མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


དྲུག


བློ་བཟང་གིས་རྒྱ་གར་རྒྱལ་ས་ལྡི་ལུ་མ་ཅང་ཀྲེ་ལ་བོད་པའི་གཞིས་ཆགས་ཡོད་སའི་འགྲམ་གྱི་ཕོ་ཙ་སྤ་རྫར་ཟེར་ས་དེ་ནས་སྔོ་ཚལ་ཞིག་ཉོ་བཞིན་པའི་སྐབས་སུ། ཨ་རོགས་བློ་བཟང་ཁྱེད་རང་ལྡི་ལུ་ལ་ག་དུས་འབྱོར་བ་ཡིན་ཟེར་ནས་མི་ཞིག་གིས་འཚམ་འདྲི་བྱེད་བཞིན་པ་ཐོས་ནས། བློ་བཟང་གིས་ཁ་ཕྱིར་འཁོར་ནས་བལྟས་དུས། མི་དེ་ནི་རང་གི་ངོ་ཤེས་ཤིག་ཡིན་པ་མཐོང་མ་ཐག ལྷད་མེད་པའི་འཛུམ་མདངས་བཅས་དེ། ང་འདིར་སླེབས་ནས་ཟླ་བ་གཅིག་ལྷག་ཞིག་ཕྱིན་སོང་།

ངོ་ཤེས་དེས། ཁྱེད་རང་གི་ལྡི་ལུ་ནས་ག་རེ་བྱེད་ཀྱི་ཡོད། ངས་གོ་ཐོས་སུ་ཁྱེད་རང་གིས་རྡ་སར་དབྱིན་ཡིག་སྤྱོང་དེ་བསྡད་འདུག་ཟེར་བ་ཞིག་གོ་སོང་། བློ་བཟང་གིས། རེད། ཟླ་གཅིག་ལྷག་གི་གོང་དུ་ང་རང་རྡ་སར་སོང་དེ་དབྱིན་ཡིག་ཕྲན་པུ་ཞིག་སྤྱོང་ཁུལ་བྱས་པ་ཡིན་མོད། མུ་མཐུད་དུ་སློབ་སྤྱོང་བྱས་དེ་འདུག་རྒྱུར་འཚོ་བའི་ཐད་དུ་དཀའ་ངལ་ཕྲན་པུ་ཞིག་ཡོད་སྟབས། གྲྭ་བ་ངོ་ཤེས་ཤིག་ལ་རྡ་སའི་གཡས་གཡོན་དེ་ནས་ལས་ཀ་རེ་ཨེ་རེག་ཐབས་ཤེས་བྱེད་དུ་བཅུགས་ན་ཡང་། རྡ་ས་ནས་ལས་ཀ་མ་རེག་པར་འདི་ན་ཟླ་གསུམ་རིང་དུ་ལས་ཀ་ཞིག་འདུག་པ་དང་། ཡར་མར་གྱི་རླངས་འཁོར་གླ་ཆ་དང་ཟས་སོང་། བསྡོད་གནས་སོགས་འཕུད་པའི་ཟླ་རེ་ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་སྤྲོད་པ་ཐོས་ནས་འདི་རུ་ཡོང་བ་ཡིན།

ངོ་ཤེས་དེས། ཡ་ཡ་ དེས་ན་བཟང་གི ལྡི་ལུ་ནས་ལས་ཀ་གང་དུ་བྱེད་ཀྱི་ཡོད་ཅེས་སླར་ཡང་དྲིས་དུས། བློ་བཟང་གིས། ལྡི་ལུ་ནས་ལ་ལི་ཀེ་ལ་འགྲམ་གྱི་བོད་མིའི་དགུན་ཚོང་ཁྲོམ་ས་དེས་ན་ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་ཅེས་བཤད།

ངོ་ཤེས་དེས། བློ་བཟང་ལ་ཁ་ཡག་མི་ཉུང་བ་ཞིག་བཤད་དེ་སོང་ཤུལ་དུ། བློ་བཟང་གིས་སྔོ་ཚལ་དག་འཁུར་ནས་སྤྱིན་བདག་གི་ཁང་བ་ཡོད་སའི་མ་ཅང་ཀྲེ་ལ་བོད་མིའི་གཞིས་གྲོང་ནང་དུ་ཁ་ཕྱོགས།

ལས་ཀ་བྱེད་ས་རུ་ཕོ་གསར་གཞན་ཞིག་ཀྱང་བློ་བཟང་ཁོ་རང་དེ་རུ་མ་སླེབས་སྔོན་ཏུ་སླེབས་ཡོད་པ་དང་། ཕོ་གསར་དེའི་མིང་ལ་ཀུན་བཟང་ཟེར་བ་དང་མི་སྣང་བ་སྐྱིད་པོ་ཞིག་ཡིན་སྟབས། ལས་གསེང་དུ་བློ་བཟང་ཁོ་གཉིས་ཀྱིས་ཁྲོམ་སའི་ནང་གི་བུད་མེད་སུ་ཡག་སོགས་གླེང་དེ་ལས་ཀ་བྱེད་ཀྱི་ཡོད། བློ་བཟང་གིས་མང་ཤོས་ཁ་ལག་བཟོ་བཞིན་མེད་པར་ཁ་ལག་དག་ཕར་ཁྲོམ་སའི་ནང་དུ་བསྐྱེལ་བཞིན་ཡོད། མཚམས་རེར་ཁོ་རང་དངོས་ནས་བུད་མེད་ཁ་ཤས་ཀྱིས་བྱེད་སྟངས་ཀྱིས་ངོ་ཚ་རུ་འཇུག་གི་ཡོད།

བློ་བཟང་གིས་ཉིན་གོང་རྒྱབ་དུ་ལས་ཀ་ཞེ་དྲག་མེད་ལ། ཟ་མ་ཟ་མཁན་ཡང་མང་བོ་མེད་པའི་དུས་ཚོད་སྐབས་སུ་ཉིན་ཐོ་རེ་ཡོད་པ་དེ་ནི། རྒྱུན་དུ་ཟ་ཁང་དེར་ཡོང་མཁན་གྱི་རྒད་པོ་ལོ་ལྔ་བཅུ་ལ་སོན་པ་ཞིག་གིས་རྒྱུན་དུ་མཐོང་སྟབས། རྒད་པོ་དེས་ཉིན་ཞིག་བློ་བཟང་ལ་་ཁྱེད་རང་སྔོན་ཆད་གང་དུ་བསྡད་པ་ཡིན། ལས་ཀ་བྱེད་ས་འདི་ནི་ཁྱེད་རང་གི་སྤུན་མཆེད་འདྲ་ཡིན་ནམ་ཟེར་ནས་དྲིས།

བློ་བཟང་གིས་རང་ཉིད་ཀྱི་འདས་པ་དང་ད་ལྟའི་བར་གྱི་ལོ་རྒྱུས་ཆ་ཚང་ཞིག་ཞུས་དུས། རྒད་པོ་དེས་བློ་འཚབ་དང་བཅས་དེ། བློ་བཟང་ལ་འདི་ལྟར་གསུངས། ཁྱེད་རང་ལྟ་བུའི་བུ་ཡག་པོ། བོད་ཡིག་ཤེས་མཁན། དངོས་ནས་ལས་ཀ་དེ་འདྲ་བྱས་དེ་བསྡད་ན་དངོས་ནས་སེམས་འཕོང་བོ་རེད། དེ་ལས་ཕྱིར་གྲྭ་སར་སོང་དེ། གྲྭ་བ་བྱས་དེ་བསྡད་ན་ཡག་པོ་ཡོད་པ་རེད། ཁྱེད་རང་ལ་བལྟས་དེ་བསྡད་ན་ང་དངོས་ནས་སེམས་པ་སྐྱོ་ཡི་འདུག ང་རང་གི་བུ་དང་བུ་མོ་ཚོས་བོད་ཡིག་ཡག་པོ་ཞིག་ཤེས་རྒྱུ་ཕར་ཞོག བོད་སྐད་ཡག་པོ་ཞིག་ཀྱང་བཤད་ཐུབ་ཀྱི་ཡོད་པ་མ་རེད་ཅེས་རྡེ་ར་སྒྲོང་ནས་ཡིན་པའི་རྒད་པོ་ཁོང་གིས་སེམས་ནང་གི་སྙིང་གཏམ་ཡོད་ཚད་བློ་བཟང་ལ་གསུངས།

བློ་བཟང་གིས་གུས་ཉམས་དང་བཅས་དེ། རང་གིས་བོད་ལ་བཅིངས་པའི་ཞེན་པ་དང་། ཕ་མ་དག་གིས་བུ་ལ་འགན་ལེན་བྱེད་སྟངས་སོགས། རང་ཉིད་ཀྱི་གང་ཤེས་པ་ཞིག་རྒད་པོ་དེ་ལ་སྤ་གསང་མེད་པར་ཞུས།

རྒད་པོ་དེས་ཀྱང་རང་གི་བུ་ཕྲུག་དག་ལ་འགན་མ་ཐེགས་པའི་ནག་ཉེས་དེ་དག་ལ་ཁས་ལེན་བྱས་པ་མ་ཟད། བློ་བཟང་ལ་འདི་ལྟར་གསུངས། ང་རྒད་པོ་ལོ་རྒན་ལྔ་བཅུའི་ནང་དུ་ཡོད་པ་རེད། ད་ལྟའི་བར་དུ་ལོ་ཚད་ཁྱེད་རང་འདྲ་བའི་གྲངས་དུ་བོད་ནས་ཡོང་མཁན་གྱི་མི་ཞིག་ལ་བསམ་བློ་འདི་འདྲ་ཡོད་མཁན་ཞིག་ཡོད་རྒྱུ་རེད་ནམ་ཡང་བློ་ཡིད་དུའང་དྲན་མྱོང་མེད་པ་ཞིག་ཡིན། འདི་ནི་རང་གིས་རྗེས་སུ་འབྱོར་བའི་བོད་རིགས་གཞོན་སྐྱེས་ཁྱེད་ཅག་དང་འདྲ་བ་དག་ལ་ལྟ་སྟངས་ནོར་བ་དེ། གཞི་ནས་དེ་རིང་ཁྱེད་རང་དང་ལྷན་དུ་སྐད་ཆ་བཤད་དེ་ཤེས་སོང་གསུངས་དེ། བློ་བཟང་ལ་བསྟོད་བསྔགས་ཧ་ལས་པ་ཞིག་བྱས།

དེ་དུས་བློ་བཟང་ཅུང་ཙམ་ངོ་ཚ་བ་དང་དོག་མི་བདེ་བའི་ངང་དུ། རང་ཉིད་ནི་དངོས་ནས་དྲང་གནས་ཀྱི་ཤེས་ཡོན་སོགས་གང་ཡང་མེད་མཁན་ཞིག་ཡིན་པ་དང་། བོད་ཡིག་གི་རང་གི་མིང་ཙམ་འབྲི་ཤེས་པ་ལས་གང་ཡང་མིན་པ་རེད། འོན་ཀྱང་། བོད་ནས་གསར་དུ་འབྱོར་མཁན་གྱི་གྲངས་དུ་བོད་ཡིག་ཤེས་མཁན་དང་ཤེས་ཡོན་པ་དངོས་གནས་དྲང་གནས་ཀྱི་ཡོད་པ་དང་བོད་ཡིག་ལ་བྱང་ཆུབ་པ་མི་ཉུང་བ་ཞིག་ཡོད་པ་སོགས་ཁོང་ལ་ཞུས།

ལས་རོགས་ཀུན་བཟང་གིས་ལས་ཀ་གྲོལ་ནས་ཁོ་གཉིས་ཀྱིས་སྣོད་ཆོས་གཙང་མ་བཟོས་ཚར་རྗེས་སུ། བློ་བཟང་ལ་དོ་ནུབ་ང་རང་བྱང་ཁང་དུ་འགྲོ་རྒྱུ་ཡིན། ཁྱེད་རང་ཨེ་འགྲོ་ཟེར་ནས་དྲིས།

བློ་བཟང་གིས་ང་མི་འགྲོ ཁྱེད་རང་སོང་། ངས་འདི་ནས་ཟ་ཁང་སྲུང་དེ་འདུག་མ་གཏོགས་ནང་གི་ཅ་ལག་རྐུན་ལ་ཤོར་ན་སང་ཉིན་སྤྱིན་བདག་གང་ཞིག་བཤད་ཟེར་ནས་བཤད།

ལས་རོགས་ཀུན་བཟང་གིས་ཟ་ཁང་སྲུང་དགོས་ཀྱི་མ་རེད། ར་བསྐོར་ཕྱི་ལོག་དུ་གཉེན་རྟོགས་པ་ཅ་ལག་ལ་ལྟ་མཁན་ཡོད་པ་རེད། དེ་ལ་སེམས་འཁྲལ་བྱེད་དགོས་ཀྱི་ཡོད་མ་རེད། དེ་ལས་སྐུ་མཁྱེན་ང་རང་ལ་འགྲོ་རོགས་བྱོས་ཟེར་ནས་ཨུ་ཚུགས་བརྒྱབས་པའི་ངོ་མ་ལྡོག་པར་ཁོ་གཉིས་ར་བསྐོར་ལས་ཕྱི་རུ་འབུད་ནས་རྐང་གསུམ་འཁོར་ལོ་ཞིག་གི་ནང་དུ་བསྡད་དེ། ཨང་གྲངས་དྲུག་བཅུའི་རེ་བཞིའི་སྲང་ལམ་དུ་འགྲོ་རོགས་ཟེར་ནས་ཀུན་བཟང་གིས་རྒྱ་གར་བ་དེ་ལ་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 8

  1. sha tak ri sim says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་ལགས། མི་བསམ་ཤེས་ཤིག་གིས་བློ་བཟང་ལ་དེ་ལྟར་བལྟས་པ་དེ་ནི་བློ་བཟང་ཁོ་རང་མི་ངོ་མས་གོ་ན་སེམས་པ་སྐྱོ་རྒྱུ་རེད་ལགས།

    བསྟན་འཛིན་ཚེ་འཚོ་ལགས། དངོས་ནས་བཤད་ན་ང་རང་དེ་ནི་དེ་འདྲའི་སྒྲུང་རྩོམ་ཐད་དུ་འདི་འདྲ་འབྲི་དགོས་པ་རེད་ཟེར་ནས་སྐུ་ཉིད་ལ་ལམ་སྟོན་བྱེད་རྒྱུ་དེ་འདྲ་ཞིག་གཏན་ནས་མེད། རྒྱུ་མཚན་ནི་ང་རང་དེ་འདྲའི་སྒྲུང་རྩོམ་ལ་མཁས་པའི་སྒྲུང་རྩོམ་པ་པོ་དེ་འདྲ་ཞིག་མིན་པས་ཡིན། ངས་འདི་ནས་འབྲི་བཞིན་པ་ནི་གྲོགས་པོ་བློ་བཟང་གི་ཚབ་དུ་ཁོ་རང་གི་ལོ་རྒྱུས་ཤིག་ཡིག་ཐོག་ལ་འབྲི་བཞིན་པ་ཙམ་ཡིན་ལགས། དེ་ཡང་ཡིག་སྐྱོན་དང་འབྲི་སྟངས་མགོ་གཞུག་ནོར་བ་སོགས་མང་བོ་ཞིག་ཡོད་སྲིད་ངེས་ཡིན་པས་སྐུ་ཉིད་ཀྱིས་སྒྲུང་རྩོམ་འབྲི་བའི་མགོ་བརྩམས་པ་དེ་ནི་དངོས་ནས་དགའ་འོས་པའི་དོན་དག་ཞིག་རེད། དེ་མིན་ང་རང་ལ་དངོས་ནས་སྐུ་ཉིད་ལ་འདི་ལྟར་བྱེད་དགོས་པ་རེད་ཟེར་བ་སོགས་ཞུ་རྒྱུ་མེད་པ་དེར་དགོངས་དག་ཞུ།

    བསེ་རུ་ལགས། སྐུ་ཉིད་ཀྱིས་མཇུག་སྡོམ་ཞིག་རྒྱག་འདོད་བྱེད་ཀྱི་ཡོད་པ་འདྲ། དངོས་ནས་བཤད་ན་བློ་བཟང་འདི་ལ་ཡིད་ཆེས་བྱེད་མི་ཐུབ་ཀྱང་། ག་ལེར་གཟིགས་རོགས། བློ་བཟང་ཁོ་རང་གིས་མི་གཤིས་རྣལ་མ་ཞིག་འཁུར་ནས་འགྲོ་བཞིན་འདུག

    Reply
  2. samkhar says:
    ལོ་ 14 སྔོན།

    ད་ཡིན་ན་དངོས་སྒྲུང་འདི་མཐའ་མའི་མཇུག་སྡོམ་རྒྱག་དུས་ཀློག་པ་པོར་ཚོར་ལག་ཏུ་ལེན་རྒྱུ་ཡོད་པའི་རྔན་པ་གང་ཞིག་སྟེར་རྩིས་ཡོད་དམ།།

    Reply
  3. Tentsetso says:
    ལོ་ 14 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ངས་ཉིད་ཀྱི་དངོས་སྒྲུང་དེ་རྣམས་གློག་དཔར་བརྒྱབ་ནས་ད་ལྟ་རང་ཉིད་ཀྱིས་དེ་ལྟ་བུ་ཞིག་འབྲི་ཐུབ་མིན་སྟ་གོན་བྱེད་བཞིན་ཡོད། ཉིད་ཀྱིས་ཤོད་དང་གང་འདྲ་ཞིག་བྱས་ན་གཞི་ནས་སྒྲུང་ཞིག་འབྲི་ཐུབ་བམ།

    Reply
  4. chentsasopa says:
    ལོ་ 14 སྔོན།

    རེད་རེད། ཨང་གྲངས་རེ་བཞི་ཅན་དེའི་ནང་ནས་བློ་བཟང་གི་སྡོམ་པ་ཤོར་རྒྱུ་རེད། དེ་རེད་ལ། ངས་རགས་ཙམ་བཀླགས་ཟིན་པ་ཡིན།

    Reply
  5. sha tak ri sim says:
    ལོ་ 14 སྔོན།

    ཁ་བ་དཀར་པོ་ལགས། དངོས་ནས་བཙོག་བཤད་བྱས་ཐལ། བློ་བཟང་གིས་གོ་ན་ངོ་ཚ་ས་རེད།

    ལྷ་ཆབ་ལགས། ཉིད་ཀྱིས་རེ་སྐུལ་ཡིད་དུ་དམ་པོར་བཟུང་དེ་ཤུ་རེ་བྱེད་ངེས་ཡིན། ཡག་ཉེས་ལ་མ་བལྟས་པར་བློ་བཟང་གི་གཏམ་རྒྱུད་མུ་མཐུད་དུ་ཡོང་ངེས་ཡིན་ལགས།

    Reply
  6. lhachapjinpa says:
    ལོ་ 14 སྔོན།

    ཨ་རོགས།ད་ཁྱོད་ཀྱི་སྒྲུང་འདིའི་རྔ་མ་འཁྱོག་གི་ཡོད་ནི་མིན་ནམ།ཕལ་ཆེར་མཇུག་བསྡུ་ཡི་ཡོད་པ་འདྲ།གང་ལྟར་སྡོམ་མང་བོ་ཞིག་བརྒྱབ་འོང་གི་འདུག་་གང་ལྟར་ཚན་པ་དྲུག་བྲིས་པའི་མཇུག་ནས་ངེས་པར་དུ་རྔ་མ་ཕུད་དགོས་པ་རེད།

    Reply
  7. Baichung says:
    ལོ་ 14 སྔོན།

    བླ་བསང་དེའི་སྡོམ་པ་ཤོར་ས་དང་པོ་བཤང་ཁང་ཡིན་ནི་མ་ར

    Reply
  8. kawakarpo says:
    ལོ་ 14 སྔོན།

    མཚམས་མ་འཇོག་མཚམས་མ་འཇོག འབྲི་རོགས་གནོངས་འབྲི་རོགས་གནོངས།
    ལྟས་ངན། སྐབས་འདིར་ངའི་ཕ་ཡུལ་གྱི་བཙོག་སྒྲུང་ཞིག་ཡིད་ལ་ཤར་དང་ཐལ། རིག་གསར་སྐབས་སུ་ངའི་ཕ་ཡུལ་གྱི་གསར་བུ་ཞིག་གིས་གསར་མོ་ཞིག་ལ་ཅིག་ལས་ཁུལ་བྱས་པ་རེད། ཐོག་མར་གསར་མོས་གསར་བུ་ལ། དལ་མོ་བྱོས་དལ་མོ་བྱོས། སྒོ་རྭ་བཤིགས་དང་ཐལ་སྒོ་རྭ་བཤིགས་དང་ཐལ། ཞེས་བརྗོད་པ་རེད་ལ། ཅུང་མ་འགོར་བར་གསར་མོའི་འདོད་ཐོག་ལ་བུད་སོང་བས། མགྱོགས་པོ་བྱོས་མགྱོགས་པོ་བྱོས། སྒོ་རྭ་བཤིགས་ན་བཤིགས་སྒོ་རྭ་བཤིགས་ན་བཤིགས། ང་སོད་ལ་ཐོངས། མ་གི་གཏེད་ལ་ཐོངས། ཞེས་བརྗོད་པ་རེད་ཟེར། སྡིག་པ་བསགས་སོང་། ངའི་སེམས་ངན་འདི་དང་ལག་ངན་འདི་ཨང་། ངོ་ཚ་ཡས་འབར་མ་ཐལ་ན་ཞི་ལིའི་ཤ ཡ་ད་གཅིག་གིས་ཤོད་དྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist