱང་ཤོར།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༡ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 15

  1. sha tak ri sim says:
    ལོ་ 17 སྔོན།

    ཅ་དྷིར་རར་སྨྱོན་པ་ལགས། སྐུ་ཉིད་དེ་རིང་བདག་གི་ཁྱིམ་དུ་སླེབས་པའི་སྤུན་ཟླ་གསར་བ་ཞིག་རེད། རྗེས་ཕྱོགས་ཀྱང་མུ་མཐུད་ཕེབས་པར་དགའ་བསུ་ཡོད་ལགས།

    འབུར་ཐོ་ལགས། སྐུ་ཉིད་དུས་རྒྱུན་དུ་ནས་ཕེབས་ཀྱིན་པ་དགའ་ནི་ཡིན། ཉིད་ཀྱིས་སྒྲུང་འབྲི་བར་འདོད་བློ་ཡོད་ཟེར་བ་དེ་ནི་དངོས་ནས་དགའ་བོ་བྱུང་། ང་རང་ཀློག་མཁན་ཐོག་མའི་གྲངས་དུ་ཡོང་ཁོ་ཐག་ཡིན་ལགས།

    Reply
  2. sherab says:
    ལོ་ 17 སྔོན།

    དགོངས་དག་མ་ཞུ་དགོས་མ་རེད། ང་ཚོ་་ཚང་མ་ནང་མི་རེད། འདི་དག་བཀླགས་དུས་ངོ་མ་སྐྱིད་པོ་བྱུང་བཀའ་དྲིན་ཆེ།

    Reply
  3. lha mo says:
    ལོ་ 17 སྔོན།

    དགོངས་དག་ཀྱང་ཡང་ནོར་འདུག

    Reply
  4. lha mo says:
    ལོ་ 17 སྔོན།

    དངོས་གནས་སྒྲུང་དེ་སྙན་པ་ལ་དཔེ་རེད། ང་ཆུང་དུས་ནས་སྒྲུང་ལ་དགའ་བོ་ཞེ་དྲག་ཡོད། མུ་མཐུད་ནས་ཀློག་གྱིན་ང་རང་གིས་ཡང་དེ་འདྲ་ཞིག་འབྲི་ཨེ་ཤེས་བལྟ་གི་ཡིན།

    Reply
  5. sherab says:
    ལོ་ 17 སྔོན།

    ལགས་སོ་ཐུགས་རྗེ་ཆེ་རྗེས་མཇལ་ཡོང་།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། སྐུ་ཉིད་ཀྱིས་བསམ་ཚུལ་ཚང་མ་བདག་གིས་ཀློག་ཟིན་པ་ཡིན། སྐབས་རེར་ནོར་འཁྲུལ་བྱེད་མཁན་གྱི་སྤུན་ཟླ་དག་མཐོང་ནས་འོང་དུས་རང་གི་ནོར་འཁྲུལ་གང་ན་ཡོད་མེད་ལ་ཐོག་མར་རྩར་གཅོད་བྱེད་འདོད་ཀྱི་བློ་ཞིག་བདག་ལ་འོང་བཞིན་ཡོད་ལགས། སྐུ་ཉིད་ཀྱིས་དེ་རིང་བསམ་ཚུལ་འདིས་སྤུན་ཟླ་མི་ཉུང་བ་ཞིག་ལ་རང་རང་གི་ནོར་འཁྲུལ་དག་ལ་ཕྱིར་དྲན་བྱེད་དགོས་པར་དྲན་སྐུལ་ཞུས་པ་ལྟ་བུ་ཞིག་དུ་མཐོང་སོང་ལགས།

    Reply
  7. Dre Sha Zen says:
    ལོ་ 17 སྔོན།

    བོད་ཤ་་ལགས་དེ་རིང་ང་སེམས་ཕམ་ཞིག་གིས་བཟི་འདུག
    ཁ་སྔོན་སྤྱི་འཐུས་ཚོའི་སྤྱོད་པ་དང་ཁ་སང་ལག་རྩེད་སྤོ་ལོ་འགྲན་བསྡུར་ཐ་མའི་ཉིན་བཅས་ནས་བཟོས་པ་ཞིག་ཡིན་ཐག་ཆོད།
    འདི་ལྟར་བཤད་འདོད་འདུག
    ད་ནས་བཟུང་སྤྱི་སེམས་དོར་ནས་རང་གི་དགའ་ས་དང་འཐུན་ས། ལུང་ཕྱོགས། ཆོས་རྒྱུད། ཆོལ་ཁ་སོགས་ལ་བསྟོད་པ་བྱོས།
    དེ་དག་གི་ནང་དུ་སྐྱོན་ཅི་ཙམ་ཡོད་པ་ཚང་མ་མུན་པ་ནང་དུ་གཡུག་སྐྱོང་བྱས་ནས།
    དྲང་བདེན་ཟེར་བ་དེ་རང་གི་འདོད་ཕྱོགས་དང་ཨེ་མཐུན་བལྟོས།
    ཕྱོགས་རེས་དང་འཐེན་ཁྱེར་རིགས་ངོན་ལྐོག་གང་རུང་གི་སྒོ་ནས་མི་རིགས་ནང་ཁུལ་དུ་ཕར་ལ་འབུར་འཇོམ་ དམད་ར་ཐོངས།
    མདོར་བསྡུས་ན་ཁྱེད་རང་ལ་མཚོན་ན་སྨྱུག་ཐོག་པ་ཞིག་ཡིན་པ་ཤེས་ནས།
    སྨྱུ་གུ་འཛིན་དུས་དང་། བཙན་བྱོལ་ནང་ལས་ཀ་གང་བྱས་ན།
    ཁྱེད་རང་རྨ་བྱ་ཨ་ན་མ་ན་ཞིག་བྱོས་དང་།
    ད་གཟོད་ཁྱེད་འབུར་དུ་ཐོན་ནས་ཕན་མེད་གནོད་མེད་ཀྱི་རང་ཉིད་སྐྱིད་སྣང་གི་འཚོ་བ་ཞིག་རོལ་ཐུབ།
    ད་དུང་དེ་ལྟར་བྱས་ན་ཁྱེད་ལ་འཛུམ་མདངས་དང་བཅས་སོ་ཕྲ་ཕྲ་ནམ་ཡང་མཐོང་ཡོང་བ་གདོན་མི་གཟའ།

    Reply
  8. Dre Sha Zen says:
    ལོ་ 17 སྔོན།

    ཨ་ལེ་སྒྲུང་སྙན་མོ་ཞེ་དྲག་འདུག་ག
    དེ་འདྲ་དངོས་ཡོད་རྩོམ་སྒྲུང་བཀླག་དུས་རང་ཉིད་ནི་འཇིག་རྟེན་གསར་བ་ཞིག་ཏུ་ལྷུང་སོང་བའི་སྣང་བ་གཏེར་གྱི་འདུག

    Reply
  9. sha tak ri sim says:
    ལོ་ 17 སྔོན།

    ཟ་ལེ་རྒྱལ་ལགས། དེང་སང་ཕྱི་རྒྱལ་བ་མགོ་སེར་དེ་ཚོ་ཟེར་ནས་བསྡིག་པ་ལས། རང་གི་ཉེ་ཁོར་གྱི་སྤུན་ཟླ་དག་རང་གིས་འཕྲོ་བརླག་དུ་གཏོང་བཞིན་ཡོད་པ་དེ་དག་ལ་ཁ་བརྡ་སློབ་གསོ་རེ་གཏོང་རོགས་ཞུ།

    སྐར་ཁྲི་བཙན་ལགས། ང་རང་གིས་སྤུན་ཟླ་སུ་ཞིག་གི་རྗེས་སུ་རྒྱུགས་ཐུབ་མིན་དེ་ནི་མི་གཙོ་བར་སྤུན་ཟླ་བློ་བཟང་གི་མ་འོངས་པའི་བསྐོར་ལ་སེམས་འཁྲལ་ཆེ་སྟབས། སྐུ་ཉིད་ལ་དེའི་ཐད་དུ་ཚོར་བ་ཅུང་ཡོད་ས་མ་རེད།

    གཅན་བཟོད་རྒྱམ་ལགས། ཉིད་ཀྱིས་ལྷག་བསམ་དེར་དགའ་ནི་ཡིན། ཡིན་ཡང་། དེང་སང་བློ་བཟང་གང་དུ་ཡོད་མེད་དེ་ནི་རྗེས་སུ་ག་ལེར་ཤེས་ངེས་ཡིན། དངོས་ནས་སྡུག་ལ་ཐུག་ན་ཁྱེད་རང་བཙལ་དུ་ཡོང་རུ་འཇུག ཁྱེད་རང་ནི་བློ་བཟང་གི་གྲོགས་པོ་བཟོད་རྒྱམ་དང་འདྲ་བོ་འདུག སྐད་ཆ་བཤད་ཕྱོགས་དང་རང་ལ་ཡོད་པ་གཞན་ལ་སྤྱིན་འདོད་སོགས་ལ་ལྟོས་དུས།

    འབའ་པ་སྐལ་བཟང་འཕྲིན་ལས་ལགས། ཉིད་ཀྱིས་བདག་ལ་གདེང་འཇོག་བྱེད་རྒྱུ་སྔ་དྲགས་པ་རེད་ལགས། ང་ནི་དངོས་ནས་གང་ཡང་མ་རེད་ལགས། དྲ་ངོས་འདི་རུ་སྤུན་ཟླ་དངོས་ནས་སྒྲུང་རྩོམ་འབྲི་མཁན་བྱང་ཆ་ཡོད་མཁན་མི་ཉུང་བ་ཞིག་ཡོད་པ་རེད་ལགས།

    ཟླ་བ་གཞོན་ནུའི་སེམས་འཁུར་བྱེད་སྟངས་དེ་ནི་དངོས་ནས་འགྲིག་གི་འདུག་ལགས། སྒྲུང་རྩོམ་ཀློག་པ་པོ་ཞིག་གིས་ལྟ་སྟངས་རེད་འདུག་ལགས།

    འདྲེ་ཤིག་གསོན་པོ་ལགས། སྐུ་ཉིད་ཀྱིས་གསུངས་པ་དེ་བདེན་པ་ལོས་ཡིན། འོན་ཀྱང་། གྲྭ་ས་ནས་གསར་དུ་འབྱོར་བའི་གྲྭ་བ་ངོ་ཚ་སྨིན་པོ་བློ་བཟང་ལྟ་བུ་ཞིག་ལ་མཚོན་ན་ངོ་ཚ་བ་གཅིག་བུ་མ་ཡིན་པར་རང་ཉིད་སྤྱི་ཚོགས་རྒྱུས་མངའ་མེད་པ་ཞིག་ལ་གསར་དུ་ཞུགས་སྟབས་རེད་ཟེར་ན་ཆོག་གི་ཡོད་པ་རེད་སྙམ་ལགས།

    Reply
  10. wanderer1958 says:
    ལོ་ 17 སྔོན།

    མོ་གསར་ཕོ་གསར་ཚོའང་དེ་འདྲའི་དབྱིན་སྐད་ལ་བྱང་ཆ་ལྡན་པ་ཞིག་ཡིན་ནི་མ་རེད། དེར་བརྟེན་བློ་བཟང་ལ་ངོ་ཚ་དགོས་དོན་དང་གདོང་རྔུལ་ཆུས་གང་དགོས་དོན་མི་འདུག་ཅེས་བརྗོད་རོགས་ལོ།

    Reply
  11. daniel says:
    ལོ་ 17 སྔོན།

    བློ་བཟང་གི་མ་འོངས་པ་ཅི་འདྲ་ཞིག་ཆགས་སྲིད་དམ། ཤེས་རྒྱུར་རྔམས་ནས་ཡོད།

    Reply
  12. kalsang says:
    ལོ་ 17 སྔོན།

    སྒྲུང་གཏམ་གྱི་དགག་སྒྲུབ་ཟེར་བ་ཁྱེད་ཀྱིས་ད་རིང་སྲོལ་གཏོན་འདུག ངོ་མ་ཡག་པོ་འདུག

    Reply
  13. chentsasopa says:
    ལོ་ 17 སྔོན།

    ཨ་རོད། བློ་བཟང་ཟེར་བ་དེ་འདུག་ས་སྟོད་པ་གྲོང་ཟེར་བ་དེར་ཡོད་རབས་འདུག་ན་ང་དང་ཁད་ཉེ་བོ་རེད་འདུག ང་འདུག་ས་སྐྱིད་རུང་གྲོང་ན་ཡོད། མཆན་གོང་མར་བཤད་ཟིན་ལྟར་བློ་བཟང་ལ་དཀའ་ངན་འདྲ་ཡོད་ན་ངའི་རྩར་སོང་ལབ་ཤོག ད་ཞོགས་ཟས་ཟ་རུ་འགྲོ་རྒྱུ། བདེ་མོ་བྱོས། ཧ་ཧ་ཧ ཨོ་རེད། དབྱིན་ཡིག་འཁྲིད་མཁན་ཕོ་མོ་དབྱེ་བ་མེད་ན་ངས་ཐེབས་ཆགས་ཤིག་འཁྲིད་ཐུབ་སྙམ། དབྱིན་མོ་མགོ་སེར་ཞིག་དགོས་ཟེར་ན་ང་ལ་མ་རག་གོང་ཁོ་ལ་ངོ་སྤྲོད་བྱེད་ནི་མ་རེད། འདི་ང་ཡང་ཟ་ལེ་རྒྱ་རྒྱ་བཙོག་ཅིག་ཡིན་པས་རེད། དེ་ཀ་ཡིན།

    Reply
  14. Baichung says:
    ལོ་ 17 སྔོན།

    ཉི་མ་མཚོས་ཟ་ལེ་རྒྱལ་གྱི་རྗེས་ཆོད་ནས་མི་ཚད་སྔོན་ལ་བུད་ཚར་ཡོད་རེད། དྲ་གྲོགས་བཟང་བོ་ཤ་ཁྲག་རུས་གསུམ་ད་དུང་ཉི་མ་མཚོའི་རྗེས་ཟིན་མི་འདུག མགྱོག་ཡ

    Reply
  15. salygyal says:
    ལོ་ 17 སྔོན།

    ཨ་རོགས། མགོ་སེར་ཚོ་ཕོ་མོ་གང་ཡིན་ཡང་སེམས་ཆུང་བྱོས། ང་ལ་དེ་གཉིས་ཀའི་ཕྱོགས་ནས་ཉམས་མྱོང་ཡོད་ཡ། དང་པོ་ཚོད་ལ་བལྟས་ན་སྐྱིད་པོ་ཡོད། རང་ལ་གསང་བ་མང་བོ་མཐོང་རྒྱུ་ཡོད་མོད། མཐའ་མ་དེར་ངས་རྩེད་མོ་རྩེད་ཡིན་ཞེས་བཤད་རྒྱུ་དེ་ཁག་པོ་ཡིན་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese