མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་བརྐོས་རི་མོ་གསར་རྙེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༧ ཉིན་ནས་བཟུང་ལྷ་ས་རིག་དངོས་ཞིབ་བཤེར་ཚོགས་ཆུང་གིས་འདམ་གཞུང་རྫོང་དུ་ཞིབ་བཤེར་བྱས་ཏེ། འདམ་གཞུང་གནམ་མཚོ་ཞང་བཀྲ་ཤིས་གླིང་ཕྲན་སྟེང་ནས་རིག་དངོས་ས་ཚིགས་ ༤༢ ཙམ་ངོས་ཟིན་དང་། བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་རི་མོ་ ༢༠ ལྷག་གསར་རྙེད་བྱུང་ཡོད་འདུག

དེ་རིང་སྔ་དྲོ་བོད་ལྗོངས་ཆ་འཕྲིན་སོགས་སུ་བཀོད་པའི་གནས་ཚུལ་ལྟར་ན།  ད་ལོའི་ཟླ་༩ཚེས་༧ཉིན། ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ཚོགས་ཆུང་གིས་འདམ་གཞུང་རྫོང་དུ་རིག་དངོས་ཞིབ་བཤེར་བྱེད་འགོ་བརྩམས་ཤིང་། ཞིབ་བཤེར་བྱེད་ཡུལ་གྱི་རྒྱ་ཁྱོན་ལ་རྫོང་ཁོངས་ཀྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༢༠༠༠ ཙམ་གྱི་ཁྱོན་ཟིན་ཡོད་པ་རེད། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་གྱི་བར། ཐེངས་འདིའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲོད་དུ་ཁྱོན་སྡོམ་སྒུལ་མི་ཆོག་པའི་རིག་དངོས་ས་ཚིགས་ ༦༠ ལ་ཞིབ་བཤེར་བྱས་ཤིང་། དེའི་ཁྲོད་ཞིབ་བཤེར་ཐེངས་གཉིས་བྱས་པའི་རིག་དངོས་ས་ཚིགས་ ༡༨ དང་། གསར་དུ་རྙེད་པའི་རིག་དངོས་ས་ཚིགས་ ༤༢ ཡོད་པ་རེད།

ཐེངས་འདིའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་ཁྲོད་དུ། ལས་ཀ་བས་འདམ་གཞུང་རྫོང་གནམ་མཚོ་ཞང་བཀྲ་ཤིས་གླིང་ཕྲན་སྟེང་གི་སྔར་རྙེད་ཟིན་པའི་བྲག་བརྐོས་རི་མོའི་འགྲམ་ནས་ཡང་བསྐྱར་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་རི་མོ་ ༢༠ ལྷག་རྙེད་ཡོད་ལ། རི་མོའི་ནང་དོན་ལ་རྟ་ནོར་ལུག་གསུམ་དང་། རྟ་བ། དམག་མི།  མོ་བ། ལྗོན་ཤིང་། ཉི་མ། དར་ལྩོག མདའ། གཡུང་དྲུང་སོགས་ཚུད་ཡོད། དེ་དག་གིས་རི་དྭགས་རྔོན་ཚུལ་དང་། ཕྱུགས་འཚོ་ཚུལ། གཡུལ་འགྱེད་ཚུལ་སོགས་ཀྱི་སྣང་ཚུལ་མཚོན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ཚོ་ཆུང་གི་འགན་ཁུར་བས་ངོ་སྤྲོད་གནང་བ་ལྟར་ན། དེ་སྔོན་རྙེད་པའི་བཀྲ་ཤིས་གླིང་ཕྲན་གྱི་བྲག་བརྐོས་རི་མོ་ནི་འདམ་གཞུང་རྫོང་གནམ་མཚོ་ཞང་གི་ཤར་འགྲམ་དུ་ཡོད་ཅིང་།  དེ་དག་ནི་ཡི་གེ་མ་བྱུང་བའི་གོང་གི་དུས་ནས་བོད་བཙན་པོའི་སྐབས་བར་བྲིས་པ་ཡིན་ལ། དེ་རྙེད་པ་ཡིས་བོད་ལྗོངས་སུ་དེ་སྔོན་གནའ་རབས་ཀྱི་བྲག་བརྐོས་རི་མོ་རྙེད་མེད་པའི་སྟོང་ཆའི་ཁ་བསྐངས་པ་དང་། རང་རྒྱལ་གྱི་བྲག་བརྐོས་རི་མོའི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ད་འདི་ལྟར་གནའ་ཤུལ་སྔོག་འདོན་གྱིས་བོད་ཀྱི་ལོ་རྒྱུ་ལ་ལྟ་སྟངས་གཞན་ཞིག་ལ་སྒྱུར་རྒྱུའི་ཉེན་ཁ་འདུག དེ་དུས་མཁས་པ་སྔ་མ་ཚོས་བརྩམས་ཆོས་ཀྱི་རིན་ཐང་ཡང་ལྷང་ལ་བུད་ཡོང་གི་རེད།

    Reply
  2. བདེ་བ་ཅན། says:
    ལོ་ 17 སྔོན།

    ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རིག་དངོས་དེ་དག་ལས་ང་ཚོའི་མི་རིགས་ལ་ཁྱད་དུ་འཕགས་པའི་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པ་མཚོན་ཐུབ་ཅིང་། དེ་དག་ལས་ང་ཚོའི་མི་རིགས་ནི་སྤྱིར་བཏང་གི་མི་རིགས་ཤིག་མིན་པའི་སྤོབས་པ་བྱིན་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese