མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅུ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བཅུ་གཅིག


བློ་བཟང་གིས་ཐབ་ཚང་ནང་ནས་བསྟན་འཛིན་ཆོས་སྒྲོན་གྱི་རྒྱབ་ལོག་དུ་ལྟ་ཞོར། ཨ་ཙི། ང་འདི། ངས་མོ་རང་ལ་གནོད་དགོས་པ་སྐད་ཆ་འདྲ་བཤད་མེད་མོད། མོ་རང་སྐད་ཆ་བཤད་ཞོར་དུ་ཕྱི་ལོག་དུ་འབུད་དོན་གང་ཡིན་ནམ་སྙམ་ཞོར་མུ་མཐུད་དུ་སྔོ་ཚལ་ཁ་ཤས་ཤིག་གཙང་མ་བཟོས་དེ་བསྡད། སྐར་མ་ལྔ་དྲུག་ཞིག་གི་རྗེས་སུ་བསྟན་འཛིན་ཚེ་སྐྱིད་ཀྱིས་འགྱིག་འཐུམ་ནང་གི་ཞོ་ཁོག་བསྲེག་མ་ཁ་ཚ་ཞིག་ཉོས་དེ་བློ་བཟང་གི་གམ་དུ་ཕྱིར་སླེབས་ནས། འདི་ཁྱེད་རང་ལ་ཟ་རྒྱུ་དགའ་བོ་ཡོད་མོད་ཟེར་ནས་ཕར་ལ་བསྲིངས་དུས། བློ་བཟང་གིས་སེམས་ནང་གི་དོག་པ་ཡོངས་སུ་ཞི་ནས་དགོད་ཞོར་དུ་ཐུགས་རྗེ་ཆེ་ཞུས།

བསྟན་འཛིན་ཚེ་སྐྱིད་སྔར་གྱི་རྐུབ་སྟེགས་དེའི་སྟེང་དུ་བསྡོད་ཞོར་དུ། ཁྱེད་རང་རྒྱ་གར་དུ་སླེབས་ནས་ལོ་ག་ཚོད་ཅིག་འགྲོ་བཞིན་འདུག་ཟེར་ནས་དྲི་བ་ཞིག་དྲིས་དུས།

ལོ་ལྔ་འགྲོ་གྲབས་འདུག
ཨ་ལེ། དེས་ན་ད་ལྟའི་བར་དུ་ཁྱེད་རང་ལ་གཞིས་ཆགས་བུ་མོ་ངོ་ཤེས་གཅིག་ཀྱང་བྱུང་མྱོང་མེད་དམ།
ཁྱེད་རང་ཐོག་མ་རེད།

བསྟན་འཛིན་ཚེ་སྐྱིད་ཀྱིས་ཅུང་ཙམ་རང་བཤད་རྒྱུ་གང་ཡང་མེད་པར་ཨ་ལེ་ཨ་ལེ་ཟེར་ནས་ཁ་མུར་མུར་བྱེད་ཞོར་དུ་ཞོ་ཁོག་བསྲེག་མ་ཁ་ཚ་མུ་མཐུད་དུ་ཟོས། བློ་བཟང་གིས་གློ་བུར་དུ་ཅི་ཞིག་དྲན་པ་གསོས་པ་ལྟར། བསྟན་འཛིན་ཚེ་སྐྱིད། ཁྱེད་རང་ལ་དགའ་རོགས་མེད་དམ་ཞེས་དྲིས།

བསྟན་འཛིན་ཚེ་སྐྱིད་ཀྱིས་ད་ལྟའི་འཆར་མེད། ང་རང་གི་ནང་དངོས་ནས་སྐྱོ་བོ་ཡིན། ང་རང་རྡ་སར་ཡོང་དོན་གྱི་དམིགས་ཡུལ་གཙོ་བོ་གངས་སྐྱིད་དུ་གཞུང་ཞབས་ལ་འཛུལ་ནས་གཞུང་ཞབས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་ཞིག་ལ་འགྲོ་ཐུབ་ན་བསམ་པ་ཡིན། རེད་དེ། དེ་བྱུང་མ་སོང་། ང་རང་ལ་བོད་ཡིག་ཡག་པོ་ཞིག་འབྲི་ཀློག་ཤེས་ཀྱི་མེད་པའི་སྒང་ལ་དབྱིན་ཡིག་ཀྱང་ཡག་པོ་ཞིག་ཤེས་ཀྱི་མེད་སྟབས། འདོད་བློ་འཁེང་བའི་ལས་ཀ་ཞིག་རེག་གི་མི་འདུག སྨན་ཞབས་དང་ནད་གཡོག་མ། ལས་ཁུངས་ཁག་དུ་གཙང་མ་བཟོ་བ་སོགས་ཀྱི་ལས་ཀ་རེག་གི་འདུག་ཀྱང་། དེ་ནི་ང་རང་གི་དམིགས་ཡུལ་དང་སླེབས་ཐུབ་མི་འདུག་སྟབས། མེག་ལོར་དུ་ཡོང་ནས་ལས་ཀ་ཞིག་བྱེད་ཞོར་ལ་ཕྱི་རྒྱལ་དུ་འགྲོ་བའི་ལམ་སྣེ་རེ་ཨེ་ཟིན་ལ་བསམ་བློ་བཏང་ནས་འདི་རུ་ལས་ཀར་ཡོང་བ་ཡིན་ཞེས་དྲང་མོ་བཤད།

དེ་དུས་བློ་བཟང་གིས་སེམས་པ་ཡང་ཁོ་མོའི་སྐད་ཆ་དེ་དག་གི་ཁྲོད་ནས་ཁོ་མོའི་ནང་མི་སྐྱོ་བོ་ཡིན་ཟེར་བ་དེ་ལ་འཁོར་ནས། གལ་ཏེ། མེག་ལོར་ནས་བསྡད་ན་ཕྱི་རྒྱལ་དུ་འགྲོ་བའི་ཐབས་ལམ་ཇི་ལྟར་རྙེད་ངེས་ཡིན་ནམ་ཟེར་ནས་དྲིས།

བསྟན་འཛིན་ཚེ་སྐྱིད་ཀྱིས་ང་ལྟ་བུ་ཞིག་ལ་མཚོན་ན། རྒྱུ་མེད་པའི་སྒང་ལ་ཡོན་ཏན་ཡང་མེད། དེ་ཡིན་དུས་ཕྱི་རྒྱལ་གྱི་མི་ཞིག་བཙལ་ནས་གཉེན་སྒྲིག་གི་ལམ་ནས་འགྲོ་ཐབས་བྱེད་རྒྱུ་ལས་མེད་པ་རེད་ཅེས་བཤད།

སྐབས་དེ་འདྲ་ཞིག་ལ་ཕོ་གསར་མི་ཉུང་བ་ཞིག་ཟ་ཁང་དུ་སླེབས་ནས། བསྟན་འཛིན་ཚེ་སྐྱིད་ལ་སྐད་བཏང་། བསྟན་འཛིན་ཚེ་སྐྱིད་ཀྱིས་བློ་བཟང་། ད་འུ་གཉིས་ལ་མགྲོན་པོ་ཁ་ཤས་ཤིག་སླེབས་འདུག་ཟེར་ཞོར་དུ་ཟ་ཁང་ནང་དུ་ཕྱིན།

བསྟན་འཛིན་ཚེ་སྐྱིད་ཀྱིས་བློ་བཟང་ཅི་ཞིག་ལ་འདང་རྒྱག་བཞིན་ཡོད། ད་ཟ་མ་ཟོས་ཚར་རྗེས་སུ་ང་རང་སྤུན་མཆེད་འདིས་སྤག་སྤག་གི་རྒྱབ་དུ་ཞོན་ནས་སྔུན་ལ་བུད་སོང་ན་ཁྱེད་རང་ལ་བསམ་འཆར་མེད་ལ། ཟ་ཁང་སྒོ་རྒྱག་རྒྱུར་སྐར་མ་སུམ་བཅུ་ལས་མི་འདུག སྒོར་སྒམ་གྱི་ལྡེ་མིག་འདི། གལ་སྲིད་མགྲོན་པོ་སླེབས་སོང་བ་ཡིན་ན། ཁྱེད་རང་ལ་དགོས་མཁོ་ཡོད་ངེས་ཡིན་ཟེར་ནས་བཤད།

བློ་བཟང་བསམ་གཞིགས་ཀྱི་ཀློང་ནས་ཕྱིར་དྲངས། མེད་མེད་མེད། བསམ་བློ་གཏོང་གི་མེད། ཡིན་དང་ཡིན། ཁྱེད་རང་སྔོན་དུ་སོང་ན་འགྲིག་གི་རེད། དེས་ན་སྒོར་སྒམ་ལྡེ་མིག་ག་རེ་བྱེད་ཅེས་དྲིས།

བསྟན་འཛིན་ཚེ་སྐྱིད་ཀྱིས་ཁྱེད་རང་གི་འཁྱེར་ནས་སོང་། ཟ་ཁང་ནང་དུ་མ་འཇོག་མ་གཏོགས་ཡག་པོ་མེད་པ་རེད་ཅེས་ལན་བཏབ།

བློ་བཟང་གིས་ཟ་ཁང་གི་ལྕགས་སྒོ་ཁྲོག་སྒྲ་དང་བཅས་བརྒྱབ་དེ། གློག་འོད་ཐར་ཐོར་ལས་མེད་པའི་རྡ་ས་མེག་ལོར་གྱི་གཏོར་མའི་དབྱིབས་ཅན་གྱི་སྲང་ལམ་ནང་བརྒྱུད་དེ་རང་གི་བསྡོད་གནས་ཕྱོགས་སུ་ཆས་ཞོར་དུ། སང་ཉིན་ག་རེ་བཤད་སྲིད། བསྟན་འཛིན་ཚེ་སྐྱིད་དེ་དངོས་ནས་སྙིང་རེ་རྗེ། བུད་མེད་དེ་འདྲའི་མཛེས་མ་ཞིག་གིས་རང་གི་ནང་མི་དག་དཀའ་ངལ་ལས་སྐྱོབས་ཆེད་དུ་ལམ་ཁ་འདི་འདྲ་ཞིག་འདེམས་པ་ལས་ཐབས་ཤེས་གཞན་མེད་པ་དེ་ནི་སྐྱོ་བ་ལའང་སྙམ་བཞིན་བསམ་བློ་འདྲ་མིན་འཁོར་ཞོར་དུ་རང་གི་ལྕགས་ཤོག་ཁང་བའི་འགྲམ་དུ་འབྱོར།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

སྐར་མ ༣ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

སྐར་མ ༡༤ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༢

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    ཁ་བ་དཀར་པོ་ལགས། ཉིད་ཀྱིས་བདག་ལ་ལྟ་ཚུལ་དེ་འདྲ་ཞིག་བྱུང་བ་ནི་དངོས་ནས་ཐུགས་རྗེ་ཆེ་ལགས། རེད་དེ། བདག་ནི་དངོས་ནས་རྩོམ་པ་པོ་ཞིག་ག་ལ་ཡིན། མིན། ལག་འདུག་མ་ཐུབ་པར་ཟིན་བྲིས་རེ་ཤུ་རེ་་བྱོས་དེ་འབྲི་བཞིན་ཡོད་པ་དེ་གཅིག་བུ་ཡིན་ལགས། དུས་ཚོད་གང་ཡོད་དུ་ཕེབས་ནས་བསམ་ཚུལ་ཐུང་ཐུང་རེ་གསུངས་པ་དེར་ཐུགས་རྗེ་ཆེ་ལགས།

    སྐར་ཁྲི་བཙན་ལགས། བཟི་སོང་ནི་མིན་ན། ཡི་གེ་འདིའི་ནང་དོན་གང་རེད་ལགས།

    ཇིང་སྲས་མིག་གསུམ་པ་ལགས། རྒྱུན་དུ་ཀློག་དུ་ཕེབས་པ་ཐུགས་རྗེ་ཆེ་ལགས།

    ལྷག་བསམ་ལ་འགྱུར་བ་མེད་པའི་བསེ་རུ་ལགས། བདག་གིས་སྐུ་ཉིད་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆུ་ཞུས་པ་ཡིན། འདི་ལྟར་ཁོམ་དུས་ཁོམ་དུས་ཐུགས་ནས་མ་བརྗེད་པར་ཕེབས་ནས་ནོར་བཅོས་རེ་གནང་རྒྱུ་མཁྱེན། དུས་ཚོད་གང་ཡོད་དུ་ང་རང་གིས་གཟབ་གཟབ་བྱེད་ཆོག་ལགས།

    Reply
  2. samkhar says:
    ལོ་ 17 སྔོན།

    དོག་པ། དོགས་པ།
    བསྡོད་ཞོར། སྡོད་ཞོར།
    གོང་གི་དེ་གཉིས་ནོར་བ་རེད།

    གཤམ་དུ་གཟིགས་ཨང་།
    སྡོད་མཁན།
    སྡོད་ཁང་།
    སྡོད་གནས།
    སྡོད་ས།
    སྡོད་གྲབས།
    སྡོད་དུས།
    སྡོད་སྐབས།
    སྡོད་ཡུལ།
    སྡོད་སྟངས།
    སྡོད་ཚུལ།
    སྡོད་མི་ལྟ་བུའི་རིགས་ལ་སྔོན་འཇུག་བ་མ་རྒྱག་རོགས། དེ་སྔོན་ནས་ངས་ཁྱེད་ལ་འདི་སྐོར་བཤད་ཡོད་ཀྱང་ཁྱེད་ཀྱི་གོང་འཁོད་ཐ་སྙད་ཀྱི་རིགས་ལ་སྔོན་འཇུག་བ་ཞིག་ཨུ་ཚཱུགས་བྱས་འབྲི་གི་ཡོད་པའི་ཚོར་སྣང་བྱུང་།

    བསྡད་ཚར།
    བསྡད་སོང་།
    བསྡད་འདུག
    བསྡད་པ་རེད་ལྟ་བུའི་དུས་འདས་པ་ལ་སྔོན་འཇུག་བ་ངེས་པར་རྒྱག་དགོས་མ་རེད་དམ།

    སྤྱིར་བྱ་ཚིག་གི་རིགས་ནས་བྱུང་བའི་མིང་ཕལ་ཆེ་བ་དུས་ད་ལྟ་བའི་བྱ་ཚིག་ནས་གྲུབ་པའི་ཚོར་སྣང་ཡོང་གི་མི་འདུག་གམ།

    དཔེར་ན།
    བསླབ་བྱ། སློབ་བྱེད། བསླབས། སློབས།
    བསྒྲིག་བྱ། སྒྲིག་བྱེད། བསྒྲིགས། སྒྲིགས། ལྟ་བུའི་བྱ་ཚིག་གཉིས་པོར་མཚོན་ན།

    སློབ་གྲྭ། སློབ་གཞི། སློབ་སྦྱོང་། སློབ་ཚན། སློབ་གཉེར། སློབ་ཁྲིད། སློབ་ཁང་། ལྟ་བུ་དང་།
    སྒྲིག་གཞི། སྒྲིག་ལམ། སྒྲིག་འཛུགས། སྒྲིག་སྟངས། རྩོམ་སྒྲིག། བཅོས་སྒྲིག བཀོད་སྒྲིག་ལྟ་བུས་རིགས་འགྲེས་ནང་རྟོགས་པར་འགྱུར་རོ།།

    Reply
  3. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན་ཚོར་བ་འདུག་མུ་མཐུད་དུ་་་་་་་་་་་་་་་་་

    Reply
  4. Baichung says:
    ལོ་ 17 སྔོན།

    ཨོ་རེད་མུ་འགོད་ཁ

    Reply
  5. kawakarpo says:
    ལོ་ 17 སྔོན།

    ཨོ། ཁྱོད་ཀྱི་རི་མོ་འཇོག་སྟངས་དེས་ཡུལ་ལྗོངས་ལ་མི་གནོད་ན་ཡང་མིའི་འདྲ་པར་གྱི་ཞེང་ཚད་ཆེ་རུ་སོང་ནས་མཛེས་མ་ཚོའི་རྐུབ་ཇེ་ཆེར་འགྲོ་གིན་འདུག་པས། མཛེས་མ་ཞིག་གིས་འགྲམ་ལྕག་མ་གཞུས་གོང་ལ་བརྗེ་བོ་རེ་བརྒྱབ་ན་ལེགས་ཀི་ཡ།

    Reply
  6. kawakarpo says:
    ལོ་ 17 སྔོན།

    ཁྱོད་འདིས་འདི་ལྟ་བུའི་བརྩམས་སྒྲུང་ཡག་པོ་ཞིག་འབྲི་ཐུབ་པ་ད་བར་མ་ཤེས། གང་ལྟར་ངའི་སེམས་ཁོང་དུ་རྩོམ་པ་པོ་ཡག་པོ་ཞིག་གི་སྣོན་པ་བརྒྱབ་སོང་། ཐུགས་རྗེ་ཆེ། རྗེས་མར་དཔལ་འབྱོར་གིས་ལྡེངས་ཚེ་སྒྲུང་འདི་དེབ་ཆུང་ཞིག་ཏུ་དཔར་སྐྲུན་བྱེད་རོགས། ཞུ་བ་འཐེན་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese