མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅུ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བཅུ་དྲུག


བློ་བཟང་གིས་ཟ་ཁང་གི་གྲུ་ཟུར་ཞིག་དུ་ཉིན་ལྟར་ཉིན་ཐོ་འབྲི་བཞིན་མགོ་ལག་པའི་སྐྱོར་ནས་བསྡད་ཡོད་པའི་སྐབས་སུ། ཁོ་རང་གི་གྲོགས་པོ་སངས་རྡོར་འཁྲིས་སུ་སླེབས་པ་ཡང་མ་ཤེས། སངས་རྡོར་གྱིས་ཨ་རོགས་ཟེར་ནས་བོས་མ་ཐག བློ་བཟང་ཧད་དེ་བསྡད། ཚུགས་ཀ་དེ་བློ་བཟང་གི་གྲོགས་པོ་སངས་རྡོར་གྱིས་མཐོང་ནས།

ཡ་ཨ་རོགས་ལས་ངན་པོ། སྡུག་བསྔལ་ཞིག་གི་ནང་དུ་ལྷུང་ནས་བསྡད་ཡོད་ནི་མིན་ན། དེ་འདྲ་ཡིན་ན་ནི་ང་རང་ལ་ཤོད་དང་། རྒན་པོ་ང་ཉམ་མྱོང་ཆེ་ནི་རེད། སྟོད་ཉི་མ་ལྷ་ས་ནས་སྨད་རྒྱ་ནག དེ་ནས་འཕགས་ཡུལ་རྒྱ་གར་དུ་སླེབས་རེག་བར་དུ་སྐྱིད་སྡུག་གཉིས་ཀ་རིག་མྱོང་ལ། རོགས་བཟང་ངན་གཉིས་ཀ་འགྲོག་པའི་ཁ་གྲངས་བཤད་ན་ཁྱེད་རང་ཡིད་ཆེས་རྒྱུ་ཡང་དཀའ་མོ་ཡིན་ཟེར་ནས་བཤད།

སྐབས་དེར་བློ་བཟང་ཡང་། རོགས་བཟང་ངན་གཉིས་ཀ་འགྲོག་ནས་ཟེར་བ་དེས་གང་ཞིག་ནས་འདྲུད་དེ་འོང་བ་ལྟར། རེད་ལགས། སངས་རྡོར། ཁ་སང་དེ་རིང་མི་དགོས་ས་ཞིག་ནས་བུད་མེད་ཅིག་གི་ཆེད་དུ་བསམ་བློ་འདྲ་བཏང་ནས་འཐོམ་བསྡད་ཡོད། ཉེ་སྔོན་ངེད་གཉིས་ལྷན་གཅིག་དུ་ཟ་ཁང་འདིར་ལས་ཀ་བྱས་པ་ཡིན་མོད། སྤྱིན་བདག་སྔོན་མ་དེས་ཟ་ཁང་བཙོང་རྒྱུའི་སྐད་ཆ་གོ་ནས་མོ་རང་ལས་ཀ་ནས་འབུད་སོང་བ་རེད། ངེད་གཉིས་འགྲོག་ཡུན་ཧ་ཅང་ཐུང་ན་ཡང་། དངོས་ནས་ཕན་ཚུན་ལ་བྱམས་པོ་དང་འདྲིས་པོ་ཞིག་ཆགས་སོང་ཞེས་བཤད།

སངས་རྡོར་སྐད་ཤུགས་ཆེན་པོས་དགོད་ཞོར་དུ། བན་ལོག་མི་ཟེར་ན་ཅི་ཟེར། བུད་མེད་དེ་འདྲ་ཞིག་གི་ཆེད་དུ་སེམས་འཁྲལ་བྱེད་དགོས་ན། ང་ནི་སེམས་འཁྲལ་བྱས་དེ་སྨྱོས་ཚར་བ་ཡོད། རེད་རེད། མི་འདྲ་ནི་མ་རེད། ཀུ་རེ་ཡིན། བུད་མེད་གང་འདྲ་ཞིག་རེད་དམ། གང་ནས་རེད། ཁྱེད་གཉིས་ལ་དེ་འདྲའི་བློས་མི་གཏོང་བའི་སྐད་ཆ་གང་ཞིག་ལྷག་པ་རེད་ཅེས་དྲིས།

བློ་བཟང་གིས་མགོ་བོ་ཕུར་ཕུར་ཞིག་བྱེད་ཞོར་དུ། མོ་རང་ནི་བྱིས་པ་གཉིས་ཀྱི་ཨ་མ་ཡིན་ལ། བོད་ནས་འབྱོར་བའི་ལྷ་སའི་ཁུལ་གྱི་བུད་མེད་ཅིག་ཡིན། རྒྱ་གར་དུ་འབྱོར་ནས་མི་ལོ་བཅུ་ལྷག་ཕྱིན་འདུག དེང་ཐོག་ངེད་གཉིས་ལ་སྤྱིར་བཏང་གི་སྐད་ཆ་ཞིག་ལས་གང་ཡང་མེད་ཀྱང་། ཕྱིས་སུ་ཕན་ཚུན་སེམས་ཐག་ཉེ་རུ་ཕྱིན་ནས་གང་ནས་མགོ་བཙུགས་པ་མ་ཤེས་པར་ངས་ཁོ་མོ་ལ་འོ་ཞིག་ཀྱང་བསྐྱལ་བ་ཡིན། དེ་ནས་བཟུང་དེ་ཕན་ཚུན་ལ་འཐམ་ནས་འོ་བྱེད་རྒྱུ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་དུ་གྱུར་ནས་ངས་མོ་རང་ལ་ལུས་འབྲེལ་ཀྱང་འཛུགས་རྩིས་བྱས་པ་ཡིན། རེད་དེ། གནས་སྐབས་རིང་མོ་རང་གི་རེ་འདོད་ལྟར། ལུས་འབྲེལ་གཏན་ནས་བཞག་མེད། མོ་རང་ལས་ཀ་ནས་བུད་རྗེས་སུ། ཡང་ཡང་ང་དང་ཐུག་འཕྲད་བྱེད་ཀྱི་ཡོད་ཟེར་ཞོར་དུ་སངས་རྡོར་གྱི་གདོང་ལ་བལྟས།

སངས་རྡོར་གྱིས་ཐ་མག་རྐང་གཅིག་ཁ་ནང་དུ་འཇོག་ཞོར་དུ། ཡ་དེ་ནས་ཟེར་དུས། བློ་བཟང་གིས། ཉིན་ཞིག་མོ་རང་གིས་ང་རང་ལ་ལྷམ་མགོ་བཟང་བོ་ཞིག་མེད་པ་ཡང་ཤེས་ནས་ཨུ་ཚུགས་བརྒྱབ་དེ་ལྷམ་མགོ་གསར་བ་འདི་ཉོ་བྱེད་ཀྱི་དངུལ་ཡང་མོ་རང་གིས་ང་རང་ལ་ལག་རྟགས་སུ་སྤྲད་དེ་ང་རང་གི་ཉོས་པ་ཡིན་ཟེར་ཞོར་དུ་གོན་ཡོད་པའི་ལྷམ་མགོ་གསར་བ་དེ་གྲོགས་པོ་སངས་རྡོར་ལ་བསྟན།

སངས་རྡོར་གྱིས་དགོད་ཙམ་བྱས་དེ་ཁ་རོག་གེར་བསྡད་དུས། བློ་བཟང་གིས་དེ་ནས་མི་རིང་བའི་ཉིན་ཞིག་ལ་ང་རང་ལ་འཁྲིས་ཀྱི་ཚོང་ཁང་ནང་དུ་ཁ་པར་ཞིག་འབྱོར་ནས་མོ་རང་ལ་དོན་དག་གལ་ཆེན་ཞིག་ཡོད་རབས་ཟེར་ནས་ང་བོས་པ་ལྟར། ང་རང་ཡང་འབོད་སའི་ས་ཆ་དེར་སོང་དུས། མོ་རང་གིས་སྔ་ས་ནས་སྒུག་ནས་འདུག ཁོ་མོས་ང་རང་ལ་རེ་བ་ཞིག་ཞུ་བཞིན་འདུག དེ་ནི་འདི་འདྲ་ཞིག་རེད་ཅེས་བཤད་རྩིས་བྱེད་བཞིན་པའི་སྐབས་དེར། ཟ་ཁང་དུ་སྐུ་མགྲོན་རེ་གཉིས་ཤིག་འབྱོར།

བློ་བཟང་གིས་ཁྱེད་རང་ལ་དུས་ཚོད་ཡོད་དམ་ཟེར་ནས་ཡར་བླངས་ཞོར་དུ་སངས་རྡོར་ལ་དྲིས། ཡོད་ཡོད། ང་ནི་ནམ་རྒྱུན་དུ་དུས་ཚོད་ཡོད་ཡོད་པ་རེད། སོང་ནས་ཟ་མ་ཟོས་རྗེས་སུ་ཕྱིར་ཤོག ངས་སྒུག་ནས་འདུག

སྐུ་མགྲོན་གཉིས་ཀྱིས་རང་རང་་གི་འདོད་མོས་ཡོད་པའི་ཁ་ལག་ཟོས་ཚར་རྗེས་སུ་བུད་སོང་། བློ་བཟང་གིས་མུ་མཐུད་དུ། སྔོན་ཆད་ཡིན་ན། ཨོ་རེད། མོ་རང་གི་མིང་ལ་ཉི་མ་ལྷ་སྒྲོན་ཟེར་གྱི་ཡོད་པ་རེད། འདུག་ས་ཡང་མེག་ལོར་རང་དུ་ཡོད་པ་རེད། ཁོ་མོ་ལ་རེ་བ་ཞིག་ཡོད་པ་དེ་ནི་ང་རང་ཁོ་མོ་དང་འགྲོག་ནས་བོད་ཡུལ་དུ་མོ་རང་གི་ཕ་ཡུལ་ལྷ་ས་རུ་འགྲོ་རྒྱུ་དེ་རེད་ལ། ལྷ་སར་འབྱོར་ན་ངེད་གཉིས་ལྷན་དུ་མི་ཚེ་བསྐྱེལ་འདོད་ཡོད་པ་དེ་རེད་འདུག་པ་མ་ཟད། འགྲོ་སོང་ཡང་ཚང་མ་མོ་རང་གི་གྲྭ་སྒྲིག་ཡོད་རབས་སོགས་བཤད་སོང་། ཨོ་་་ ང་འདི། ཇ་བཀང་འཐུང་ཟེར་རྒྱུ་ཡང་བརྗེད་འདུག ཇ་ཞིག་འཐུང་ཟེར་ནས་སངས་རྡོར་ལ་བཤད།

སངས་རྡོར་གྱིས་མིན་མིན། དེ་ལས་རྒན་པོ་རྟགས་ཅན་གྱི་སྤི་རག་དམ་པུ་གཅིག་འཁྱེར་ཤོག་དང་འུ་གཉིས་ཀྱི་འཐུང་ཟེར་དུས། བློ་བཟང་གིས་ཁྱེད་རང་གི་ཤེས་ཀྱི་ཡོད་མོད། ངས་སྤི་རག་འཐུང་གི་མེད་པ། ཡ་ཡ་འཐུང་། ཤེལ་ཕོར་ནང་དུ་བླུགས་དེ་སངས་རྡོར་ལ་སྤྲད། བློ་བཟང་ནི་དངོས་ནས་ཁོ་རང་གི་སྐད་ཆ་དེ་དག་སངས་རྡོར་ལ་མགྱོགས་པོ་བཤད་མ་ཚར་བའི་དཀའ་ངལ་ལྟ་བུ་ཞིག་བྱུང་བཞིན་ཡོད་ན་ཡང་། སངས་རྡོར་ནི་དངོས་ནས་ལྷོད་ལྷོད་ཅིག་དང་བཅས།

ཡ་ཡ། ད་ངས་ཤེས་སོང་། བུད་མེད་དེ་འདྲ་ཞིག་ལ་དངོས་ནས་སེམས་འཁོར་རན་ཡོད་ནི་མ་རེད། དེ་ལས་ཟེར་ནས་སྐད་ཆ་ཞིག་བཤད་རྩིས་བྱས་དུས། བློ་བཟང་གིས་སངས་རྡོར་གྱི་ཁ་འཕྲོག་ནས། དེ་འདྲ་མ་རེད། དེ་འདྲ་མ་རེད། བུད་མེད་དེ་འདྲ་ཞིག་ལ་ཟེར་ནས་དམའ་འབེབས་མ་བྱེད། བྱིས་པའི་ཨ་མ་ཡིན་པ་དེ་ཙམ་གྱིས་བརྩེ་དུང་མེད་མཁན་ཞིག་ཡིན་པ་གཏན་ནས་བཤད་ཐུབ་ཀྱི་མེད། དངོས་ནས་བརྩེ་དུང་ཡོད་མཁན་དང་ཉམ་མྱོང་གང་ཅིའི་ཐད་ཀྱི་ཕྱུག་པོ་ནི་བུད་མེད་དེའི་རིགས་ཆགས་ཡོད་པ་རེད། ངས་དེའི་ཆེད་དུ་སེམས་འཁྲལ་བྱེད་ཀྱི་མེད་པ་ཁྱེད་རང་གི་ཤེས་གསལ་རེད། ངས་སེམས་འཁྲལ་བྱེད་བཞིན་པ་དེ་ནི་ང་རང་ལྟ་བུའི་མི་ངན་ཞིག་ལ་སེམས་ཆགས་ནས་བཟའ་ཚང་དེའི་དྲོད་ཁོལ་བོར་བ་དེ་ལ་བསམ་བློ་བཏང་དུས་སེམས་པ་དངོས་ནས་སྐྱིད་པོ་མི་འདུག་ཟེར་ནས་བཤད།

སྐབས་དེར་གྲོགས་པོ་སངས་རྡོར་ཡང་དངོས་ནས་འཐོམ་སོང་བ་འདྲ། རེ་ཞིག་རིང་ཁ་རོག་གེར་བསྡད། དེ་ནས་ཡ་ཡ ཁྱེད་རང་ད་ལྟ་ཡང་གྲྭ་བ་ནི་ཡིན་རྒྱུ་མ་རེད། ཡིན་ན་ནི་གནས་ཚུལ་ལོག་ག་ཞིག་རེད། མིན་ན་ཨ་རོགས་ཟེར་ནས་ནན་འདྲི་ཞིག་བྱས་དུས། བློ་བཟང་གིས་གང་ང་གང་། གྲྭ་བ་འདུག་ས་གྲྭ་ས་མིན་ན། ཟ་ཁང་འདི་འདྲ་ཞིག་གི་ལས་གཡོག་བྱས་དེ་གང་ནས་འདུག་ཟེར་ནས་ལན་བཏབ།

ངས་ཁྱེད་རང་ལ་སྤི་རག་འཐུང་ཟེར་ནས་ཨུ་ཚུགས་མི་བྱེད། ཐ་མག་རྐང་གཅིག་འཐེན་དང་། དངོས་ནས་སེམས་པ་མི་སྐྱིད་དུས་ཀུ་ཡངས་ཆགས་ངེས་ཡིན་ཟེར་ནས་བློ་བཟང་ལ་ཐ་མག་རྐང་གཅིག་སྤྲད།

གློ་བུར་གྱི་བྱེད་སྟངས་དེས་བློ་བཟང་གི་སེམས་ནང་དུ་ཚ་ཤད་ཅིག་རྒྱག་ཞོར་དུ། མི་འཐེན་མི་འཐེན། དེ་ནི་ལོབ་སོང་བ་ཡིན་ན་ཆོད་རབས་མི་འདུག ང་རང་ལྟ་བུ་་ཞིག་ལ་ཐ་མག་འཐེན་རྒྱུ་དེ་ནི་མི་འཛའ་བ་ཞིག་རེད་ཅེས་བཤད།

སངས་རྡོར་དོགས་པ་ཞིག་སྐྱེ་ཞོར་དུ། དངོས་ནས་ད་དུང་ཡང་མཇེ་མགོ་འཛུགས་ས་ཞིག་མ་རེག་པར་ལུས་བསྡད་ཡོད་ནི་མིན་ན། དེ་ཡིན་ན་ནི། ངས་ཁྱེད་རང་ལ་འཐེན་ཟེར་ནས་ཨུ་ཚུགས་མི་བྱེད། དེ་འདྲ་མིན་ན་གཅིག་འཐེན་པ་ཙམ་གྱིས་ངན་ལངས་དུ་འགྲོ་མི་སྲིད་ཅེས་སླར་ཡང་ལག་པ་བློ་བཟང་གི་ཕྱོགས་སུ་བསྲིངས་དེ་འོང་དུས།

བློ་བཟང་གིས་ཀྱང་། རང་ཉིད་གྲྭ་བ་མིན་ཟེར་བའི་བདེན་དབུང་གི་ཆེད་དུ་ཟེར་ན་ཆོག གྲོགས་པོ་སངས་རྡོར་གྱི་ངོ་མ་ཆོག་པ་ཟེར་ན་འགྲིག ངོ་ཚའི་དབང་གིས་ཟེར་ན་འགྲིག གྲོགས་པོ་སངས་རྡོར་གྱི་ལག་གི་ཐ་མག་རྐང་གཅིག་དེ་ཚུར་བླངས་དེ་མེ་རུ་བསྒོས། དུ་བ་ངོ་ལྷོག་ལྷོག བློ་ལུད་རྒྱག་ཞོར་དུ་མཇེ་མགོ་འཛུགས་ས་མ་རྙེད་གོང་དུ་ཐ་ནག་འཛུགས་ས་རེག་སོང་བ་དེ་ཡང་བློ་བཟང་གི་གྲྭ་སྡོམ་གྱི་ཡལ་ག་གང་ཞིག་ལ་རྨ་ཁ་བཟོས་པ་རེད།

སངས་རྡོར་གྱིས་བློ་བཟང་གི་ཚུགས་ཀ་དེ་མཐོང་ནས་དགོད་ཞོར་དུ། གྲྭ་ལོག་འདི་ཚོས་ཐ་མག་ཡང་འཐེན་མི་ཤེས། ཡ་ཡ་། ཐེངས་རྗེས་མ་ཞིག་ལ་ང་རང་ཁོམ་དུས་ཤིག་ལ་ངས་ཁྱེད་རང་ལ་སྤི་རག་གི་སྤྱིན་བདག་བྱེད། དེ་དུས་མཉམ་དུ་དངོས་ནས་སྐྱིད་པོ་ཞིག་བྱེད་ཆོག་ཟེར་ནས་ཡར་བླངས་ཞོར་དུ། འདི་ཟེར་ནས་ཐ་མག་སྒམ་ཆུང་བཀང་གི་ནང་ནས་རྐང་གཉིས་མ་གཏོགས་བླངས་མེད་པ་དེ་བློ་བཟང་ལ་སྤྲད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 18

  1. sha tak ri sim says:
    ལོ་ 14 སྔོན།

    གཡུ.དུག་སྦྲང་ལགས། དེ་དག་ནི་ནམ་ཡང་བརྗེད་མི་སྲིད་པའི་གསར་འབྱོར་བ་ཤེས་རབ་དགའ་ཚལ་སློབ་གླིང་འགྲིམ་པའི་མི་དེ་དག་གིས། དམིགས་བསལ་གྱིས་བྷེ་རུས་རྐང་གཅིག་མི་ལྔ་དྲུག་ཞིག་གི་ལོང་སྤྱོད་བྱས་པ་དེར།

    Reply
  2. sophel says:
    ལོ་ 14 སྔོན།

    བློ་བཟང་གི་སེམས་ཁྲལ་བྱེད་སྟངས་བཤད་དུས་་་ངའི་གསོག་སྒར་སློབ་གྲའི་ལྕགས་ཤོག་གི་ཉལ་ཁང་དང་འཛིན་ཁང་་་ད་དུང་་་དོ་བྷེ་རེས་་་་དྲན་གི

    Reply
  3. sha tak ri sim says:
    ལོ་ 14 སྔོན།

    སྤུན་ཟླ་ཁྱེད་ཅག་རྒྱུན་དུ་ཕེབས་ནས་བློ་བཟང་ལས་ངན་པོ་འདི་ལ་སེམས་འཁུར་བྱེད་ཀྱི་ཡོད་པ་ལྟར། ད་ལྟ་ང་རང་ལས་བྲེལ་ག་ཚོད་ཅིག་ཆེ་མིན་ལ་མ་བལྟས་པར། བློ་བཟང་གི་བསྐོར་ལ་སེམས་འཁྲལ་བྱེད་ཞོར་དུ། ཧུར་ཐག་གིས་འབྲི་ཁུལ་བྱེད་བཞིན་ཡོད། མ་འགྲིག་ས་དང་མ་འཐུས་ས་དང་འཕྲད་ས་ནས་བཟོད་པར་ཞུ།

    Reply
  4. free sopu says:
    ལོ་ 14 སྔོན།

    ཨ་རོ་དེ་རིང་ངལ་གསོ་ཡིན་ནོ་མ་ཤེས་ཇིང་སྲས་སྤྱིར་སྒྲུང་ལ་སྤྲོ་བོ་ཡོད་པས་ད་ནང་ནས་བསྒུགས་བསྡད་ཡིན།

    Reply
  5. gangdra says:
    ལོ་ 14 སྔོན།

    ཤ་ཁྲག་ལཊ།
    ཁོམ་པ་རེ་ཡོད་དུས།
    ཁྱོད་ཀྱི་སྒྲུང་རྩོམ་ཀློག་བཞིན་ཡོད།

    Reply
  6. samkhar says:
    ལོ་ 14 སྔོན།

    གངས་ཐིགས་ལགས།
    མི་མཐུད་མ་རེད། མུ་མཐུད་རེད།
    དབྱངས་ཨི་དང་ཨུ་གཉིས་ཀྱི་སྒྲ་གདངས་ཉེ་བར་འདོན་མཁན་ཚོས་ཐུགས་གཟབ་གནང་རོགས།

    Reply
  7. Om.Gangthik says:
    ལོ་ 14 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།
    ཕྲན་ལ་འདི་ཀློག་ཁོམ་མི་འདུག་མོད། ཉིད་ཀྱི་དངོས་སྒྲུང་འདིའི་མཇུག་མི་མཐུད་སྐྱོང་བའི་རེ་བ་སྙིང་ནས་ཞུ།

    Reply
  8. free sopu says:
    ལོ་ 14 སྔོན།

    བློ་བཟང་འདི་སྔོན་མ་ངར་བ་དཔའ་པོ་ཞིག་རེད་བསམ་ཡོད་མོད་ད་བལྟས་གི་བལྟས་གི་ངོ་མ་གླེན་པ་ཟིག་ག་རིག་གི

    Reply
  9. samkhar says:
    ལོ་ 14 སྔོན།

    རང་ཉེས་ངོས་ལེན།

    ད་ཡིན་ན་དཔེ་བསགས་སོང་།
    རྩོམ་པ་པོ་འཇུ་སྐལ་བཟང་གི་ལགས་ཀྱི། འདི་འདྲ་བྲིས་པ་ནོར་བ་རེད།
    རྩོམ་པ་པོ་འཇུ་སྐལ་བཟང་ལགས་ཀྱི། འདི་འདྲ་བྲིས་ན་འགྲིག་པ་རེད།

    གི་ཁྱོད་རྙོག་དྲ་མ་བཟོ་ཨང་། ཧ་ཧ་ཧ།

    Reply
  10. samkhar says:
    ལོ་ 14 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། བསེ་རུའི་ཟིན་བྲིས་སུ་དྲ་གྲོགས་ཚོས་ངེས་པར་དུ་ཀློག་དགོས་པའི་རྩོམ་པ་པོ་འཇུ་སྐལ་བཟང་གི་ལགས་ཀྱི་གོ་བདེའི་རྩོམ་ཡིག་ཅིག་དགོས་དབང་གིས་བཞག་ཡོད།
    དེ་ཁྱེད་རྣམས་ཀྱིས་ངེས་པར་དུ་བཀླག་རོགས། དེ་ངའི་རེ་བ་ཡིན་ལ། རྩོམ་པ་པོའི་རེ་བ་ཡང་རེད། །

    Reply
  11. chentsasopa says:
    ལོ་ 14 སྔོན།

    བསེ་རུ་རྭ་གཅིག་ལགས། བུད་མེད་མེད་པའི་འཇིག་རྟེན་ནས་ད་དབར་དུ་བསྡད་པ་མིན་ནམ། དེའི་བྲོ་བ་གང་འདྲ་ཡིན་མིན་ཡང་ཁྱོད་ཀྱིས་མྱངས་ཚར་བ་མ་རེད་དམ། དེང་སང་ད་དུང་བུད་མེད་མེད་པའི་འཇིག་རྟེན་ན་ཕོ་རྐྱང་ཁོ་ནས་འཚོ་བ་རོལ་བཞིན་འདུག་གཱ ཁོང་ཚོ་ང་ཚོ་ལས་སྐྱིད་པར་ང་ལ་ཡིད་ཆེས་ཡོད། འོན་ཀྱང་ངས་ནི་ཁ་དཔེར། བུ་མོ་དང་བོང་བུས་སྐྱིད་མི་ཐེག་ཅེས་པའི་དཔེ་ལྟར། སྐྱིད་མ་ཐེག་པར་འདིར་ཡོང་བ་ངས་ད་གཟོད་ཤེས་བ་ཡིན་ཏེ། ཕྱིས་སོང་འདུག ད་ནི་གཅེས་ཕྲུག་ཅིག་ཕ་རྒན་བྱེད་རྒྱུར་ཐག་མི་རིང་གི་ཡཱཧ་ཧ་ཧ་ཧ་ཧ

    Reply
  12. samkhar says:
    ལོ་ 14 སྔོན།

    ཉི་མ་ལྷ་སྒྲོན་གང་ལ་སོང་བ་ཡིན་ནམ།
    མི་སྣ་གསར་པ་སངས་རྡོར་སླེབས་བྱུང་།

    བུད་མེད་དགོས་པ་རེད།
    ཅི་སྟེ་བུད་མེད་མེད་ན་འཇིག་རྟེན་འདི་ཇི་ལྟར་གྲུབ།
    བུད་མེད་ན་ཕོ་རྐྱང་གི་འཇིག་རྟེན་དེ་ཇི་འདྲ་ཞིག

    Reply
  13. l.yonten says:
    ལོ་ 14 སྔོན།

    བློ་བཟང་ལས་ངན་འདིས་ད་འཁོར་བ་འཁོར་སྟངས་ག་འདྲ་སེ་འཁོར་ཡོད། བླ་རྒན་ངས་གྲྭ་ལོག་ཁྱོད་ལ་སྡུག་བར་ཆད་འདྲ་མི་ཡོང་བའི་སྨོན་ལམ་ཞུ་ཆོག དྲ་གྲོགས་ཤ་ཁྲག་ལགས་ཁྱོད་ཀྱིས་བློ་བཟང་ཟེར་བ་འདིར་ཤ་ཚ་བའི་ཁ་ཏ་སློབ་བྱ་འདྲ་རྒྱག་ན་ཨེ་ཡོང་།

    Reply
  14. chentsasopa says:
    ལོ་ 14 སྔོན།

    མདང་གྲོགས་པོ་འགའ་དང་ལྷན་དུ་སྦི་རགས་འཐུང་ནས་ད་ནངས་ཞོགས་པའི་དུས་ཚོད་4.50 བར་དུ་ཉལ་ཐུབ་མ་སོང་། ད་ལས་ཁུངས་ནས་མིག་ཙོ་དམར་ཙག་ཙག་མགོ་ཅོག་ཙེ་དང་རྩིས་འཁོར་ལ་ཐུག་ཙམ་ཐུག་ཙམ་བྱེད་བཞིན་ཞབས་འདྲེན་བྱེད་ཀི་ཡོད་ཨ་རོད། ཡིག་ནོར་འགའ་ཤོར་འདུག་ན་དགོངས་དག་ཞུ།

    Reply
  15. chentsasopa says:
    ལོ་ 14 སྔོན།

    ཁྱེད་ཀྱིས་སྒྲུབ་འདི་འབྲི་འགོ་བཙུགས་མ་ཐག་པའི་སྐབས་སུ་ངས་ཁྱེད་ལ་མཆན་བུ་བཏབས་པ་ཡིན། སྐབས་དེར་ཁྱེད་ང་ལ། མཆན་བུ་འདི་འདྲ་བཏབས་པ་བློ་བཟང་(མི་སྣ་གཙོ་བོ།)གིས་གོ་ན་སེམས་སྐྱོ་ས་རེད་སོགས་གསུངས་སོང་། ཕལ་ཆེར་དེ་ནས་བཟུང་ངས་ཀྱང་ཁྱེད་ཀྱི་ལ་ལྟ་ཙམ་ལས་བསམ་ཚུལ་ཅེར་བཀོད་མ་མྱོང་བ་འདྲ། འོན་ཀྱང་རིམ་གྱིས་དྲ་གྲོགས་ཚོས་གཅིག་ཁ་གཉིས་ཀ་བྱས་ནས་བློ་བཟང་དང་ཉི་མ་ལྷ་སྒྲོན་སོགས་ལ་སྡིགས་འགོ་བཙུགས་སོང་། ཡིན་ནའང་ངས་ད་དུང་རྩེད་མཚེར་རྐྱང་བྱེད་བཞིན་ཡོད།
    དྲ་གྲོགས་སྐར་ཁྲི་བཙན་ལགས་ཀྱིས་”འཇིག་རྟེན་འདིའི་སྒང་ནས་སྐྱེས་པ་ཚོར་མཚོན་ན་བུད་མེད་ནི་འཚོ་བའི་ཁྲོད་ནས་མེད་ཐབས་མེད་པ་ཞིག་ཡིན་པས།”ཞེས་སོགས་མཆན་བུ་བཏབས་པར་དགའ། འོན་ཀྱང་ང་ནི་བུད་མེད་མི་དགོས་པ་དང་མེད་ན་ད་གཟོད་འཚོ་བ་འདི་སྐྱིད་པོ་དང་ལྷོད་ལྷོད་ཅིག་ཡོང་ས་རེད། བོད་ཀྱི་སྔོན་བྱོན་མཁས་པ་ཚོས་གསུངས་པ་ཅིས་མ་བདེན་སྙམ་གི རང་ཉིད་འཚོ་བའི་ཁྲོད་དུ་བུད་མེད་ཅིག་སླེབས་པ་ནས་བཟུང་འཚོ་བ་ཟང་ཟིང་དང་སེམས་པ་ཟང་ཟིང་། མི་ཚེ་ཟང་ཟིང་སོགས་ཀྱི་འགོ་ཚུགས་ཡོང་གི དངོས་གནས་དཀའ་མོ་རེད་ཡཱ།
    མཇེ་ངན་གོ་འདི་ཡག་པོ་ཞིག་སྡོད་ཐུབ་རྒྱུ་ན་བུད་མེད་ཟེར་བ་དེ་ངའི་འཚོ་བའི་ནང་དུ་མེད་ན་སྙམ་གི ཧ་ཧ་ཧཧཧ

    Reply
  16. Baichung says:
    ལོ་ 14 སྔོན།

    ཁྱོ་ཀ

    Reply
  17. Baichung says:
    ལོ་ 14 སྔོན།

    ཨ་རོ་མུ་འགོད་ཁ་ཁྱོའི་སྒྲུང་འདི་ད་དུང་ལོ་གཅིག་གི་དུས་ཚོད་དགོས་ནི་མ་ར

    Reply
  18. Baichung says:
    ལོ་ 14 སྔོན།

    ད་ང་བློ་བཟང་གི་སྟེང་དུ་སྙིང་ལངས་ནི་ཞིག་རེད གཡོ་སྒྱུ་ཅན་ཉི་མ་ལྷ་སྒྲོན་ལྟ་བུ་ཞིག་ལ་བརྩེ་དུང་ཡོད་གི་ཡིན་ན་ཅིག འདྲེ་མོ་དེའི་དང་ཐོག་གི་སྐད་ཆར་འགྱུར་བ་བཏང་བ་མ་ཟད་ཆོ་ཀ་དང་བུ་ཕྲུག་སོགས་གཡུག་ནས་ཕོ་གསར་ཞིག་དང་མཉམ་དུ་འགྲོ་གྲབ་བྱ་མཁན་ཞིག་ལ་ད་དུང་བཟང་བཤད་བྱ་ཁ་བྱས་ལུགས་ལ་ལྟས་ན་ཁོའི་མི་ཚེའི་ནང་དུ་གྱོང་རེག་པའི་ཉེན་ཁ་འདུག། འཇིག་རྟེན་འདིའི་སྒང་ནས་སྐྱེས་པ་ཚོར་མཚོན་ན་བུད་མེད་ནི་འཚོ་བའི་ཁྲོད་ནས་མེད་ཐབས་མེད་པ་ཞིག་ཡིན་པས། རང་གི་སེམས་ཁོང་དུ་གཅེས་སུ་འཛིན་ན་འདོད་པའི་ནོར་བུ་ངོ་མ་ཞིག་ཡིན་མོད། གཟབ་གཟབ་མ་བྱས་ན་སྐྱེས་པ་ཚོའི་འཚོ་བའི་ནང་དུ་སྡུག་བསྔུལ་བཟོ་མཁན་དང་ཐ་ན་ཡོད་ཚད་མེད་པ་བཟོ་མཁན་ཡང་ཡིན། ཁྱད་པར་དུ་དེང་རབས་ཀྱི་བུད་མེད་ཚོ་ཁོག་ན་གཡོ་སྒྱུ་ལས་འཇོན་ཐང་གང་ཡང་མེད་པས། ཐོག་མར་ཕ་རོལ་པའི་ཐོབ་གོ་ས་རྒྱུ་ནོར་ལོངས་སྤྱོད། རྨང་གཞི་དེའི་སྟེང་དུ་ཕྱི་ཡི་རྣམ་པ་སོགས་ཀྱི་ཆ་རྐྱེན་འཚོལ་མཁན་ཚོ་ལ་གཟབ་དགོས་པར་གལ། ཉི་མ་ལྷ་སྒྲོན་ལྟ་བུས་བློ་བཟང་ཁོ་གཅིག་ནས་བུ་མོ་དང་འབྲེལ་བ་བྱུང་མྱོང་མེད་པའི་ཕོ་གསར་ཡིན་པ་དང་ད་དུང་རང་ཁ་གསོ་བའི་ནུས་པ་ལྡན་པས། མོ་རང་མ་རྒན་མ་ཞིག་ལ་དེ་འདྲའི་ཕོ་གསར་ཞིག་ལ་ཡང་བསྐྱར་འཆང་ས་རྒྱག་པའི་སྐལ་བ་འཆར་ན་དགའ་བ་འབུམ་གྱིས་ཉི་མ་ཤར་ནས་སྔོན་གྱི་ཆོ་ཀ་སྐད་ཅིག་ཙམ་གྱིས་གཏིང་བརྗེད་ལྟ་བུ་བྱས་ཡོད་རེད། རྗེས་མ་ཡང་བློ་བཟང་ལས་རྒྱུ་དཔལ་འབྱོར་ཡོད་པ་ཞིག་ལ་ཐུག་ན་ལམ་དེ་མ་གཏོགས་ཡོད་ནི་མ་རེད། བུད་མེད་དེ་འདྲའི་རིགས་ལ་གཟབ་དགོས་རེད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist