མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དགུ

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


དགུ


བློ་བཟང་ཟ་ཁང་དེར་ལས་ཀ་བྱས་དེ་ཟླ་ངོ་ཁ་ཤས་ཤིག་སོང་ཟིན། ད་ནི་ལས་རོགས་གཞིས་ཆགས་བུད་མེད་མཛེས་མ་ཞིག་ཡོང་ཡོད་པ་དང་། ཁོ་རང་གིས་འགན་འཛིན་གྱིས་ལས་འཁུར་བྱེད་མི་དགོས་པར་ཐབ་ཚང་ནང་གི་ཟ་མ་བརྔོ་སྤྱོར་གྱིས་ལག་རྩལ་མི་ཉུང་བ་ཞིག་བལ་ཡུལ་བ་དེས་དྲུང་ནས་སློབ་བཞིན་ཡོད་པ་རེད། སྤྱིན་བདག་གིས་བློ་བཟང་ཁྱེད་རང་གིས་ཡག་པོ་ཞིག་ཤེས་སོང་བ་ཡིན་ན། ཁོ་རང་ནང་དུ་ལོག་རྒྱུ་ཟེར་བཞིན་འདུག ལོག་དུ་བཅུགས་ན་འགྲིག་གི་རེད། ངས་ཁྱེད་རང་གི་གླ་ཆ་ཡང་སྒོར་ཉིས་བརྒྱ་ཡིས་འཕར་ཆོག རྗེས་སུ་ཚོང་བཟང་དུ་སོང་ན་དེ་དུས་ཀྱང་འཕར་ངེས་ཡིན་ཅེས་བཤད།

བློ་བཟང་གིས་ཐབ་ཚང་ནང་དུ་ཟ་མ་ཞིག་བཟོ་བཞིན་ཡོད་པའི་འཁྲིས་སུ་གཞིས་ཆགས་བུད་མེད་མཛེས་མ་དེ་ཡོང་ནས། བློ་བཟང་ཁྱེད་རང་གིས་དངོས་ནས་ཁ་ལག་འདི་འདྲའི་མགྱོགས་པོ་ཞིག་བཟོ་ཤེས་ཀྱི་འདུག་ལ། དངོས་ནས་བྲོ་བ་ཡང་་འདུག་ཟེར་ནས་ཁ་ཡག་ཞིག་བཤད་དུས། བློ་བཟང་གིས་ངས་ད་ལྟ་དངོས་ནས་ཡག་པོ་ཞིག་བཟོ་ཤེས་ཀྱི་མེད་པ་རེད། ཡིན་ཡང་། ཐེངས་གཅིག་གཉིས་ཤིག་ལ་མི་གཞན་གྱིས་བཟོ་བ་མཐོང་རྗེས་རང་གིས་དེ་ལྟར་དུ་བཟོ་ཐུབ་ཀྱི་འདུག བྲོ་བ་ཡོད་མེད་དེ་ནི་མི་རེ་རེ་ཡིས་ལྕེ་ཡིས་བྲོ་བ་ལེན་སྟངས་མི་འདྲ་སྟབས། ངས་བཤད་ཚོད་ཐུག་གི་མི་འདུག་ཟེར་ནས་བཤད།

གོ་སྐབས་དེ་དང་བསྟུན་ནས། གཞིས་ཆགས་བུ་མོ་བསྟན་འཛིན་ཚེ་སྐྱིད་ཀྱིས་བློ་བཟང་ལ་འདི་ལྟར་དྲིས། སྤྱིན་བདག་གིས་ཁྱེད་རང་ལ་ཁང་བ་ཞིག་སྤྲད་ཡོད་པ་དེའི་ནང་དུ་མི་ག་ཚོད་ཅིག་འདུག་ཐུབ་ཀྱི་ཡོད་པ་རེད་ཅེས་དྲིས། བློ་བཟང་གིས་སྣང་བ་རྣམ་དོག་གང་ཡང་མེད་པར་མི་མང་བོ་ཞིག་གཤོང་གི་ཡོད་པ་རེད། ཡིན་ཡང་། ཁང་བ་ལྕགས་ཤོག་ཁང་བ་རེད། ཆུ་ལེན་དུ་ཕྱི་ལོག་དུ་འགྲོ་དགོས་པ་དང་གཙང་སྤྱོད་དཀྲུས་ཁང་སོགས་གང་ཡང་ནང་དུ་མེད་པ་རེད། ཕྱི་ལོག་དུ་འགྲོ་དགོས། དེ་མིན་ཁང་བའི་ཆེ་ཆུང་ནི་དངོས་ནས་ཆེན་པོ་ཡོད་ལ་སྐབས་རེ་ང་རང་གིས་ངོ་ཤེས་མི་ཉུང་བ་རེ་འཛོམ་ས་ཡང་ཉན་ཡོད་ཅེས་བཤད།

བསྟན་འཛིན་ཚེ་སྐྱིད་ཀྱིས་དེ་ན་ཁྱེད་རང་ལ་དགའ་ས་ཡོད་དམ་ཟེར་བའི་སྐད་ཆ་དེའི་བློ་བཟང་གི་སྙིང་ཆུང་དྲག་དུ་ལྡིང་དུ་བཅུགས་སོང་། བློ་བཟང་གིས་སེམས་ནང་གི་མི་དེ་སྤས་སོང་བྱས། ང་རང་ལ་དགའ་ས་མེད་ཅེས་བཤད།

བསྟན་འཛིན་ཚེ་སྐྱིད་ཀྱིས་དེས་ན་དགའ་རོགས་ཡོད་དམ་ཟེར་བས་དེ་བས་ཀྱང་བློ་བཟང་འཚབ་འཚུབ་དུ་གྱུར་ནས། མེད་མེད་མེད་ཅེས་ལན་བྱིན་དུས། བསྟན་འཛིན་ཚེ་སྐྱིད་ཀྱིས་བློ་བཟང་ངས་ཁྱེད་རང་ལ་སྐད་ཆ་ཞིག་དྲིས་པ་ཡིན་ན་ཁྱེད་རང་གིས་ང་ལ་དྲང་མོ་ལན་རྒྱག་རྒྱུ་ཡིན་ནམ་ཟེར་བ་དེས་བློ་བཟང་གློ་བུར་བའི་འཇིགས་ངང་ཞིག་དང་ལྷན་དུ་ལན་དྲང་མོ་རྒྱག་དང་རྒྱག་ཞེས་བཤད།

བསྟན་འཛིན་ཚེ་སྐྱིད་ཀྱིས། དེས་ན་ཁྱེད་རང་གིས་ད་ལྟའི་བར་དུ་བུད་མེད་གཞན་ལ་ལུས་འབྲེལ་བྱེད་མྱོང་ཡོད་དམ་ཟེར་བ་དེས་བློ་བཟང་དངོས་ནས་ཨ་རག་གིས་མངར་ཁ་ཞིག་གིས་སེམས་ཁམས་ཡོངས་སུ་བཟི་རུ་བཅུགས་པ་ལྟར། གང་ཡིན་ཅི་ཡིན་མེད་པར། དེ་དྲིས་དེ་གང་བྱེད་ཅེས་ཁ་ནས་ཤོར་དུས། བསྟན་འཛིན་ཚེ་སྐྱིད་ཀྱིས་ཁྱེད་རང་གིས་དྲང་མོ་ལན་འདེབས་ཟེར་བ་མ་ཡིན་ནམ། འུ་གཉིས་ཟ་ཁང་འདིར་ཡུན་རིང་འགྲོག་འདྲིས་བྱས་དེ་བསྡད་ན་ཡང་། ཁྱེད་ཀྱིས་ང་རང་ལ་དེ་འདྲའི་བསྐོར་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད་པ་མ་ཟད། འདི་རུ་བུད་མེད་འདྲ་ཁྱེད་རང་ལ་ཆེད་དུ་ཐུག་འཕྲད་བྱེད་དུ་ཡོང་བའི་བུད་མེད་ཀྱང་རིག་མྱོང་མེད་པས་དྲིས་པ་ཡིན་ཞེས་བཤད།

སྐད་ཆ་དེས་བློ་བཟང་གིས་རང་གི་ཁས་ལེན་བྱས་པ་དེ་དྲན་ནས། རེད། ངས་དྲང་མོ་ལན་འདེབས་རྒྱུ་བྱོས་ཡོད་པ་རེད། ང་ལ་ད་ལྟའི་བར་དུ་ལུས་འབྲེལ་བྱུང་མྱོང་སའི་བུད་མེད་གཅིག་ཀྱང་བྱུང་མྱོང་མེད་ཅེས་དྲང་མོར་བཤད།

བསྟན་འཛིན་ཚེ་སྐྱིད་ཀྱིས་ཁྱེད་རང་གིས་བུད་མེད་སུ་ལ་ཡང་ཐུག་མྱོང་མེད་ན། བུད་མེད་གཞན་ལ་ཁ་བསྐྱེལ་མྱོང་ཡོད་དམ་ཟེར་ནས་སླར་ཡང་། བློ་བཟང་གི་སྙིང་ལྡིང་མཚམས་བཞག་ཡོད་མེད་ཀྱི་མཚམས་དེར་དྲི་བ་འདི་འདྲ་ཞིག་དྲིས།

མེད། མེད། མེད།

བསྟན་འཛིན་ཚེ་སྐྱིད་ཀྱིས་ང་རང་དོ་ནུབ་གངས་སྐྱིད་དུ་འགྲོ་འདོད་མི་འདུག ཁྱེད་རང་གི་ནང་དུ་ཉལ་དུ་སོང་ན་འགྲིག་གི་རེད་དམ་ཟེར་ནས་དྲིས་དུས། བློ་བཟང་དགོད་ཞོར་དུ་འགྲིག་དང་འགྲིག ངས་ནང་དུ་ཉལ་ཁྲི་གཉིས་ཡོད་ཅེས་བཤད། ཉལ་ཁྲི་གཉིས་དགོས་ཀྱི་མི་འདུག གཅིག་གིས་སྟེང་དུ་ཉལ་ན་འགྲིག་གི་རེད་དམ་ཟེར་ནས་བཤད་དུས།

བློ་བཟང་དགོད་ཞོར་དུ་འགྲིག་དང་འགྲིག ཁྱེད་རང་ང་ལ་མི་སྐྲག་ན་ཟེར་ནས་སྤོབས་པ་ཆེན་པོས་ཀུ་རེ་དེ་འདྲ་ཞིག་གིས་བསྟན་འཛིན་ཆོས་སྐྱིད་ལ་ལན་སྤྲད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ཚང་མ་འདི་རུ་ཕེབས་པ་དགའ་ནི་ཡིན། དེ་རིང་ང་རང་མཚོ་འགྲམ་དུ་སོང་དེ། རང་གི་དགའ་རོགས་དང་ཞི་མོ་གཉིས་ཀྱི་ལྷན་དུ་གུང་གསེང་གི་ཉིན་མོ་ལྷོད་ལྷོད་ཅིག་བཏང་བ་དང་ཞོར་དུ་བོད་ཁམས་ཉུལ་བ་ཞེས་པའི་ཨ་འཇམ་ལགས་ཀྱིས་བརྩམས་པ་དེ་བཀླགས་ནས་ཕྱིར་ནང་དུ་ཕྱི་བོ་མ་གཏོགས་སླེབས་ཐུབ་མོ་སོང་ལགས། དགོངས་དག་ཞུ།

    Reply
  2. དགོ་རྭ says:
    ལོ་ 17 སྔོན།

    ཨ་ཤུ་རེ་ཁོ། ད་ཉལ་ཁོམས་ར་མེད་ཁུ་ཆུ་ཚོད་གསུམ་པ་རེད་ཡ།

    Reply
  3. samkhar says:
    ལོ་ 17 སྔོན།

    བློ་བཟང་དང་བསྟན་འཛིན་ཚེ་སྐྱིད་ཉལ་ཁྲི་གཅིག་གི་སྟེང་དུ་མཉམ་དུ་ཉལ་རྒྱུ་རག་པར་སྨོན།། ཨོའོ་ཉལ་ཁྲི་གཞན་དེ་སྟོང་པ་རེད། དེར་སུ་ཞིག་ཉལ་དགོས་སམ། མ་གཞི་བློ་བཟང་ལ་ཉལ་ཆས་ཀམ་པ་ལི་གཅིག་མ་གཏོགས་མེད། ཁོ་གཉིས་མཉམ་དུ་མ་ཉལ་རང་ཉལ་མ་རེད་དམ།།

    Reply
  4. Dre Sha Zen says:
    ལོ་ 17 སྔོན།

    ཁོང་གི་ཉིན་ལྟར་ཟིན་བྲིས་རེ་འབྲི་བཞིན་ཡོད་རེད།
    བཀླགས་ཟིན་བཀྲ་ཤིས་བདེ་ལེགས་ཞ྄ུ༔
    སང་ཉིན་མཇལ་ཡོང་། དེ་རིང་བྲེལ་བ་ཤིན་ཏུ་ཆེ།

    Reply
  5. lhachapjinpa says:
    ལོ་ 17 སྔོན།

    བཀླགས་ཟིན།ཤ་ཁྲག་ལགས་ཁྱོད་ད་ལྟ་དྲ་ཐོག་ན་ཡོད་དམ།

    Reply
  6. free sopu says:
    ལོ་ 17 སྔོན།

    དགུ་པ་བཀླགས་ཟིན་ཡག་པོ་བྲིས་འདུག་མུ་མཐུད་དུ་་་་་་་་་་་་་་་་་་་་་་་་་

    Reply
  7. samkhar says:
    ལོ་ 17 སྔོན།

    སྔོན་ལ་ཁྱོད་ལ་ག་ཚོད་སྐྱུག་རྒྱུ་ཡོད་ན་ཡང་འདིར་སྐྱུག་རོགས། རྗེས་སུ་ཡང་བསྐྱར་ཞིབ་ཚགས་ཀྱིས་བཅོས་པས་ཆོག བོད་ཤ་ཁྲག་རུས་གསུམ་ཁྱོད།
    སྒྲུང་རྩོམ་འདི་འབྲི་རྒྱུར་རིག་པའི་ཀློང་བརྡོལ་ཡོད་ས་རེད།
    གཅན་བཟོད་རྒྱམ་གྱིས་བཤད་པ་ལྟར། སྒྱུ་རྩལ་དང་བརྗོད་སྙིང་། བསྟན་དོན། བསླབ་བྱ་སོགས་ལ་ལྷག་པར་དགོངས་པ་བཞེས་ཀྱིན་བཞེས་ཀྱིན་ཕེབས་ཨང་།

    Reply
  8. chentsasopa says:
    ལོ་ 17 སྔོན།

    ང་ཡོང་དེ་བཀློགས་དེ་ཕྱིར་དེ་བུད་སོང་དེ།
    ཧ་ཧ་ཧ་ཧ་ཧ་ཧ་མཆན་བུ་འདི་འདྲ་བཏབས་ན་གང་འདྲ་འདུག སྙིང་འཕེར་གྱི་འདུག་གམ།
    ཤ་ཁྲག་ལགས། སྒྲུང་རིང་ཞིག་འབྲི་རྒྱུ་ཡིན་ནམ་ཡང་ན་སྒྲུང་འབྲིང་ཞིག ཁྱོད་ལའང་གསལ་ཆ་མེད་པ་འདྲ། གང་ལྟར་ཁྱོད་ཀྱིས་བཤད་པ་བཞིན་རང་གིས་གང་ཞིག་འབྲི་འདོད་པ་དེ་རང་དབང་ཡིན་པས་བྲིས་ཆོག་གི་རེད། འོན་ཀྱང་སྒྲུང་གི་བརྗོད་སྙིང་ངམ་བསྟན་བྱ་ཅི་ཡིན་དང་ཚིག་གི་སྒྱུ་རྩལ་ལྡན་མིན་སོགས་ཀྱང་རྩོམ་པ་པོའི་ཤེས་ཚད་དམ་རྩོམ་རྩལ་ཞིག་ནས་བཞག་ཞོགས། ཡི་གེའི་དག་ཆ་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་འདུག འདི་ལ་ཅུང་གཟབ་གཟབ་གནང་རོགས། ད་དུང་གསང་སྤྱོད་ཁྲུས་ཁང་ལྟ་བུ་ལ་”གཙང་སྤྱོད་དཀྲུས་ཁང”འདྲ་ཞིག་ང་ཚོའི་ཁ་ནས་ཀྱང་བཤད་ཀིན་མེད་པ་འདྲ། ཁྱོད་ཀྱིས་ཀྱང་ངའི་ལུང་སྐད་དམ་ཕ་ཡུལ་ནས་འདི་འདྲ་ཟེར་གི་རེད་ཅེས་མི་གསུང་བར་ཞུ། ད་ཕལ་ཆེར་སྒྲུང་གི་”མཐོ་རླབས་”ཟེར་བ་དེར་སླེབས་གྲབ་ཡོད་ས་རེད། སྐར་ཁྲི་བཙན་གྱི་སྐད་ཆ་ལས་ཀྱང་ཅུང་ཤེས་ཐུབ་ཀི མུ་མཐུད་ནས་ཕྲིས་དང་སང་ཉིན་ནས་ངས་ཀྱང་ཅུང་ཞིབ་ཚགས་ཀྱིས་བཀླག་གི་ཡིན། ཡང་ཡང་མཇལ་ཡོང་དྲ་གྲོགས་བཟང་པོ་ལགས། ཨོ་རེད། ཨ་ཡེ་ར་བྱ་ཡེ་གཉི་ག་ངས་ཅིག་འདྲི་གོ་གི་བཟོས།

    Reply
  9. Baichung says:
    ལོ་ 17 སྔོན།

    དམྱལ་བ་བོ་ད་དུང་མར་ལ་ཅུང་སོང་ནས་མཚམས་བཞག་ན་མི་ཆོག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese