མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅུ་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བཅུ་གསུམ།


བློ་བཟང་གིས་ཁ་ལག་ཞེ་དྲག་ཡག་པོ་ཞིག་འཁྱོངས་མ་སོང་མོད། ནང་ཚག་ཡིན་པས་དགོངས་པ་མ་ཚོམས་ཟེར་ཞོར་དུ་བསྟན་འཛིན་ཚེ་སྐྱིད་དང་སྐུ་ཞབས་རྗོར་རྗི་གཉིས་ཀྱི་ཅོག་རྩེ་སྟེང་དུ་བསྒྲིགས་ཞོར་དུ་བཤད།

བསྟན་འཛིན་ཚེ་སྐྱིད་ཀྱིས་བཅོས་མེད་འཛུམ་མདངས་ཤིག་གིས་བློ་བཟང་ལ་ལྟ་ཞོར་དུ། དངོས་ནས་ཡག་པོ་བཟོས་འདུག ང་རང་ཁྱེད་ཀྱི་ཁ་ལག་ཟ་རྒྱུར་དགའ་བོ་ཡོད་པ་ཁྱེད་རང་གི་ཤེས་གསལ་རེད། ངའི་དགའ་རོགས་ཁོ་ཡང་བོད་ཟས་ལ་དངོས་ནས་དགའ་བོ་ཡོད་པ་རེད་ཟེར་ནས་བློ་བཟང་ལ་ཐུགས་རྗེ་ཆེ་ཞུས།

བློ་བཟང་གིས་དོག་མི་བདེ་བའི་ངང་དུ། ཐུགས་རྗེ་ཆེ་ཞུ་དགོས་པ་མ་རེད། དེ་ནི་ང་རང་གི་ལས་ཀ་རེད། ངས་གང་ཐུབ་ཐུབ་ཅིག་བཟོ་ཁུལ་བྱས་ཡོད་ཀྱང་། འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་ཟེར་ནས་འཁང་ཆུང་གི་རྣམ་པ་ཞིག་དང་བཅས་ཕྱིར་ཐབ་ཚང་དུ་འཛུལ་ནས་རང་ཉིད་ལ་ཁ་ལག་སྟབས་བདེ་ཞིག་བཟོས།

བསྟན་འཛིན་ཚེ་སྐྱིད་དང་སྐུ་ཞབས་རྗོར་རྗི་གཉིས་ཁ་ལག་ཟོས་ཚར་ནས་ཡུན་རིང་མ་བསྡད་པར་ལས་ཀ་ཞིག་ཡོད་རབས་བཤད་དེ་བློ་བཟང་ལ་བདེ་མོ་བཞག་ནས་བུད་སོང་།

ཉིན་མ་དེ་ནས་བཟུང་བློ་བཟང་གིས་བསྟན་འཛིན་ཚེ་སྐྱིད་གཏན་དུ་མིག་ལམ་ནས་བོར། བློ་བཟང་གིས་མུ་མཐུད་དུ་ཟ་ཁང་དེར་ལས་ཀ་བྱེད་བཞིན་ཡོད་ལ། ལས་རོགས་ཕོ་གསར་ཞིག་ཀྱང་གསར་དུ་སླེབས་ཡོད། ཁོ་གཉིས་ཀྱིས་རང་རང་གི་དགའ་ཕྱོགས་རེ་གླེང་ཞོར་དུ་ཉིན་མ་རི་རྩེ་ནས་བསུས་དེ་སླར་ཡང་རི་རྩེ་རུ་བསྐྱལ་ནས་ཉིན་ཞག་མི་ཉུང་བ་ཞིག་སོང་བའི་ཉིན་ཞིག་ལ། ཁོ་གཉིས་ལ་ལས་རོགས་མ་གསར་བ་ཞིག་སྤྱིན་བདག་གིས་ངོ་སྤྲོད་བྱས།

ལས་རོགས་བུད་མེད་དེ་ནི་གསར་འབྱོར་བུད་མེད་ཅིག་ཡིན་པ་དང་། ཁོ་མོ་ཕ་ཡུལ་ནས་རྒྱ་གར་དུ་འབྱོར་ནས་ལོ་ངོ་བཅུ་ཙམ་འགྲོ་བཞིན་ཡོད་པ་ཞིག་རེད། ལས་རོགས་དེས་བློ་བཟང་ལ་ད་ནི་འུ་གཉིས་ཀྱི་ལས་རོགས་བུད་མེད་འདི་ནི་ཡག་མོ་སྒོ་དང་འཇོར་སྒེག་ཡང་འགྲིག་འདུག འུ་གཉིས་ཀྱིས་སུས་གྲོགས་པོ་ཞིག་ཆགས་འགྲོ་ངེས་ཡིན་ནམ་ཟེར་ནས་ལྐོག་བཤད་ཅིག་རྒྱག་ཞོར་དུ་ཐབ་ཚང་ནང་དུ་བློ་བཟང་ལ་ཉིན་གོང་གི་ཟ་མ་བཟོ་རོགས་བྱེད་ཀྱི་ཡོད།

བུད་མེད་འདིས་མིང་ལ་ཉི་མ་ལྷ་སྒྲོན་ཟེར་གྱི་ཡོད། ཁོ་མོ་ལ་བཟའ་ཚང་ཡོད་པ་མ་ཟད། བྱིས་པ་གཉིས་ཀྱི་ཨ་མ་ཡང་ཆགས་འདུག་པ་སོགས་ཁོང་ཚོ་གསུམ་གྱིས་ཁ་ལག་ཟ་སྐབས་ཕན་ཚུན་གྱི་ལོ་རྒྱུས་ཤིག་ངོ་སྤྲོད་བྱས་པའི་བློ་བཟང་དང་ཁོས་ལས་རོགས་གཉིས་ཀྱིས་གསལ་བོ་ཤེས་པ་རེད།

བློ་བཟང་གིས་གོ་སྐབས་ཤིག་དང་བསྟུན་ནས་ཁོས་ལས་རོགས་ལ། ཨ་རོགས་ཡིན་མིན་འདྲ་མིན་བཤད་ཀི་མ་འདུག་མ་གཏོགས། ཁོ་མོ་ནི་བྱིས་པ་གཉིས་ཀྱི་ཨ་མ་རེད་འདུག འུ་གཉིས་ཀྱི་ཨ་ཅག་བྱས་ན་མ་འཚམས་པ་མི་འདུག་ཞེས་ཁ་ནས་ཤོར་ན་ཡང་། དོན་དངོས་སུ་བློ་བཟང་གིས་མིག་གི་ལྟ་ཕྱོགས་ཤིག་ལ་གསར་དུ་སླེབས་པའི་བུད་མེད་ཉི་མ་ལྷ་སྒྲོན་འདི་ནི་དངོས་ནས་ཚ་བོ་ཞིག་འདུག་ཨང་དྲན་པ་དེ་ནི་ཁོས་ལས་གྲོགས་ཀྱིས་ག་ལ་ཤེས།

སྤྱིན་བདག་གིས་བཤད་ན། བློ་བཟང་དང་ཁོ་གཉིས་ཀྱིས་གཅིག་གིས་དགོང་མོ་རྟག་པར་ལས་ཀ་གྲོལ་ནས་བུད་མེད་ཉི་མ་ལྷ་སྒྲོན་ནང་དུ་བསྐྱེལ་དགོས་ཟེར་བ་དེ་རེད། དེ་ནི་བློ་བཟང་དང་ཁོས་ལས་གྲོགས་གཉིས་ལ་དམིགས་བསལ་གྱིས་ཁ་བརྡ་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཀྱང་ལོས་ཡིན།

བློ་བཟང་གི་ལས་རོགས་ནི་ཁ་ཁོག་མེད་པ་ཞིག་ཡིན་པས། གང་བསམ་པ་དེ་དག་བཤད་འཕོད་མཁན་ཞིག་ཡིན། ཉིན་མ་དང་བོའི་མཚན་མོ་དེར་བློ་བཟང་གིས་ཁོས་ལས་རོགས་ལ་ཁྱེད་རང་གིས་ཉི་མ་ལྷ་སྒྲོན་ནང་དུ་བསྐྱེལ་རོགས་ཞུ། ངས་འདི་ནས་སྣོད་ཆས་གཙང་མ་བཟོས་རྗེས་སྒོ་བརྒྱབ་དེ་ག་ལེར་ཡོང་ཆོག་ཟེར་བ་དེས་ཁོས་ལས་རོགས་ཀྱིས་གོ་མ་ཐག ཡ་ཡ་ཡ། ཁྱེད་རང་ལ་བསམ་འཆར་མེད་དམ་ཟེར་ནས་བཤད།

དེ་དུས་ཉི་མ་ལྷ་སྒྲོན་གྱིས་གདོང་གཤིས་ཀྱང་ཅུང་ཙམ་འགྱུར་ཞོར་དུ། བློ་བཟང་གི་ཕྱོགས་སུ་བལྟས་དེ་བསྡད་ཡོད། བློ་བཟང་གིས་དགོད་ཙམ་བྱས་དེ། འདྲ་མི་འདྲ་བཤད་ཀི་མ་འདུག ད་སོང་ཟེར་ཞོར་དུ། ཉི་མ་ལྷ་སྒྲོན་སང་ཉིན་མཇལ་ཡོང་ཟེར་ནས་ལག་གཡུགས་ཤིག་བྱས། དེ་དུས་ཉི་མ་ལྷ་སྒྲོན་གྱིས་སང་ཉིན་མཇལ་ཡོང་ཟེར་ནས་བློ་བཟང་ལ་ལག་གཡུགས་ཤིག་བྱས་དེ་བློ་བཟང་གི་ལས་རོགས་ཀྱི་རྗེས་སུ་སྙེགས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. sha tak ri sim says:
    ལོ་ 17 སྔོན།

    སུན་སྣང་མེད་པར་སྤུན་ཟླ་ཁྱེད་ཅག་ཕེབས་བཞིན་ཀློག་བཞིན་བཞུགས་ན། ངས་ཀྱང་རང་གི་གང་ཤེས་པ་དང་གང་དྲན་པའི་བློ་བཟང་གི་ལོ་རྒྱུས་འདི་དག་མུ་མཐུད་དུ་འབྲི་ངེས་ཡིན། ཚིག་སྤྱོར་མི་མཛེས་ས་དང་དག་ཆ་ནོར་བ་སོགས་མཐོང་དུས་འཛུབ་མོ་་འཛུགས་རྒྱུ་མ་བརྗེད་ཅིག

    Reply
  2. དགོ་རྭ says:
    ལོ་ 17 སྔོན།

    མི་མཐུད་ནས་ཕྲིས་སྐོར་ཚུལ་རེ་ལེན་བཞིན་ཡོད།

    Reply
  3. samkhar says:
    ལོ་ 17 སྔོན།

    ཡ་ད་ཉི་མ་ལྷ་སྒྲོན་གྱི་ཐོག་ནས་གནད་དོན་མང་པོ་ཞིག་འབྲེལ་བ་ཆགས་ཀྱི་འདུག་དཱ།

    Reply
  4. sogyal says:
    ལོ་ 17 སྔོན།

    བློ་བཟང་འདི་ཉིད་དངོས་གནས་མི་བསོད་ནམས་ཅན་ཞིག་ཡིན་པ་འདྲ། ཁོང་ལ་རྒྱུན་དུ་མཛེས་མ་དང་། སེམས་བཟང་མ་ཞེ་གཅིག་གིས་སྐོར་ནས་བསྡད་འདུག དངོས་གནས་ཁྱོད་ཀྱིས་འབྲི་བཞིན་པའི་དངོས་སྒྲུང་སྐབས་འདི་ནས་བཅོས་སྒྲུང་དུ་འགྱུར་བཞིན་མེད་དམ། རྩེད་མོ་ལགས། དངོས་གནས་མུ་འགོད་ཐུབ་ན་སྒྲུང་ཡག་པོ་ཞིག་འགྲུབ་ངེས་སུ་སྣང་།་

    Reply
  5. free sopu says:
    ལོ་ 17 སྔོན།

    སྤྱིན་བདག་འདི་ཐབས་ཤེས་ཅན་ཞིག་ཡིན་པ་འདྲ་རྟག་པར་མཛེས་མ་རྐྱང་རྐྱང་ཁྲིད་ཡོང་ནས་ཡིནའང་ཨ་ཤུ་རེ་གོ་བློ་བཟང་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    བཀླགས་ཚར་ཡིན་སང་ཉིན་མཇལ་ཡོང་།

    Reply
  6. kkalsang says:
    ལོ་ 17 སྔོན།

    ཤ་ཁྲག་ལགས།མུ་མཐུད་དུ་ཕྲིས་ཤིག

    Reply
  7. Baichung says:
    ལོ་ 17 སྔོན།

    ད་ཁྱོའི་འདི་ཅི་ཞིག་མི་ཤེས་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese