མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅོ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བཅོ་ལྔ།


ཁོ་གཉིས་དངོས་ནས་ཁ་ཁུ་སིམ་པོ་ཞིག་དང་སེམས་ཐག་ཉེ་ས་ནས་ཉེ་སར་འགྲོ་བཞིན་ཡོད། དེ་ནི་ཉིན་འགའི་གོང་དུ་བློ་བཟང་གིས་ཉི་མ་ལྷ་སྒྲོན་ལ་དྲི་བ་དེ་བཏང་རྗེས་ནས་བཟུང་དེ་བྱུང་བ་རེད་ཟེར་ན་ཆོག

ད་ནི་བློ་བཟང་གིས་དགོང་མོ་རྟག་པར་དུ་ལས་ཀ་གྲོལ་ནས་ཉི་མ་ལྷ་སྒྲོན་བསྐྱེལ་བཞིན་ཡོད། དུས་གང་ཞིག་ནས་སུས་མགོ་བརྩམས་པ་མ་ཤེས་པར་ཁོ་གཉིས་ནི་ཕོ་མོའི་བར་གྱི་བརྩེ་དུང་གི་བརྒྱུད་རིམ་གླེང་རྒྱུར་དགའ་བ་ནས་ལག་རྩེད་བྱེད་པ་དང་། འཐམ་རེ་བྱེད་པ་སོགས་མང་དུ་ཕྱིན་པ་དང་འབྲེལ། མཚན་མོ་ཞིག་ལ་ལས་མཚམས་མ་བཞག་སྔོན་དུ་ལས་རོགས་ཕོ་གསར་དེ་ནི་རོགས་པ་ཞིག་དང་འགྲོག་ནས་སྔོན་དུ་སོང་ཤུལ་དུ། ཁོ་གཉིས་ནི་སུས་ཀྱང་བཀག་རྒྱ་མེད་པ་ལྟ་བུ་ཞིག་ཆགས་དེ། བློ་བཟང་གིས་ཉི་མ་ལྷ་སྒྲོན་ལ་འོ་ཞིག་བསྐྱལ། དེ་དུས་ཉི་མ་ལྷ་སྒྲོན་ཡང་འདོད་ཐོག་དུ་སོང་བ་ལྟར་ཁ་རོག་གེར་བསྡད།

བློ་བཟང་ནི་བཙོན་ལས་ཐར་བའི་བཙོན་མ་ཞིག་དང་འདྲ་བར་ཉི་མ་ལྷ་སྒྲོན་གྱི་ཁ་ནང་གི་ལྕེ་དེ་ཡང་འབབ་གྲབས་བྱས་དེ་ཤུགས་ཆེན་པོ་ནུས། དེ་དུས་ཉི་མ་ལྷ་སྒྲོན་ཡང་རང་དབང་མེད་པར་འདོད་པ་གཅིག་གི་བཟུང་བའི་ཕོ་མོ་གཉིས་ལྷན་དུ་འདུས་པའི་ངང་ཚུལ་དེས་བློ་བཟང་གི་སྐེ་རུ་འཐམ་ནས་དམ་པོར་བསྡམས།

མགོ་ཡང་དེ་ལྟར་བཙུགས། རེད་དེ། བློ་བཟང་གིས་ཉི་མ་ལྷ་སྒྲོན་ལ་འོ་བསྐྱལ་བ་ལས། ཉི་མ་ལྷ་སྒྲོན་དང་ལྷན་དུ་ལུས་འབྲེལ་བཞག་མེད། དེ་ལྟར་ཁོ་གཉིས་ཉིན་ཞག་མཐུད་དེ་སོང་དུས། ལས་མཚམས་བཞག་ནས་ཉི་མ་ལྷ་སྒྲོན་ནང་གི་སྒོ་འགྲམ་དུ་སླེབས་གྲབས་ཡོད་དུས། བློ་བཟང་གི་སྐེ་རུ་འཐམ་ནས་འོ་རེ་བྱེད་རྒྱུ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་དུ་ཆགས་པ་མ་ཟད། གསར་དུ་དགའ་རོགས་སྒྲིག་བཞིན་པའི་གཞོན་ནུ་ཕོ་མོ་གཉིས་དང་འདྲ་བོ་ཞིག་ཆགས་ཡོད་པ་རེད།

བློ་བཟང་གིས་མི་ཚེ་ནང་ད་ལྟའི་བར་དུ་བུད་མེད་ཅིག་ལ་ཁ་བསྐྱེལ་བ་དེ་ཡང་ཐོག་མ་ཡིན་དུས། དེ་ཡང་མ་འདྲ་བའི་ཚོར་བ་ཞིག་ངང་གིས་སྐྱེ་ན་ཡང་། ཉི་མ་ལྷ་སྒྲོན་གྱིས་ཁོ་ལ་བཤད་པའི་སྐད་ཆ་དེ་ལས་བློ་བཟང་ཡང་བརྒལ་མ་ཐུབ་པར་བསྡད་ཡོད།

བློ་བཟང་། ཁྱེད་རང་ནི་ད་ལྟ་གཞི་ནས་དགའ་རོགས་གསར་བ་ཞིག་སྒྲིག་དགོས་པ་མ་ཟད། རང་ཉིད་ལ་དགའ་ས་ཞིག་ཀྱང་ཡོད་ངེས་དུས། དེ་ལ་རང་གི་ཐོག་མའི་བརྩེ་བ་སྤྲོད་དགོས་པ་ལས། ང་རང་ལྟ་བུ་བྱིས་པ་གཉིས་ཀྱི་ཨ་མ་ཞིག་ལ་ཁྱེད་རང་གི་ཐོག་མའི་བརྩེ་བ་དེ་ནི་གཏན་ནས་སྤྲོད་མི་རུང་། ནམ་ཞིག ཁྱེད་ཀྱིས་རང་གི་དགའ་ས་ཞིག་དང་ལྷན་དུ་བརྩེ་བ་དེ་སྤྲད་རྗེས་སུ། ངས་ཁྱེད་རང་ལ་ད་ལྟ་ནས་ཁས་ལེན་བྱས་པ་ཡིན། འུ་གཉིས་ལྷན་དུ་ཉལ་ནས་རང་རང་གི་འདོད་པ་དེ་དང་ལེན་བྱེད་ཆོག དེ་མིན་དངོས་ནས་ང་རང་ལྟ་བུ་ཞིག་གི་ཁྱེད་ཀྱི་ཐོག་མའི་བརྩེ་བ་དེ་དང་ལེན་བྱེད་འཕོད་ཀྱི་མི་འདུག་ཟེར་ནས་རྒྱུན་དུ་བཤད།

བློ་བཟང་གིས་ཀྱང་ཉི་མ་ལྷ་སྒྲོན་ནི་བྱིས་པ་གཉིས་ཀྱི་ཨ་མ་ཡིན་ཡང་། འདི་འདྲའི་བསམ་ཤེས་ཤིག་རེད་འདུག་སྙམ་ནས་ཁོས་ཀྱང་ཉི་མ་ལྷ་སྒྲོན་ལ་བདེན་ཁ་སྤྲད་དེ། ཁ་རེ་བསྐྱེལ་དུས་མཇེ་ངན་བླངས་དེ་ཆག་གྲབས་བྱས་ཀྱང་། ཨུ་ཚུགས་བྱས་དེ་བསྡད་ཡོད་པ་མ་ཟད། ནམ་ཞིག་ཁོ་གཉིས་ལ་རང་དབང་གི་གོ་སྐབས་ཤིག་ཡོད་ངེས་ཡིན་སྙམ་བཞིན་ཡོད་ལ། ཉི་མ་ལྷ་སྒྲོན་ནི་ཁོ་རང་གི་མི་སྐྱའི་ལམ་ཁ་བདམས་དེ་སེམས་གཏམ་ཆེས་མང་ས་བཤད་སའི་བུད་མེད་དེ་ཆགས་ཡོད། ཉི་མ་ལྷ་སྒྲོན་ཡང་དེ་མཚུངས་ཀྱིས་རང་གི་ཁྱོ་ག་དང་འབྲེལ་བ་བྱུང་བ་ནས་བཟུང་དེ་ད་ལྟའི་བར་གྱི་གནས་ཚུལ་མི་ཉུང་བ་ཞིག་གསང་བ་མེད་པར་རྟག་དུ་གླེང་བཞིན་ཡོད།

གང་ལྟར། མིའི་འཚོ་བ་ནི་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བཞིན་ཡོད་དུས། བློ་བཟང་གིས་སྤྱིན་བདག་གིས་བཤད་ན། མི་རིང་བར་ཟ་ཁང་མི་གཞན་ཞིག་ལ་བཙོང་རྒྱུ་བྱས་ཡོད་ཟེར་བ་དེ་ནི་ཁོ་གཉིས་ལ་མཚོན་ན་དངོས་ནས་གོ་མི་འདོད་པའི་སྐད་ཆ་ཞིག་རེད་ཟེར་ཀྱང་ཅིས་མི་ཆོག

དེ་ནས་བཟུང་དེ། ཉི་མ་ལྷ་སྒྲོན་གྱིས་ལས་་མཚམས་བཞག་ན་ཡང་། སྐབས་རེར་བློ་བཟང་ལ་ཐུག་འཕྲད་བྱེད་དུ་ཡོང་བ་མ་ཟད། ཉིན་ཞིག་བློ་བཟང་གི་ལྷམ་མགོ་རལ་བ་དེ་མཐོང་ནས་ཁོ་རང་ལ་མོས་ལྷམ་མགོ་ཞིག་ཉོ་རྒྱུུ་ཡིན་ཞེས་བཤད་དུས། བློ་བཟང་གིས་དེ་འདྲ་མ་བྱེད། ང་རང་ལ་དངོས་ནས་ལྷམ་མགོ་གསར་བ་ཞིག་དགོས་དོན་མི་འདུག འདི་ཡང་བསྐྱར་བཟོ་བཅོས་བརྒྱབ་དེ་གོན་བསྡད་ན་འགྲིག་གི་རེད་ཅེས་ཨུ་ཚུགས་བརྒྱབ།

ཉི་མ་ལྷ་སྒྲོན་གྱིས་དེ་འདྲ་མ་བྱེད། ངས་ཁྱེད་རང་གིས་དེ་ལྟར་འཚོ་བ་བསྐྱལ་ན་མི་འགྲིག་གི་ཟེར་ནི་མིན། ངས་ཁྱེད་རང་ལ་དངོས་ནས་ལག་རྟགས་ཤིག་ཉོ་འདོད་ཡོད། དེ་ཡིན་གཅིག་མིན་གཅིག་ཁས་ལེན་བྱེད་རོགས་ཞེས་ཞུ་བ་ཞུས་དུས། བློ་བཟང་གིས་ཀྱང་ངོ་གནོང་ཞོར་དུ་དེ་ན་འགྲིག་གི་རེད། ཁྱེད་རང་གིས་བསམ་ནི་ཞིག་ཉོས། གོང་ཆེན་དེ་འདྲ་ཉོ་མི་དགོས་ཟེར་ནས་བཤད།

ཉི་མ་ལྷ་སྒྲོན་གྱིས་འདང་ཞིག་བརྒྱབ་དེ། ངས་བསམ་ན་ང་རང་གིས་ཕོ་གསར་ཞིག་གི་ལྷམ་མགོ་ཉོས་པ་ཡིན་ན། འདི་ཁུལ་གྱི་ཚོང་ཁང་མི་ཉུང་བ་ཞིག་གིས་ང་རང་ངོ་ཤེས་སྟབས། ཁྱོ་གའི་ཤེས་པ་ཡིན་ན་ཡག་པོ་མེད་པ་རེད། དེ་ལས་ཁྱེད་རང་གི་ངའི་ཚབ་དུ་ཉོ་རོགས་ཟེར་ནས་ཧིན་སྒོར་ཆིག་སྟོང་ལྷག་ཞིག་བློ་བཟང་གི་ལག་པར་བཞག བློ་བཟང་གིས་དེ་འདྲ་དངོས་ནས་ཡག་པོ་མི་འདུག རྗེས་མ་ཞིག་ལ་ཁྱེད་རང་གིས་བསམ་ནས་ལག་རྟགས་ཆུང་ཆུང་ཞིག་ཉོས་ན་འགྲིག་གི་རེད་ཟེར་ནས་ལག་པ་ནང་དུ་བཀུམ་རྩིས་བྱས་དུས། ཉི་མ་ལྷ་སྒྲོན་གྱིས་བློ་བཟང་གི་ལག་མགོ་ནས་བཟུང་དེ་ལག་དུ་བཙན་པོ་བྱས་དེ་བཞག

བློ་བཟང་གི་སྤྱིན་བདག་གིས་ཟ་ཁང་ཡང་བོད་པ་གཞན་ཞིག་ལ་བཙོང་བ་དང་། བློ་བཟང་གི་ལས་ཀ་ལ་ཡང་འགྱུར་བ་མ་སོང་བ་མ་ཟད། གླ་ཆ་ཡང་སྔོན་ཆད་ལས་ཧིན་སྒོར་སུམ་བརྒྱ་འཕར་བ་དང་། ལྕགས་ཤོག་ཁང་བ་དེ་ཡང་གནས་སྐབས་ཤིག་ལ་སྤྱིན་བདག་གིས་ཁོ་རང་གི་ལས་ཀ་འདི་མུ་མཐུད་དུ་བྱས་བསྡད་པ་ཡིན་ན་དེའི་ནང་དུ་བསྡད་ན་འགྲིག་པར་བཤད།

ཉིན་ཞིག་བློ་བཟང་ལ་ཉི་མ་ལྷ་སྒྲོན་ཀྱིས་འཁྲིས་ཀྱི་ཚོང་ཁང་ནང་དུ་ཁ་པར་ཞིག་འབྱོར། བློ་བཟང་ཁྱེད་རང་ཁོམ་པ་ཡོད་དམ། ཡོད་ན། ད་ལྟ་སྐར་མ་ཁ་ཤས་ཤིག་གི་རིང་དུ་འུ་གཉིས་ནམ་རྒྱུན་འདུག་སའི་གྲོ་ཤི་ཐའི་ལམ་ཁའི་འགྲམ་གྱི་ཟ་ཁང་དེར་ཤོག་དང་ངས་ཁྱེད་རང་ལ་སྒུག་ནས་འདུག ངས་ཁྱེད་རང་ལ་ཁ་བརྡ་གལ་ཆེན་ཁ་ཤས་ཤིག་བྱེད་འདོད་འདུག་ཟེར་ནས་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. chenten says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། སྒྲུང་ཡག་པོ་ཞིག་བྲིས་འདུག་པས་དགའ་བོ་བྱུང༌། བསམ་བློ་ཞིབ་ཏུ་བཏང་ན་རྒྱུས་མངའ་ཡོད་པ་འདྲ་བོ་སེམས་ལ་ཤར་སོང༌། རང་གི་ཡིན་མིན་ནི་གང་ཤེས། ཁྱེད་ལ་བརྩོན་འགྲུས་ཧ་ཅང་ཆེན་པོ་འདུག་དུས་བབ་ཟིན་བྲིས་ཀྱི་སྐུ་བསོད་དང་ང་ཚོ་ཀློག་པ་པོ་རྣམས་ཀྱི་སྤྲོ་སྣང་ཞིག་རེད། མུ་མཐུད་ནས་སྤེལ་བའི་རེ་བ་ཧ་ཅང་ཆེ།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་རྒྱུན་དུ་ཕེབས་ནས་བློ་བཟང་ལས་ངན་པོ་འདི་ལ་སེམས་འཁུར་བྱས་པ་དགའ་ནི་ཡིན། བློ་བཟང་གིས་གཏམ་རྒྱུད་འདི་ལྟར་བྲིས་དེ་འོང་དུས། དགའ་སྐྱོ་ཆགས་སྡང་གི་བསྐོར་ཡང་མི་ཉུང་བ་ཞིག་ཡོད་ངེས་པ་ཡིན་དུས། སྤུན་ཟླ་དག་གིས་ཡིད་ཚོད་རེ་ཡང་བྱེད་ཞོར་དུ་ཕེབས་ཤོག་དང་། བློ་བཟང་གིས་གཏམ་རྒྱུད་འབྲི་མཁན་ངས་ཀྱང་རང་གི་གྲོགས་པོའི་སྔ་གཞུག་ཚང་མ་ག་ལེར་འབྲི་ཆོག

    Reply
  3. དགོ་རྭ says:
    ལོ་ 17 སྔོན།

    ད་ཅང་བཤད་གི་མ་འདུག། བྱིས་པ་གཉིས་གསུམ་ཅན་གྱི་ཨ་མ་ཚོར་སྒྱུ་རྩལ་ཕྱོགས་ནས་ཉམས་མྱོང་མང་ནས་རེད།

    Reply
  4. kkalsang says:
    ལོ་ 17 སྔོན།

    མུ་མཐུད་དུ་ཤུགས་རྒྱོབས།ཀློག་གི་ཡོད།

    Reply
  5. free sopu says:
    ལོ་ 17 སྔོན།

    ཉི་མ་ལྷ་སྒྲོན་ཡང་ས་ཐག་རིང་པོ་ཞིག་ལ་འཕུར་འགྲོ་མེད་དམ།
    མུ་མཐུད་དུ་ཕྲིས་དང་ཀློག་གི་ཡོད།

    Reply
  6. chentsasopa says:
    ལོ་ 17 སྔོན།

    ཨ་རོད་ཤ་ཁྲག གྲོ་ཤི་ཐའི་ལམ་ཁའི་འགྲམ་གྱི་ཟ་ཁང་ཟེར་བ་ཞིག་གང་ཡིན་མི་ཤེས་མོད། ཟློས་གར་ལམ་གྱི་ཟ་ཁང་དེ་ངས་བཟུང་ནས་ལོ་གཅིག་ཏག་ཏག་འགོར་གི་ཡོད། ཁོ་གཉིས་ཀྱི་ངའི་ཟ་ཁང་ནང་ནས་འདྲ་མི་འདྲ་ལས་ཀི་ཆུག་ར་བཀའ་འགྱུར་ངས་ཁྱོད་རང་ང་གཅིག་འཇོག་གི་ན། ཧ་ཧ་ཧ་ཧ
    ཉི་མ་ལྷ་སྒྲོན་ཟེར་བ་དེ་སུ་ཡིན་ནམ། བརྩེ་ཐོག་མ་མི་དགོས་ཟེར་མཁན་གྱི་བུ་མོ་ཞིག་ཨེ་ཡོད་ན། བཟང་གི མུ་མཐུད་ནས་ཕྲིས་དང་། བློ་བཟང་དང་ཉི་མ་ལྷ་སྒྲོན་གཉིས་ཅི་བྱེད་ང་ཚོས་ཡང་གིས་མཐོང་གི་རེད།

    Reply
  7. Baichung says:
    ལོ་ 17 སྔོན།

    ངོ་མིག་གིས་མི་རིག་རྒྱུ་བློ་བཟང་ཡིན་ན་དེ་ཅི་འདྲའི་བླུན་པོ་ཞིག་རེད། མོ་གསར་བསྟན་འཛིན་ཚེ་སྐྱིད་ཀྱི་སྟེང་དུ་ལངས་རྒྱུ་ཡོད་ནི་མ་རེད། མ་རྒན་མ་ཞིག་གི་སྟེང་ཀ་ར་འདྲ་རྩངས་ནས། ཞི་ལི་བཟང་ང་ཞིག་རེད་བསམ་མོད་ད་བྱས་དུས་བཟའ་གཉིས་བར་ཞིག་ལ་སེམས་ཆགས་འདུག་ཁ་བྱས་ཡོད་ག ངོ་རྫོག་རྒྱུ་བོ།

    Reply
  8. samkhar says:
    ལོ་ 17 སྔོན།

    ཁ་བརྡ་ཅི་ཞིག་བྱེད་རྩིས་ཡོད་དམ། སྐུ་མཁྱེན་ཉི་མ་ལྷ་སྒྲོན་ལ་ཁྱོ་གས་ཁ་བྲལ་བྱེད་དགོས་ཡོད་ཅེས་པའི་ཚིག་དེ་མིན་པར་སྨོན།
    ཁོང་གཉིས་བརྡ་ཁའི་ཁྲོད་ནས་བློ་བཟང་ལ་བསླབ་བྱ་ཐེངས་ཤིག་ཐོབ་པར་སྨོན།

    Reply
  9. l.yonten says:
    ལོ་ 17 སྔོན།

    ད་་་དཔེ་བསགས་སོང་གྲྭ་རྒན་ངས་འདོད་པའི་སྟན་བཅོས་ཚར་གཅིག་ཀླགས་ཤོར་སོང་། ཨོ་ཧུ་ལ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་་་་་་་་་་་་་་ཡིན་ནའང་་ངའི་སེམས་ཐག་ཉེ་བའི་དྲ་གྲོགས་ཤ་ཁྲག་རུས་གསུམ་གྱིས་དངོས་གཞི་དེ་བཀག་འགོག་བྱས་ཙམ་སྐྱོན་དེ་ཙམ་མི་ཆེ་སྙམ་་་་ཨ་ལ་རྩེད་འཚར་ཡིན་་་་ཁྱོད་རང་གི་ལག་རྩལ་དང་སེམས་ཚོར་གང་གི་ཆ་ནས་ཡིད་སྨོན་དགོས་ཡ་རེད།

    Reply
  10. Baichung says:
    ལོ་ 17 སྔོན།

    ok

    Reply
  11. kawakarpo says:
    ལོ་ 17 སྔོན།

    མཇེ་ངན་ལངས་ནས་ཆག་གྲབ། མཚམས་འདི་ནས་ང་གད་མོ་ཤོར་ནས་ཤི་གྲབ་བྱས་སོང་། ཨ་རོགས་འདི་མོ་འདི་ཟོ་ཁྱོའི་སེམས་ལ་གང་ཟིག་ནས་དྲན་སོང་། བྱིས་པ་གཉིས་གསུམ་གྱི་ཨ་མ་འདི་ཚོར་ལས་རྒྱུ་མང་ག ཉེ་སྔོན་ངའི་ངོ་ཤེས་གྲྭ་ཟུར་ཞིག་་གིས་ཨ་རི་ནས་རང་གི་བྱིས་པ་གཉིས་པོ་རྡ་སའི་བོད་ཁྱིམ་སློབ་གྲྭར་བསྐྱལ་ནས་ཚུར་ལོག་དུས་སྐྱེས་དམན་བོར་སོང་འདུག ཡར་རྒྱུགས་མར་རྒྱུགས་ཀྱིས་རྩད་ཅིག་ཆོད་དུས་ཨ་རི་བ་མགོ་སེར་མཇེ་སྦོམ་ཞིག་དང་མཉམ་དུ་བྲོས་ཚར་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese