མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་བོད་འབྱོར་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༣ ཉིན་གདན་ས་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་ཞལ་སྔ་ནས་རྗེ་བཙུན་བློ་བཟང་ཆོས་གྲགས་དཔལ་བཟང་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་ཞི་དབྱིངས་སུ་ཐིམས་འདུག 

སྔགས་ཆེན་ཞལ་སྔ་ནས་མཆོག་ནི། གཞིས་རྩེ་གྲོང་ཁྱེར་དང་ཁད་ཉེ་བའི་ལྷོ་ཕྱོགས་ལྕགས་ཞེས་པའི་ལུང་པར་སྐུ་འཁྲུངས་ཤིང་། མཚན་ལ་སྤེན་པ་ཞེས་ཞུ། སྐུ་ན་ཆུང་དུས་ནས་གདན་ས་བཀྲ་ཤིས་ལྷུན་པོར་རབ་ཏུ་བྱུང་ཞིང་ཚད་ལྡན་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་མཁས་པའི་གྲགས་པ་ཐོབ། དམངས་གཙོའི་བཅོས་བསྒྱུར་དང་རིག་གསར་སྐབས་སྐུ་ངལ་ཚད་མེད་བྱུང་ཞིང་ལྷག་པར་རིག་གསར་སྐབས་བཙོན་དུ་བཅུག་དགོས་བྱུང་།

སྤྱི་ལོ་ ༡༩༨༥ ལོར་༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་ནས་སྔགས་ཆེན་དུ་བསྐོ་བཞག་གནང་བ་ནས་གདན་སའི་བཤད་སྒྲུབ་ཀྱི་ཁུར་ལོ་མང་བཞེས་ཤིང་། དགེ་ལྡན་བསྟན་པའི་བདག་པོའི་སྐུར་བཞེངས་ནས་རིས་མེད་དད་ལྡན་སྐྱེ་བོ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཞིང་ལ་ཕེབས་རྗེས་ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་མིའི་གྲས་ཡིན་པ་དང་། སྤྱི་ལོ་ ༡༩༩༥ ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་སྐབས་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་པའི་སྒྲུབ་བྱེད་མཐར་བཀག་གནང་རྐྱེན། རྒྱ་གཞུང་གིས་སྔགས་པ་གྲྭ་ཚང་གི་ཁྲི་ཐོག་ནས་ཕུད་དེ་གཞིས་རྩེར་བཀག་ཉར་བྱས། གཞིས་རྩེའི་སེར་སྐྱ་མི་མང་གིས་གསང་བའི་ཐོག་གསུང་ཆོས་དང་བཀའ་སློབ་ཞུ་བ་སོགས་ལ་བརྟེན། གཞིས་རྩེར་ཡང་བཞུགས་མ་བཅུག་པར་ལྷ་སར་གདན་དྲངས་ཏེ་ར་མོ་ཆེར་བཞུགས་ནས། སྔར་བཞིན་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ་ལྷ་ས་ཁུལ་དུ་གསུང་ཆོས་གནང་མཁན་མེད་པའི་སྟོང་ཆ་ཁ་གསབ་མཛད།

སྤྱི་ལོ་ ༢༠༠༩ ལོ་མགོར་རང་གི་གདན་སར་ཐེངས་གཅིག་ཕེབས་བཅུག  སྐུ་གཤེགས་སྐབས་དགུང་གྲངས་བརྒྱད་ཅུ་ལྷག་ཙམ་ལ་ཕེབས་ཡོད་པ་རེད། སྔགས་ཆེན་ཞལ་སྔ་ནས་མཆོག་ནི། ཐུགས་དྲངས་ཚུགས་ལྡན་ཞིང་ཐུགས་ལ་གང་དགོངས་གསུང་ཕོད་པའི་སྙིང་སྟོབས་ལྡན་པ་དང་། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་གནང་སྐབས་ནགས་ཆུ་ལྷ་རིར་༧དགེ་འདུན་ཆོས་ཀྱི་ཉི་མ་དང་མཇལ་ཏེ། སྐུ་ཚེ་སྔོན་མའི་བག་ཆགས་ཀྱིས་ཕན་ཚུན་ཐུགས་འདྲིས་ཡོད་པ་ལྟ་བུས་གསུང་གླེང་དུ་མ་གནང་ཞིང་། སྔགས་ཆེན་རིན་པོ་ཆེའི་སྐུ་པང་དུ་བཞུགས་ཏེ་ཡུད་ཙམ་གཟིམ་པ་སོགས་ཐུགས་སྣང་དགེ་བའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། མདོར་ན་ཁོང་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྩད་འཚོལ་གནང་མཁན་་དང་མཇལ་མྱོང་མཁན་གྱི་མི་ཆེས་ཉུང་ངུའི་ནང་ནས་གཅིག་ཡིན་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 7

  1. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 16 སྔོན།

    རེ་ཞིག་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམས་ཚུལ་བསྟན་པའི་སྔགས་ཆེན་བསྟན་པའི་མཛེས་བརྒྱན་མཆོག་གིས་རིང་ནས་སྐུ་ངལ་འཛེམས་མེད་ཀྱི་བསྟན་སྲིད་མཛད་རྗེས་དག་རང་ཅག་གངས་ཅན་པ་རྣམས་སུ་ལེགས་སྐྱེས་སུ་གནང་བར་སྤྱན་མིག་ཡར་བལྟ་དགོས་པ་ལས་བླ་མའི་མིང་འཛིན་གྱིས་རྒྱུ་ནོར་ཁོ་ནར་དབྱིངས་བ་ནི་ངོ་མ་ཐབས་སྡུག་ཞིག་མ་རེད་པས།་་་་་་་་་་་་་་་་་་་་་་་་་གང་ལྟར་མགོན་པོ་གང་ཉིད་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་བ་ཉིད་དུ་བྱོན་པའི་མཆོག་གསུམ་ལ་གསོལ་འདེབས་ཡང་ཡང་ཞུ།

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    གོ་ལོག་དོན་ལོག་ཆེས་ཕྱིན་ཅི་ལོག་ཏུ་སོང་བའི་ལུང་བཤུ་དང་དཔེ་བཤུ་མི་བྱེད་པའི་རེ་བ།

    མ་རྩོམ་ལྟར་ན་བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཞེས་གསུངས་ཡོད། ངན་སོང་ངན་འགྲོར་ལེགས་པར་ལྟུང་རྒྱུ་ཞིག་མེད་ངེས་ཡིན་པས་ལོག་པར་ལྟུང་བ་ཞེས་འབྲི་དགོས།
    དེ་བཞིན་རྗེ་བཙུན་བྱམས་མགོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་ཟིན་པས་མྱོས་པའི་རྒྱུ་མེད་ཕྱིར་མཉེས་བྱས་ནས་ཞེས་འབྲི་དགོས།
    དེ་བཞིན་སྐྱེས་གནས་ཞེས་པ་མ་དག སྐྱེ་གནས་ཞེས་འབྲི་དགོས་འོན་ཀྱང་ཁྱད་པར་འདི་གོམས་པའི་དབང་གིས་འདི་འདྲ་ཞིག་ཆགས་སོང་བ་ཙམ་མ་གཏོགས་པ་རྒྱུ་མཚན་འཆད་རྒྱུ་ཡོད་པ་ཞིག་མ་ཡིན།

    Reply
  3. ཀེ་ལ་ཤ། says:
    ལོ་ 16 སྔོན།

    རིན་པོ་ཆེ་དགོངས་པ་རྫོགས་པས་ཤིན་ཏུ་བློ་ཕམ་བྱུང་།

    Reply
  4. བོད་པ་ཚང་། says:
    ལོ་ 16 སྔོན།

    རྩད་གཅོད་ཅེས་པ་ལས་རྩད་འཚོལ་ཞེས་བརྗོད་སྲོལ་མེད། གལ་ཏེ་འཚོལ་བེད་སྤྱོད་བྱེད་འདོད་ན། 《༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་གནང་སྐབས་》ཞེས་པ་དང་། 《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྩད་འཚོལ་གནང་མཁན་》ཞེས་པའི་རྩད་འཚོལ་ཞེས་པའི་ཚིག་ལས་རྩད་གཅོད་ཅེས་པ་བརྗོད་བདེ་བ་མ་ཟད། སྲོལ་རྒྱུན་བརྗོད་སྲོལ་ལའང་དེ་ལྟར་སྣང་། གལ་ཏེ་འཚོལ་ཞེས་པའི་བྱ་ཚིག་བེད་སྤྱོད་བྱེད་འདོད་ན། རྩད་ཅེས་པའི་ཚིག་མེད་པའི་ཐོག་ནས་བརྗོད་བདེ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མི་ལུས་སྐྱེས་ཤིང་སྐྱེ་བ་ཐམས་ཅད་དུ།།
    ངན་སོང་ངན་འགྲོ་ལེགས་པར་ལྟུང་བ་ཡི།།
    སྐྱེས་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང་།།
    དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།

    འདི་ནས་ཤི་འཕོས་གྱུར་མ་ཐག།
    དགའ་ལྡན་སྐྱེས་གནས་ཡིད་དགའ་བར།།
    མྱུར་དུ་བྱམས་མགོན་མྱོས་བྱས་ནས།།
    བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།།

    Reply
  6. phonya says:
    ལོ་ 16 སྔོན།

    དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    དྲངས་ཚུགས། དྲང་ཚུགས།
    ནགས་ཆུ། ནག་ཆུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese