མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ལ་བབ་པའི་སྐད་ཆ། རིག་འབྱུང་དོན་བཀྲ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

འབྱུང་འགྱུར་གྱི་ལོ་ངོ་ཉི་ཤུ་སུམ་ཅུའི་ནང་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་མིན་ཇི་ལྟར་ཡང་། དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་རྒྱ་ནག་གི་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ཞིག་ཡོང་མིན་ཇི་ལྟར་ཡང་། འབྱུང་འགྱུར་གྱི་རྒྱ་ནག་འདི་མང་གཙོ་ཆགས་མིན་ཇི་ལྟར་ཡང་། ད་ལྟའི་དུས་སུ། རྒྱ་ནག་གི་དཔལ་འབྱོར་གྱི་ཁྲོམ་ར་ཆེ་ནས་ཆེ་རུ་འགྲོ་བཞིན་པ་མ་ཟད་འབྲེལ་བའི་སྒོ་མོ་ཡང་ཆེ་ནས་ཆེ་རུ་ཕྱེས་བཞིན་པ་ནི་དངོས་ཡོད་གནས་སྟངས་ཤིག་ཆགས་བཞིན་འདུག  ཡོ་རོབ་ཤར་ནུབ་དང་བྱང་ཨ་རི་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་ཚོང་ལས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་དང་གཅིག ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གིས་ཀྱང་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་འཇོག་བཞིན་པའི་གནས་སྟངས་དང་གཉིས། ལྷོ་བྱང་ཨ་ཧླེ་རི་ཀའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ནུས་བའི་འབྱུང་ཁུངས་ལ་རྒྱ་ནག་གིས་ཇུས་གཏོགས་བྱེད་འགོ་ཚུགས་བཞིན་པ་དང་གསུམ། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཡང་རྒྱ་ནག་གིས་འདྲེ་ལག་རྐྱོང་བཞིན་པའི་གནས་སྟངས་བཅས་ཕྱོགས་ཡོངས་ལ་བལྟས་ན། བོད་དོན་འདི་ཉག་ཕྲ་བའི་གནས་སྟངས་ཤིག་གི་འོག་ལ་ཚུད་བཞིན་འདུག་པ་མ་ཟད་བོད་ཀྱི་རྩ་དོན་འདི་ཡང་རྒྱ་མཚོའི་རླབས་རིས་ཇི་བཞིན་ཕར་གཡོ་ཚུར་གཡོའི་གནས་སྟངས་ཤིག་ཆགས་བཞིན་འདུག 
གནས་སྟངས་དང་གནད་དོན་འདི་དག་ལ་བསམ་བློ་གཏོང་གིན་གཏོང་གིན། ངེད་ཀྱི་སེམས་སུ་རྨོངས་འཆར་འདི་འདྲ་ཞིག་འཁོར་ནས་ཡོང་། ད་ལྟའི་དུས་སུ་ཕྱི་སྡོད་བོད་རིགས་ཚོའི་ངོས་ནས་ངེས་པར་དུ་འཁྱེར་དགོས་བ་དང་བསྒྲུབ་དགོས་བའི་འགན་འཁྲི་གསུམ་འདུག་སྙམ། དང་པོ། སླད་ཕྱིན་བོད་མི་སྒེར་བ་ཞིག་ནས་འགོ་བཙུགས་ཏེ་བོད་མིའི་རྩ་དོན་དང་འབྲེལ་བའི་ལས་དོན་ཇི་འདྲ་ཞིག་རྩོམ་ན་འདྲ། སྤེལ་ན་འདྲ། ལས་འགུལ་གྱི་ཁ་ཕྱོགས་དང་ནུས་ཤུགས་དེ་༧གོང་ས་མཆོག་གི་དགོངས་པའི་ཕྱོགས་ལ་འཁོར་ཐུབ་པ་དང་སྤུངས་ཐུབ་པ་དགོས་ཀྱི་འདུག
༧གོང་ས་མཆོག་གི་དགོངས་གཞིའི་རྒྱབ་ལ་ཕྱི་སྡོད་བོད་རིགས་རྣམས་་ཀྲོང་ངེར་ལངས་དགོས་ཀྱི་འདུག  བརྟན་པོར་ལངས་དགོས་ཀྱི་འདུག མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ལངས་དགོས་ཀྱི་འདུག འཛམ་གླིང་སྤྱི་ཡོངས་ནས་བལྟས་ནའང་། ད་ལྟའི་དུས་ཚོད་འདི་ལྟ་གྲུབ་རྩོད་པ་དང་འདས་བའི་གནད་དོན་གཅིག་པོའི་སྒང་ལ་ཨུ་ཚུགས་བྱེད་པའི་དུས་ཚོད་ཞིག་མིན་པ་འདྲ། ལྟ་གྲུབ་རྩོད་པའི་དུས་ཚོད་དེ་མཇུག་རྫོགས་ནས་འགྲོ་བཞིན་ཡོད། ད་ལྟའི་དུས་ཚོད་ནི་ལྟ་གྲུབ་ལས་གནས་སྟངས་ལ་བལྟ་བའི་དུས་ཚོད་དང་གནས་སྟངས་གཙོར་འཇོག་གི་སྒོ་ནས་གནད་དོན་ཐག་གཅོད་པའི་དུས་ཚོད་ཞིག་ལ་སླེབས་ནས་འདུག དེས་ན། ད་ལྟའི་དུས་ཚོད་དེ་ལྟ་གྲུབ་གཅིག་པོ་རྩོད་པའི་དུས་ཚོད་མིན་པ་ཡང་བོད་རིགས་རྣམས་ཀྱིས་མཁྱེན་དགོས་ཀྱི་འདུག
ཕྱི་སྡོད་བོད་རིགས་རྣམས་ཀྱིས། ལྟ་གྲུབ་ལས་གནས་སྟངས་གལ་ཆེར་གཟིགས་ནས། ༧གོང་ས་མཆོག་གི་དགོངས་བའི་རྗེས་སུ་ཤར་བསྐྱོད་བྱེད་དགོས་ཀྱི་འདུག་ལ། ལྷག་པར་དུ་ལས་འགུལ་ཆེ་ཕྲ་ཆུང་གསུམ་གང་སྤེལ་རུང་། ༧གོང་ས་མཆོག་གིས་དགོངས་པའི་ཕྱོགས་ལ་སྤུངས་དགོས་ཀྱི་འདུག་པ་མ་ཟད་༧གོང་ས་མཆོག་གི་དགོངས་གཞིའི་ནུས་བ་ཆེ་རུ་གཏོང་ཐབས་
ལ་ཕྱོགས་ཡོངས་ནས་འབད་དགོས་ཀྱི་འདུག དུས་ཚོད་དང་གནས་སྟངས་གཉིས་ཀར་བསམ་བློ་བཏང་ནས་འབད་དགོས་ཀྱི་འདུག
གཉིས་། བོད་རིགས་རྣམས་སྐྱབས་བཅོལ་དུ་གནས་རིང་། མང་གཙོའི་ལམ་ལུགས་དེ་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ཚགས་ཚུད་ཡོང་བ་དང་བོད་མིའི་རྩ་དོན་རྒྱུན་འཁྱོངས་ཡོང་རྒྱུ་ནི་ཧ་ཅང་གལ་ཆེའི་གནད་དོན་ཞིག་ཆགས་ནས་འདུག་ དེས་ན། ལམ་ལུགས་ཚགས་ཚུད་ཡོང་བ་དང་རྩ་དོན་རྒྱུན་འཁྱོངས་ཡོང་བ། འཛིན་སྐྱོང་སྲ་བརྟན་ཡོང་བའི་ཆེད། ཕྱི་སྡོད་བོད་རིགས་མི་རེ་ངོ་རེས་རང་གི་གཞུང་དང་དེའི་འཛིན་སྐྱོང་ངོ་འཕྲོད་དགོས་ཀྱི་འདུག རང་གི་གཞུང་དང་དེའི་ལས་དོན་ཁག་ལ་དོ་སྣང་སྤྲོད་དགོས་ཀྱི་འདུག ཉུང་མཐར་ཡང་། བོད་མི་ཚོས་གྲོས་ཚོགས་ཀྱི་ལོ་རེའི་སྔོན་རྩིས་དང་ལས་བསྡོམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཅས་ལ་ཐུགས་སྣང་གནང་དགོས་ཀྱི་འདུག མི་སེར་ཞིག་ལ་མཚོན་ན། ཁྱེད་ཀྱིས་རང་གི་གཞུང་གི་ལོ་རེའི་སྔོན་རྩིས་དང་ལས་བསྡོམས་ཁག་ལ་མིག་བལྟས་ཙམ་ཡང་མ་བརྒྱབ་པར་། གཞུང་གི་ལས་དོན་ཚགས་ཚུད་ཡོང་གི་ཡོད་མེད་དང་འཐུས་ཤོར་ཕྱིན་ཡོད་མེད་སོགས་ཇི་ལྟར་འགྲེལ།
ཁྱེད་ཀྱིས་རང་གི་གཞུང་དང་དེའི་འཛིན་སྐྱོང་གི་ཟུར་ཙམ་ཡང་མ་མཁྱེན་པར། རང་གི་གཞུང་དང་དེའི་འཛིན་སྐྱོང་ལ་སྐྱོན་འཛུགས་ཇི་ལྟར་བྱེད། བསྒྱུར་བཅོས་ཀྱི་ཐབས་ཇུས་ཇི་ལྟར་འཐེན།
ཁྱེད་ཀྱིས་གཞུང་གི་ངོས་ནས་བོད་མིའི་འཕྲད་ཕུགས་ཀྱི་རྩ་དོན་ཐད་ཕྱག་ལས་གནང་སྟངས་བཅས་ལ་དོ་སྣང་དང་ཞིབ་འཇུག་མ་བྱས་བར། གཞུང་འཛིན་སྐྱོང་བྱེད་མཁན་གྱི་མི་སྣ་ཇི་ལྟར་འདེམས། མང་གཙོའི་ལམ་ལུགས་འདི་ཡར་རྒྱས་སུ་ཇི་ལྟར་གཏོང་། འདི་ལྟར་བསམ་གྱིན་བསམ་གྱིན། འདི་ལྟར་དཔྱད་ཀྱིན་དཔྱད་ཀྱིན། ངེད་ཀྱིས་འདི་འདྲ་བསམ།
༧གོང་ས་མཆོག་ནས་མང་གཙོའི་ལམ་ལུགས་འདི་མི་མང་ལ་གསོལ་རས་གནང་བ་ནང་བཞིན་ལམ་ལུགས་འདི་ཚད་མཐོར་སླེབས་མེད་པ་འདི་ཡང་། ཕུགས་དེད་ན་མི་མང་གི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་བཅས་ལ་དོ་སྣང་བྱེད་ཕྱོགས་ནས་འཐུས་ཤོར་ཆེན་པོ་ཞིག་ཕྱིན་འདུག་སྙམ། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཡང་། མི་མང་གི་ངོས་ནས་སོ་སོའི་གཞུང་དང་དེའི་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཁག་ལ་དོ་སྣང་ཇི་ཙམ་མང་བ་སླེབས་ན། དེ་ཙམ་གྱིས་སོ་སོར་ཡོད་པའི་ཐོབ་ཐང་དང་འོས་འགན་ཁག་བསྒྲུབ་གི་རེད། ཇི་ཙམ་གྱིས་སོ་སོར་ཡོད་པའི་ཐོབ་ཐང་དང་འོས་འགན་ཟེར་བ་འདི་གཉིས་ཀྱི་ཕྱོགས་ལ་བསམ་བློ་འཁོར་ན། ཐོབ་ཐང་དང་འོས་འགན་གཉིས་ཡོང་སའི་སྒྲིག་གཞི་དེའི་ཆ་ཤས་ལེན་གྱི་རེད། མི་མང་གི་ནང་དུ་ཆ་ཤས་ལེན་མཁན་ཇི་ཙམ་གྱིས་མང་དུ་སོང་ན། སྒྲིག་གཞི་དེ་ཡང་རིམ་བཞིན་ཚགས་ཚུད་དུ་འགྲོ་གི་རེད། རྒྱུ་མཚན་འདི་འདྲར་བརྟེན། བཙན་བྱོལ་མི་མང་གི་ངོས་ནས་ཇི་སྲིད་རང་གི་གཞུང་དང་དེའི་ལས་དོན་བྱེད་ཕྱོགས་ཁག་ལ་དོ་སྣང་སྤྲད་དེ་རང་ལ་ཡོད་པའི་མང་གཙོའི་ཐོབ་ཐང་དང་འོས་འགན་གཉིས་མ་བསྒྲུབ་བར་དུ། བཙན་བྱོལ་གྱི་མང་གཙོ་དེ་ཡང་ཡར་རྒྱས་དང་ཚགས་ཚུད་མེད་པའི་མུར་ལྷག་བསྡད་གི་རེད། དཔེར་ན། གྲོས་ཚོགས་ཟེར་བའི་མང་གཙོའི་ཀ་བ་འདི་བྱུང་ནས་མི་ལོ་ལྔ་བཅུ་ཙམ་ཕྱིན་པའི་དེ་རིང་ཡང་། སྡུག་ས་ནས་སྤྱི་བའི་འཐུས་མི་འགའ་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་པའི་ཉེར་ལེན་ལ་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཡང་མཇུག་སྡོམ་རྒྱག་མ་ཐུབ་པའི་གནས་སྟངས་འདིས་ནི། རང་རེའི་མང་གཙོ་དེ་ཡིག་ཆ་ཁག་དང་ལྟ་གྲུབ་ཀྱི་ཐོག་ནས་མ་ཡིན་པར་ལག་ལེན་གྱི་ཐོག་ནས་གང་ལ་སླེབས་ཡོད་མེད་ཀྱི་གནས་སྟངས་ཤིག་ངོ་སྤྲོད་ཀྱིན་འདུག དེས་ན། བཙན་བྱོལ་བོད་མི་ཚོའི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་ངོ་འཕྲོད་པའི་སྒོ་ནས་མང་གཙོའི་ཁེ་དབང་ཆ་ཚང་ལེན་ཐུབ་ལ་འབད་དགོས་ཀྱི་འདུག་པ་མ་ཟད། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དང་སྤྱི་འཐུས་འོས་བསྡུ་གཉིས་ལ་ཉུང་མཐར་ཡང་བཙན་བྱོལ་བོད་མིའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ཅུ་ཙམ་གྱིས་ཆ་ཤས་ལེན་དགོས་ཀྱི་འདུག 
གསུམ།་ ༧གོང་ས་མཆོག་དགུང་གྲངས་མཐོ་ནས་མཐོ་འགྲོ་བཞིན་པ་དང་བོད་ནང་གི་བོད་མིའི་གནས་སྟངས་ཇེ་སྡུག་ནས་ཇེ་སྡུག་ལ་འགྲོ་བཞིན་པའི་གནད་དོན་འདི་གཉིས་བསམ་ན།
ཕྱི་སྡོད་བོད་རིགས་ཤེས་ལྡན་པ་རྣམས་ཀྱིས་མཉམ་རུབ་བྱེད་དགོས་བའི་དུས་ལ་བབ་འདུག དེ་ཡང་། ད་ལྟའི་དུས་སུ། བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་དུ། བོད་རིགས་ཆེད་ལས་བ་དང་རིགས་གཅིག་རྐང་འཛིན་པ་། ཞིབ་འཇུག་པ་་སོགས་ཇི་སྙེད་ཅིག་ཐོན་ཡོང་གི་ཡོད་རུང་། དེ་ཚོའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ཅུ་ལྷག་གི་ཤེས་འཇོན་གྱི་ཁ་གཏད་ས་ནི་བོད་པའི་སྤྱི་ཚོགས་མ་ཡིན་པར་གཞན་གྱི་་སྤྱི་ཚོགས་ཡིན་པ་མ་ཟད་ཞབས་འདེགས་ཞུ་ཡང་གཞན་གྱི་སྤྱི་ཚོགས་ཆགས་འདུག གལ་སྲིད་གནས་སྟངས་འདི་མུར་ལྷག་ཚེ། བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཡོངས་ནུས་བ་ཤུགས་ཆུང་དུ་འགྲོ་བ་མ་ཟད་ལས་དོན་རླབས་ཆེན་སྒྲུབ་ཐུབ་རྒྱུའི་རེ་བ་ཡང་ཆུང་ཆུང་རེད།་ ད་ལྟའི་དུས་ཚོད་འདི་སྒེར་གྱི་འཇོན་ནུས་དེ་སྒེར་གྱི་འཚོ་སྡོད་ཁེ་ཕན་གཅིག་པོའི་ཐོག་ལ་གཏོང་བ་དང་སྤྱི་ཚོགས་གཞན་ཞིག་ལ་ཞབས་འདེགས་ཞུ་བའི་དུས་ཚོད་རེད་མི་འདུག ད་ལྟའི་དུས་ཚོད་འདི་སྒེར་གྱི་འཇོན་ནུས་སྤྱི་ལ་སྤུངས་བ་དང་སྤྱི་བའི་ཆེད་དུ་འཇོན་ཐང་ཅན་ཚོས་མཉམ་རུབ་ཀྱི་སྒོ་ནས་མཉམ་ལས་བྱེད་པའི་དུས་ཚོད་རེད།  ད་ལྟའི་དུས་ཚོད་འདི་མཉམ་རུབ་ཀྱི་སྒོ་ནས་རང་གི་མི་མང་ལ་སྣེ་འཁྲིད་པ་དང་རང་གི་དབུ་འཁྲིད་ལ་རོགས་རམ་གནང་བའི་དུས་ཚོད་རེད། དེས་ན།
བོད་རིགས་ཆེད་ལས་བ་དང་རིགས་གཅིག་རྐང་འཛིན་པ། ཞིབ་འཇུག་པ། མདོར་ན། བཙན་བྱོལ་བོད་མིའི་ཤེས་ཡོན་པའི་སྡེ་ཡིས་མཉམ་རུབ་ཀྱི་སྒོ་ནས་མཉམ་ལས་བྱས་ཏེ་རང་གི་གཞུང་དང་རང་གི་མི་མང་ལ་སྣེ་འཁྲིད་པའི་དུས་ལ་བབ་འདུག  ༧གོང་ས་མཆོག་ནས་བོད་རིགས་ཤེས་ལྡན་པ་ཚོས་རང་གི་གཞུང་དང་དེའི་འཛིན་སྐྱོང་ལ་རོགས་རམ་གནང་དགོས་ཀྱི་འདུག་ཞེས་བཀའ་སློབ་ཡང་ནས་བསྐྱར་དུ་ཕེབས་བཞིན་པ་དེའི་སྙིང་དོན་ཡང་། བོད་རིགས་ཤེས་ལྡན་པ་ཚོས་མཉམ་ལས་བྱེད་དགོས་བའི་གནད་འགག་དེ་རེད། བོད་རིགས་ཤེས་ལྡན་པ་ཚོས་མཉམ་ལས་བྱེད་དགོས་རྒྱུ་འདི་ཡང་དུས་ལ་བབ་པའི་འགན་འཁྲི་ཞིག་ཆགས་ནས་འདུག
འདི་ལྟར།་ བཙན་བྱོལ་བོད་མིའི་ནུས་ཤུགས་་༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ལ་སྤུངས་བ་དང་བཙན་བྱོལ་བོད་མི་ཚོའི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་ངོ་འཕྲོད་དེ་མང་གཙོའི་ཁེ་དབང་ལེན་པ། བོད་རིགས་ཤེས་ལྡན་པ་ཚོས་མཉམ་རུབ་སྒོས་རང་གི་མི་མང་དང་གཞུང་ལ་སྣེ་འཁྲིད་དང་རོགས་འདེགས་བྱེད་རྒྱུ་བཅས་གསུམ་ནི་དུས་ལ་བབ་པའི་འགན་འཁྲི་ཆགས་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 24

  1. ཡེ་ཤེས། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧ

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ལགས

    Reply
  3. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་རིག་འབྱུང་ལེགས་ཁྱེད་ཀྱི་གསུངས་བར་གནས་ལུགས་ངོ་མ་ཞིག་དང་སྐབས་སུ་བབ་བའི་སྐད་ཆ་རིན་ཐང་ཅན་ཞིག་ཏུ་མཐོང་སོང་། ཁ་སྔོན་གུས་པས་་ཁྱེད་ཀྱི་ཨ་རིའི་གློག་འཕྲིན་ནང་བཅར་འདྲི་དང་ལེན་བྱས་སོང་སྐབས་ཁྱེད་ཀྱི་ཟིན་བྲིས་དེ་ཁ་བརྡ་དྲ་སྟེང་དུ་ཡོད་པ་ཐོས་པས་ཐེངས་མང་པོ་བཀླགས་པ་ཡིན། ཁྱེད་ཀྱི་གསུངས་བ་ནང་བཞིན་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ནང་ནས་རྒྱ་མི་རིགས་ཀྱིས་ང་ཚོའི་ཡོད་ཚད་རྒུད་བཅུག་སོང་བས། ང་ཚོས་རྒུད་བཅུག་མཁན་ཁོ་ཚོར་བརྟེན་ནས་ཡང་བསྐྱར་གོ་ཟླུམ་འདིའི་རི་བོ་མཐོ་ས་དང་ཆུ་བོ་གཙང་ས་ནས་ཡར་ལང་འཇུག་པའི་རྣམ་དཔྱོད་ལ་རྟེན་དགོས་པར་ཧ་ཅང་གལ་ཆེ་བར་སྙམ་ལ། ༸རྗེ་༸གོང་ས་མཆོག་གི་འཁྲུལ་བ་མེད་པའི་ལམ་སྟོན་དེ་གཞིར་བཞག་གིས་ལངས་ཕྱོགས་གཅིག་ཏུ་འགྲོ་དགོས་པར་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་ཡང་སྣང་སོང་།

    Reply
  4. ནད་པ says:
    ལོ་ 16 སྔོན།

    རིག་འབྱུང་དོན་བཀྲས་གནད་དུ་འཁེལ་བ་ཞིག་བཤད་འདུག་པས་རྗེས་སུ་ཡིད་རངས་ཞུ། ༸ གོང་ས་མཆོག་སྐུ་འཚོ་བཞིན་བཞེངས་པའི་དུས་འདིར་གཞིས་བྱེས་གཉིས་ཀྱི་བོད་མིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཧུར་བརྩོན་བྱེད་དགོས་པའི་དུས་ཚོད་གལ་ཆེན་ཞིག་རེད།

    ད་ཆ་ང་ཚོས་རྒྱ་ནག་འདི་དང་མཉམ་དུ་ཁ་ཞེ་སྙིང་མེད་ཀྱིས་སྒོ་ནས་ཤེས་ཡོན་དང་། ལག་རྩལ། རིག་གཞུང་། ཆོས་ལུགས། ཆབ་སྲིད། དཔལ་འབྱོར། ནུས་ཤུགས། བསམ་བློ། མི་སྣ་སོགས་ཕྱོགས་གང་ས་ནས་མཉམ་དུ་མཐུན་སྒྲིལ་ཆེན་པོ་བྱས་ཏེ་རྒྱ་བོད་གཉིས་ཀར་ཁེ་ཕན་ཡོད་པའི་ལམ་ཕྱོགས་ཅིག་བཟུང་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེ་ཤོས་རེད།

    ང་ཚོ་མར་འགྱེལ་བ་དེ་ཡང་རྒྱ་ནག་གི་དུས་འྒྱུར་འོག་ནས་བྱུང་ཡོད་ལ་ད་ཆ་ང་ཚོ་ཡར་ལངས་དགོས་ན་ཡང་རྒྱ་ནག་གི་དུས་འྒྱུར་འོག་ནས་ལངས་ཐུབ་པའི་གོ་སྐབས་ཡོད་ལ་ལངས་དགོས་པ་ཞིག་ལའང་འབད་བརྩོན་མཉམ་འབྲེལ་བྱེད་དགོས།

    ང་ཚོས་རྒྱ་ནག་ལའང་ཁེ་ཕན་ཡོད་པའི་བསམ་བློ་གཏོང་དགོས་ལ་རོགས་རམས་ཡང་བྱེད་དགོས། རྒྱ་ནག་གི་ང་ཚོར་ཡང་ཡིད་ཆེས་དང་། ཕན་ཐོགས། རྒྱབ་སྐྱོར་བྱེད་པ་བཅས་ཀྱིས་སྒོ་ནས་རྒྱ་བོད་གཉིས་མཉམ་དུ་ཡར་ལངས་རྒྱུ་འབད་དགོས།

    Reply
  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོའི་བསམ་ཚུལ་རྣམས་སེམས་ལ་ཉར་ཡོད།
    རྗེས་སུ་མཇལ་ཡོང་།

    Reply
  6. ཐིག་ལེ says:
    ལོ་ 16 སྔོན།

    ང་རང་བོད་ཡིག་ཡག་པོ་དེ་ཙམ་མེད་པས་དགོངས་དག་ཞུ།་རྗེས་ལ་ཡར་རྒྱས་གཏོང་རྒྱུ་ཡིན།

    Reply
  7. ཐིག་ལེ says:
    ལོ་ 16 སྔོན།

    དྲ་གྲོགས་རིག་འབྱུང་དོན་གྲུབ་བཀྲིས་ལགས། ངས་ད་བར་ནི་ཁྱེད་ཀྱི་རྩོམ་ཡིག་ཀློག་ཐེངས་མང་བཀླགས་པ་ཡིན་ལ། ཁྱེད་ཀྱི་རྩོམ་ཡིག་དེ་ཚོས་བདག་ལ་བློ་སྒོ་གསར་པ་ཕྱེ་རུ་འཇུག་པ་མ་ཚད་རང་ཉིད་ཀྱང་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་དགའ་མོས་ཆེར་བསྐྱེད་ཀྱི་སེམས་ཤུགས་སླེབས་པར་བྱོལ་འདེབས་གང་མང་གནང་གིན་འདུག་པས། ངས་ཁྱེད་ཀྱིས་རིན་བྲལ་གྱི་དཔྱད་རྩོམ་གང་མང་བྲིས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྗེས་སུ་མུ་མཐུད་འདི་ལྟར་འབྲི་ཐུབ་པར་རེ་བ་ཡོད།

    Reply
  8. རི་བོང། says:
    ལོ་ 16 སྔོན།

    རིག་འབྱུང་དོན་བཀྲ་ལགས་ཀྱིས་ཡག་པོ་བྲིས་འདུག བསམ་ཚུལ་ཞིག་སྤེལ་འདོད་ཀྱང་དུས་ཚོད་ཀྱི་ཁོམ་པ་དང་། ཤེས་ཚད་གཉིས་ཀ་མི་ལྡན་གི ཐུགས་རྗེ་ཆེ་ཞུ་ལགས།

    Reply
  9. གཉན་པོ། says:
    ལོ་ 16 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས།
    ཐུགས་རྗེ་ཆེ། ཡག་པོ་བཤད་འདུག་རྗེས་སུ་ང་ཚོ་ཚང་མས་ཁ་བཤད་དོན་ཐོག་ཏུ་འཁེལ་ཐབས་ལ་འབད་དགོས་རྒྱུ་འདུག
    ད་ལྟའི་སྐབས་སུ་དཔྱད་གཏམ་འདི་འདྲ་མང་པོ་ཡོང་ན་ཕན་ཐོག་ཆེན་པོ་འདུག

    Reply
  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་གངས་གླག་ཞུ་བར་བསྐྱར་དུ་སྐད་ཆ་ཚིག་འགའ་བརྗོད་འདོད་བྱུང་།
    ངེད་ཀྱི་རྩོམ་འདིའི་ཐོག་ལ་། ཁྱེད་ལ་བསམ་ཚུལ་ཞིབ་ཕྲ་གསུངས་རྒྱུ་ཡོད་ན། དགག་ལན་ཞིབ་ཕྲ་ཕུལ་རྒྱུ་ཡོད་ན། རྒྱུ་མཚན་རྒྱབ་ལྗོངས་དང་བཅས་པ་མདུན་ལ་འཇོག་རྒྱུ་ཡོད་ན།
    སྐད་ཆ་འདི་དེ་ལ་བསུ་མ་ཡིན། བསམ་ཚུལ་དམིགས་བསལ་ཅང་མེད་ན་འདི་ཁྱེད་ལ་ཕུལ་བའི་མཆན་བུ་མཐའ་མ་དེ་ཡིན།
    དང་པོ། ད་ལྟ་བར་དུ་ངེད་ཀྱིས་ཁྱེད་རང་གི་བསམ་ཚུལ་ཅི་ཡིན་གོ་བ་ཡག་པོ་ཞིག་ལེན་ཐུབ་མ་སོང་། སྐུ་ཉིད་ཀྱི་ཁ་བརྡའི་སྒང་གི་མཆན་བུ་དེས་ཁྱེད་ཀྱི་བསམ་ཕྱོགས་གསལ་སྟོན་བྱས་འདུག ངེད་ཀྱིས་འདི་རུ་མང་གཙོའི་མཚན་ཉིད་དང་རང་བཞིན་གླེང་གི་ཡོད་པ་མ་རེད། གནས་སྟངས་གླེང་གི་ཡོད་པ་རེད། ཆུ་ཚོད་ཡོད་ན། རྩོམ་འདི་འགོ་ནས་བསྐྱར་དུ་ཐེངས་གཅིག་ྐློགས་།
    གཉིས་པ། ངེད་ཀྱི་སྐད་ཆ་དམར་རྗེན་དེའི་རྒྱབ་རྟེན་གཅིག་ནི་ངེད་ཀྱི་རྩོམ་ཡིག་སྔ་མ་སྤྱི་འཐུས་ཚོའི་སྐོར་གླེང་བ་ཟེར་བ་དེ་རེད། འདི་ནས་ྐློགས (https://tibettimes.net/wordpress/news.php?cat=5&cp=2&&id=1682)
    མང་གཙོ་ཟེར་དུས་བརྒྱ་ཁ་གཅིག་ཆོད་ཅིག་ཡོང་ན་འགྲིག་གི་མེད་པའི་བསམ་ཚུལ་དེ་ངེད་ལ་ཡང་ཡོད་རེད། རྩོམ་ཡིག་སྔ་མ་དེའི་ནང་དུ་བསམ་ཚུལ་དེའི་རིགས་ཡོད།
    གསུམ། ༧གོང་ས་མཆོག་གི་བཀའ་སློབ་དང་ལྗགས་རྩོམ་དེ་ཚོའི་ནང་དུ། ངེད་དང་ངོས་ཟེར་བ་གཉིས་ལས་གང་ཤུགས་ཆེར་བེད་སྤྱོད་གཏོང་གི་ཡོད་མེད་ལ་ཞིབ་འཇུག་བྱོས།
    འདི་ཁྱེད་ལ་དོགས་སློང་ཡིན། ངེད་ཀྱིས་གྲོགས་པོ་ཨ་རིག་འགྱུར་མེད་ཀྱི་ཟིན་བྲིས་སུ་བཏབས་པའི་མཆན་བུ་ཞིག་ཏུ། ངེད་ཞེས་བ་འདི་ང་ལ་ཇི་ལྟར་འབྱར་མིན་གྱིས་སྐོར་ནས་གྲོགས་པོ་ཁོང་ནས་དོགས་སློང་གནང་བ་ཞིག་ལ་ལན་ཕུལ་ཡོད། དེར་སོང་ནས་ྐློགས
    བཞི་པ། ངེད་ཀྱིས་འདི་རུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་སྐོར་གླེང་མེད། དཔལ་འབྱོར་གྱི་ཁྲོམ་ར་རྒྱ་བསྐྱེད་བྱེད་སྟངས་ཀྱི་སྐོར་ནས་ཅུང་ཙམ་གླེང་ཡོད། གཞན། ཨ་རིའི་དཔལ་འབྱོར་ཉམས་རྒུད་དང་དེའི་རྒྱུ་རྐྱེན་སོགས་ཀྱི་སྐོར་ནས་བྲིས་བ་དང་གླེང་མོལ་བྱས་བ་གཉིས་ཀ་དྲ་ཐོག་ན་ཡོད། དེ་ཚོར་ལྟོས།
    ལྔ་བ། སྐུ་ཉིད་ནས་ང་ཚོས་དུས་ནམ་ཡང་གནད་དོན་གཅིག་ལ་ཕྱོགས་གཅིག་ནས་མ་གཏོགས་བསམ་བློ་གཏོང་གི་མེད་པ་ནི་ནོར་འཁྲུལ་རེད་གསུངས་བ་དེར་རྒྱབ་སྐྱོར་ཡོད།
    ངེད་ཀྱིས་ཀྱང་དེ་ལྟར་བསམ་བཞིན་ཡོད། དུས་རྟག་ཏུ་བསམ་བཞིན་ཡོད།
    དྲུག་པ། སྐུ་ཉིད་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དེས་བོད་དོན་ལ་ཕན་ཐོགས་སྲིད་པ་རེད། རྗེས་སུ་དེའི་ཐད་ལ་ཞིབ་འབྲི་བྱེད་ན་འདོད་ཟེར་བ་གོ་བར་དགའ་ཞིང་སྤྲོ་ནས་ཡོད། རྒྱུ་མཚན། དེ་རིང་སང་ཉིན་བོད་རིགས་རྩོམ་འབྲི་བ་ཚོའི་ཁྲོད་ན་དེའི་སྐོར་ལ་བཤད་མཁན་རེ་ཟུང་མ་གཏོགས་འབྲི་མཁན་མི་འདུག ཁྱེད་ཀྱིས་ཅིག་ཕྲིས་དང་།
    ངེད་ཀྱིས་དེ་ལ་བསམ་ཚུལ་འགའ་ཁ་སྣོན་རྒྱག་གི་ཡིན། ཁྱེད་དང་མཉམ་དུ་བགྲོ་གླེང་བྱེད་ཀྱི་ཡིན།
    བདུན་། ཁྱེད་རང་གི་མཆན་བུ་སྔ་མ་དེ་ཚོར་གོ་རྒྱུ་ཡོད་མེད་དང་ཡིག་ནོར་ཡོད་མེད་ལ་མ་བལྟོས་བར། གང་བསམ་པ་དེ་ཡིག་ཐོག་ལ་བྲིས་བར་རྗེས་སུ་ཡི་རངས་ཡོད།
    བཀའ་དྲིན་ཆེ་ཞུ་བཞིན་ཡོད།
    བརྒྱད་། ཁྱེད་རང་རྒྱ་གར་དུ་བཞུགས་ནས་རང་གི་གཞུང་དང་དེའི་མང་གཙོའི་ལམ་ལུགས་དང་གནསས་བབ་སོགས་ཀྱང་མཁྱེན་གྱི་མེད་ན། དེ་ཅུང་ཙམ་རྗེས་ལུས་རེད་ཞུ་འདོད་བྱུང་།

    (ཞོར་འཕྲོས། ཁྱེད་ཚོའི་ཤེས་བྱ་ཟེར་བའི་དྲ་ཚིགས་དེ་ཡག་པོ་འདུག མཐོ་སློབ་ཀྱི་སློབ་མ་ཚོས་བསམ་ཚུལ་གླེང་ས་ལ་ཡང་ཡག་པོ་འདུག ངེད་ཀྱང་རྗེས་ཕྱོགས་དེ་རུ་ཡོང་ནས་གྲོགས་པོ་ཁྱེད་ཚོའི་མཉམ་དུ་གླེང་མོལ་བྱེད་ཀྱི་ཡིན། དེ་ཙམ་ཡིན། )

    Reply
  11. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    Sorry my computer does not let me type in Tibetan.

    Reply
  12. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    +!:-14|=-?-9m#-;=-8Ds$=-9{-<{=-#){:k

    Reply
  13. གངས་གླག says:
    ལོ་ 16 སྔོན།

    གོང་གི་མཆན་ལ་ཅུང་ནོར་བཅོས་བྱས་རྗེས

    “ངེད་ཀྱིས”ཞེས་པའི་ཚིག་འདི་མཐོང་ཡོང་དུས་ངས་༧གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་བསླབ་ནས་མཐོང་གིས་ཡོད་པ་ལས་གཞན་ཚིག་འདི་ནི་སྐྱེས་ཆེན་དང་ཤེས་ལྡན་པ་མང་པོས་ཀྱང་བེད་སྤྱོད་གཏོང་པར་མཐོང་མྱོང་མེད་པས། མི་དམངས་སྐྱུས་མ་དང་ཤེས་མེད་ང་ཚོ་འདྲ་བོས་བེད་སྤྱོད་གཏོང་པར་མཐོང་དུས་ཅུང་ལན་པོ་མེད་པ་སྙམ་། སྤྱི་བཏང་ནས་སྤྱི་ཚོགས་གང་ཡིན་ཡང་སྐྱེས་བའི་གོ་གནས་དང་ཆེ་མཐོང་ལ་བསྟོན་ནས་ཚིག་གི་བཀོད་སྤྱོད་ཐད་ལའང་མི་འདྲ་པ་ཡོད་ལ། འདི་ནི་མཚམས་རེར་ང་ཚོ་ལ་ངེས་དགོས་ཡིན་པར་སྙམ། བྱས་ཙང་ “ངེད་ཀྱིས” ནི་ཁྱེད་ལའང་རན་པོ་མི་འདུག་པས་དེའི་ཐད་བསམ་བློ་ཐོངས། འདི་ནི་ཁྱེད་ལ་རྕ་བ་ནས་མི་རངས་བའི་བསམ་ཚུལ་ཙམ་ཡིན།
    ཡ….མྱི་དམ། ད་རྗེས་སུ་མཇལ་ཡོང་། སྒུག་ནས་སྡོད་ཨཱ…..ང་ཡོང་ནི་རེད་དོ…..ད་དུང་ཁྱེད་ཀྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་དེའི་རྐྱེན་པས་བོད་ཀྱི་ཆབ་སྲིད་ལ་གནོད་སྐྱོན་ཆེས་ཆེར་ཐེབས་ཀྱིས་རེད་ཅེས་བཤད་པ་དེའང་གཡག་ཞར་རས་རྩྭ་བཟའ་པ་ལས་མ་མཐོང་། ང་ཚོས་དུས་ནམ་ཡང་གནད་དོན་གཅིག་ལ་ཕྱོགས་གཅིག་ནས་མ་གཏོགས་བསམ་བློ་གཏོང་སྲོལ་མེད་པ་དེ་ནི་ནོར་འཁྲུལ་རེད། རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་པ་དེའི་རྐྱེན་པས་བོད་ཀྱི་གནད་དོན་ལ་ཕན་ཡང་འདོགས་སྲིད་ཀྱིས་རེད། རྗེས་སུ་འདིའི་ཐད་ཞིབ་འབྲི་བྱེད་ན་འདོད།
    མྱི་དམ……བདེ་མོ

    Reply
  14. གངས་གླག says:
    ལོ་ 16 སྔོན།

    “ངེད་ཀྱིས”ཞེས་པའི་ཚིག་འདི་མཐོང་ཡོང་དུས་ངས་༧གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་བསླབ་ནས་མཐོང་གིས་ཡོད་པ་ལས་གཞན་ཚིག་འདི་ནི་སྐྱེས་ཆེན་དང་ཤེས་ལྡན་པ་མང་པོས་ཀྱང་བེད་སྤྱོད་གཏོང་པར་མཐོང་མྱོང་མེད་པས། མི་དམངས་སྐྱུས་མ་དང་ཤེས་མེད་ང་ཚོ་འདྲ་བོས་བེད་སྤྱོད་གཏོང་པར་མཐོང་དུས་ཅུང་ལན་པོ་མེད་པ་སྙམ་ལ། སྤྱི་བཏང་ནས་སྤྱི་ཚོགས་གང་ཡིན་ཡང་སྐྱེས་བའི་གོ་གནས་དང་ཆེ་མཐོང་ལ་བསྟོན་ནས་ཚིག་གི་བཀོད་སྤྱོད་ཐད་ལའང་མི་འདྲ་པ་ཡོད་ལ། འདི་ནི་མཚམས་རེར་ང་ཚོ་ལ་ངེས་དགོས་ཡིན་པར་སྙམ། བྱས་ཙང་ “ངེད་ཀྱིས” ནི་ཁྱེད་ལའང་རན་པོ་མི་འདུག་པས་དེའི་བསམ་བློ་ཐོངས། འདི་ནི་ཁྱེད་ལ་རྕ་བ་ནས་མི་རངས་བའི་བསམ་ཚུལ་ཙམ་ཡིན།
    ཡ….མྱི་དམ། ད་རྗེས་སུ་མཇལ་ཡོང་། སྒུག་ནས་སྡོད་ཨཱ…..ང་ཡོང་ནི་རེད་དོ…..ད་དུང་ཁྱེད་ཀྱིས་རྒྱ་ནག་གི་དཔལ་འབྱོང་འཕེལ་རིམ་དེའི་རྐྱེན་པས་བོད་ཀྱི་ཆབ་སྲིད་ལ་གནོད་སྐྱོན་ཆེས་ཆེར་ཐེབས་ཀྱིས་རེད་ཅེས་བཤད་པ་དེའང་གཡག་ཞར་རས་རྩྭ་བཟའ་པ་ལས་མ་མཐོང་། ང་ཚོས་དུས་ནམ་ཡང་གནད་དོན་གཅིག་ལ་ཕྱོགས་གཅིག་ནས་མ་གཏོགས་བསམ་བློ་གཏོང་སྲོལ་མེད་པ་དེ་ནི་ནོར་འཁྲུལ་རེད། རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་པ་དེའི་རྐྱེན་པས་བོད་ཀྱི་གནད་དོན་ལ་ཕན་ཡང་འདོགས་ཀྱིས་ཡོད། རྗེས་སུ་འདིའི་ཐད་ཞིབ་འབྲི་བྱེད་ན་འདོད།
    མྱི་དམ……བདེ་མོ

    Reply
  15. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ངེད་ཀྱིས་བྲིས་བའི་ཚིག་དམར་རྗེན་དེ་ངེད་ཀྱིས་ྐློག་པ་པོ་ཚོའི་མདུན་ལ་བཞག་པའི་དཔེ་མཚོན་གཅིག་ཡིན།
    བསམ་ཚུལ་མི་མཐུན་པ་ཡོད་ན། དགག་ལན་ཆར་བ་འབབ་འབབ་གནང་རོགས། སྒུག་ནས་བསྡད་ཡོད།
    ལོ་རྒན་ལྔ་བཅུ་ལོན་པའི་བཙན་བྱོལ་གྱི་མང་གཙོ་འདི་ལ་བསམ་ཚུལ་མི་མཐུན་པ་ཡོད་ན།
    བསམ་ཚུལ་ཞིབ་ཀྱིས་གླེང་རོགས། སྙན་ངག་པ་ཚོའི་ཚིག་ལ་གོ་བ་ལེན་སྟངས་དམིགས་བསལ་ཡོད་ན།
    དེ་ཚོ་ཡང་ཞོར་ལ་གླེང་རོགས། རྗེས་སུ་ཡི་རངས་ཡོད།

    Reply
  16. གངས་གླག says:
    ལོ་ 16 སྔོན།

    གོང་དུ་མགྱོགས་བྲིས་ཀྱིས་རྐྱེན་པས་ཡིག་ནོར་ཁ་ཤས་ཤོར་འདུག་པས་དགོངས་དག་པར་གྱིས།

    Reply
  17. གངས་གླག says:
    ལོ་ 16 སྔོན།

    དྲ་གྲོགས་དོན་གྲུབ་བཀྲིས་ལགས། ཁྱེད་ཀྱིས་ངས་བྲིས་པའི་མང་གཙོའི་མཚན་ཉིད་དེ་ལ་གོ་བ་ལོན་མི་འདུག་ལ་ཁྱེད་ཀྱིས་ངས་ཅིའི་ཕྱིར་འདི་ལྟར་བྲིས་པའི་སྐོར་ལའང་བསམ་བློ་ཞིག་བཏང་མི་འདུག་སྙམ།
    “དཔེར་ན། གྲོས་ཚོགས་ཟེར་བའི་མང་གཙོའི་ཀ་བ་འདི་བྱུང་ནས་མི་ལོ་ལྔ་བཅུ་ཙམ་ཕྱིན་པའི་དེ་རིང་ཡང་། སྡུག་ས་ནས་སྤྱི་བའི་འཐུས་མི་འགའ་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་པའི་ཉེར་ལེན་ལ་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཡང་མཇུག་སྡོམ་རྒྱག་མ་ཐུབ་པའི་གནས་སྟངས་འདིས་ནི། རང་རེའི་མང་གཙོ་དེ་ཡིག་ཆ་ཁག་དང་ལྟ་གྲུབ་ཀྱི་ཐོག་ནས་མ་ཡིན་པར་ལག་ལེན་གྱི་ཐོག་ནས་གང་ལ་སླེབས་ཡོད་མེད་ཀྱི་གནས་སྟངས་ཤིག་ངོ་སྤྲོད་ཀྱིན་འདུག”

    འདི་ནི་ཁྱེད་ཀྱིས་བྲིས་པའི་ཚིག་དམར་རྗེན་དེ་ཡིན་ལ། ངས་མཆན་ལན་དེའི་དམིགས་ས་གཙོ་བོ་དེའང་ཡིན། སྤྱི་མཐུས་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་པ་དེ་ནི་མང་གཙོའི་མཚན་ཉིད་དང་རང་བཞིན་ལ་མ་མཐུན་པ་ཞིག་རྩ་བ་ནས་མ་རེད་ལ། རྒྱུ་མཚན་དེ་ལ་བརྟེན་ནས་བཙན་བྱོལ་བོད་ཀྱི་མང་གཙོ་ནི་ཁྱེད་ཀྱིས་གསུངས་པ་ནང་བཞིན་ཚད་དམའ་བོ་ཞིག་ལ་སླེབས་ཡོད་པ་ནི་དེ་བས་ཀྱང་ཚབ་མཚོན་བྱེད་མི་ཐུབ། ངས་གོང་དུ་བྲིས་པའི་མང་གཙོའི་མཚན་ཉིད་ནི་རྒྱ་གར་གྱི་སྐྱེས་ཆེན་དམ་པ་དང་འཛམ་གླིང་ནང་ཆེས་མཚན་སྙན་ཆེ་བའི་སྙན་ངག་མཁན་དང་ཆབ་སྲིད་སྨྲ་བ་Rabindranath Tagore་གིས་སྙན་ངག་ཐོག་མང་གཙོ་ལ་བྲིས་པའི་མཚན་ཉིད་ཞིག་རེད་ལ། དེའི་དོན་ཡང་ཚིག་བསྒྱུར་ཁོ་ནའི་ལམ་ནས་རྟོགས་པ་དང་རྟོགས་ཐབས་བྱེད་རྒྱུ་མེད་པར། སོ་སོའི་མང་གཙོའི་གོ་བ་གང་ཙམ་ཡོད་པའི་ཐོག་ཚིག་དོན་ཟུང་འབྲེལ་གྱིས་གོ་བ་ལེན་དགོས་པ་ཞིག་ཡིན་པ་ལས་ཁྱེད་ཀྱིས་འདི་ལྟར“སེམས་ལ་སྐྲག་སྣང་མེད་པར་མགོ་བོ་མཐོ་རུ་མགྱོགས་ཐུབ་པ་དགོས་རྒྱུ་དེ་མང་གཙོའི་དོན་དག་ཡིན་མིན་གང་ལྟར་ཡང་།”སོགས་གོ་བ་ལེན་པ་དང་ཚིག་བསྒྱུར་བྱས་པ་ནི་དགོད་བྲོ་བའི་སྐད་ཆ་ལས་གཞན་མ་མཆིས།
    དྲ་གྲོགས་མང་པོས་ཁྱེད་ཀྱིས་གང་བཤད་པ་ལ་ཡི་རངས་མདོག་གིས་མཆན་ལན་མང་པོ་བྲིས་འདུག་མོད། ངས་དངོས་གནས་དེ་ལ་རྒྱུ་མཚན་དེ་ཙམ་མཐོང་མི་འདུག་ལ། དེ་ལས་ལྡོག་ཏེ་ཁྱེད་ཀྱི་དཔྱད་གཏམ་འདི་དང་དཔྱད་གཏམ་འདེ་ལ་མཆན་ལན་འདེབས་སྟངས་ལ་བལྟས་ནས་ད་གཟོད་ང་ཚོའི་སྤྱི་ཚོགས་ནང་མང་གཙོའི་གོ་བ་ལེན་ཕྱོགས་ཐད་ཚད་གཞི་དངོས་གནས་དམའ་བོ་ཡིན་པར་ཚོར།
    ད་ཐེངས་དུས་ཚོད་དེ་ཙམ་མེད་པས་ཁྱེད་ལ་ཞིབ་བྲིས་བྱེད་ཁོམས་མ་བྱུང་། རྗེས་སུ་འུ་གཉིས་ལྷོད་ལྷོད་ངང་མཇལ་ཡོང་། མི་རིགས་འཐབ་རྩོད་ཀྱི་ལམ་ནས་སྤུན་ཟླ་ཕན་ཚུན་བགྲོ་གླེང་བྱེད་དུས་ཚིག་རྩུབ་དང་ཁ་རྩོད་སོགས་ཡོང་པ་ནི་འགོག་ཏུ་མེད་པའི་གནས་ཚུལ་ཞིག་ཡིན་པས། ཁྱེད་ཀྱིས་ངས་སྐད་ཆ་ལ་ཁོང་ཁྲོ་མ་ལངས་པར་མཁྱེེན།

    Reply
  18. GYAMTSO says:
    ལོ་ 16 སྔོན།

    ཡག་པོ་པེ་རང་བྲིས་འདུག ད་ལྟའི་སྐབས་སུ་དཔྱད་གཏམ་འདི་འདྲ་མང་པོ་ཡོང་ན་ཕན་ཐོག་ཆེན་པོ་འདུག ཐུགས་རྗེ་ཆེ།

    Reply
  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    གོང་དུ་དྲ་གྲོགས་ཤིག་ནས་ཚིག་གི་བརྗོད་པ་ལ་མ་བལྟས་པར་བསམ་ཚུལ་ཡག་པོ་ཞིག་བཤད་འདུག
    དེ་ལ་རྗེས་སུ་ཡི་རངས་སོ། བསམ་ཚུལ་དེ་འདྲའི་རིགས་ནི་ཡོང་དགོས་ངེས་ཤིག་རེད། སེམས་ལ་སྐྲག་སྣང་མེད་པར་མགོ་བོ་མཐོ་རུ་མགྱོགས་ཐུབ་པ་དགོས་རྒྱུ་དེ་མང་གཙོའི་དོན་དག་ཡིན་མིན་གང་ལྟར་ཡང་། དེ་ལྟའི་སྤྱི་ཚོགས་ཤིག་དགོས་རྒྱུ་ནི་གལ་ཆེན་རེད་ལ་ང་ཚོ་གནས་སྡོད་བྱེད་ས་ཡང་དེ་འདྲའི་སྤྱི་ཚོགས་ཤིག་རེད། བསམ་ཚུལ་མ་འདྲ་བ་དང་ལས་འགུལ་སྤེལ་སྟངས་མ་འདྲ་བ་དགོས་རྒྱུ་དེ་མང་གཙོའི་ཁྱད་ཆོས་རེད། ཁ་སང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བོད་རྒྱལ་ལགས་དང་གོང་གི་ངེད་ཀྱི་རྩོམ་ཡིག་འདིའི་སྐོར་ལ་གླེང་མོལ་བྱུང་བའི་སྐབས་སུ་ཡང་། ཁོང་ནས་ཀྱང་ངེད་ལ་༧གོང་ས་མཆོག་གི་དགོངས་པའི་རྗེས་སུ་ཀ་ལངས་ལངས་བྱེད་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་དེ་དང་མང་གཙོ་ཟེར་བའི་ལམ་ལུགས་འདིའི་ངོ་བོའམ་ཁྱད་ཆོས་ཀྱི་ཕྱོགས་ནས་དྲི་བ་ཞིག་བཏོན་སོང་། ངེད་རང་སྒེར་གྱི་ངོས་ནས་གནད་དོན་དེ་དག་ལ་བསམ་ཞིབ་མ་བྱས་བར་རྨོངས་འཆར་སྤེལ་བ་དེ་འདྲ་མིན་།
    གང་གིས་ཞེ་ན། ད་ལྟའི་དུས་སུ་ཕྱི་སྡོད་བོད་རིགས་ཚོས་༧གོང་ས་མཆོག་གི་དགོངས་གཞིའི་ཕྱོགས་སུ་ལངས་དགོས་ཀྱི་འདུག་ཟེར་བ་དང་ལས་འགུལ་གྱི་ནུས་བ་ཡང་༧གོང་ས་མཆོག་གིདགོངས་པའི་ཕྱོགས་སུ་སྤུངས་དགོས་ཀྱི་འདུག་ཟེར་བ་དེ་ལ་རྒྱུ་མཚན་འགའ་ཡོད།
    དང་པོ། ངེད་ཚོ་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་ཕྱིན་པའི་དེ་རིང་ཡང་ང་ཚོའི་རྩ་དོན་འཐབ་རྩོད་ལ་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་ཡོང་གི་མེད་པ་མ་ཟད་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་མེད་པ་དེ་ལ་བརྟེན་ནས་གྲུབ་འབྲས་དོན་ཕན་ལྡན་པ་ཞིག་ཀྱང་ཡོང་མི་འདུག
    གཉིས། ༧གོང་ས་མཆོག་གི་སྐུ་ཚེའི་རིང་ལ་ཁོང་ནས་བཏོན་གནང་བའི་དགོངས་གཞི་དེ་ལ་གྲུབ་འབྲས་ཤིག་སོན་དགོས་ཀྱི་འདུག
    གསུམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དག་མུ་མཐུད་གནས་ཐབས་དང་རྒྱ་ནག་སྲིད་གཞུང་གི་ངོས་ནས་འཁྱོག་བརྗོད་བྱེད་མིན་ལ་མ་ལྟོས་བར་བོད་མིའི་འཐབ་རྩོད་ཀྱི་ལངས་ཕྱོགས་གཅིག་གྱུར་ཡོང་དགོས་ཀྱི་འདུག
    བཞི། གནས་སྟངས་གཙོར་འཇོག་གི་ཐབས་ལམ་ལ་བརྟེན་ནས་བོད་རྒྱའི་དཀའ་ངལ་སེལ་ཐབས་ལ་འབད་དགོས་ཀྱི་འདུག
    ཞོར་འཕྲོས། ད་ལྟའི་དུས་སུ། བོད་རིགས་ཤེས་ལྡན་པ་དག་གི་ཁྲོད་དུ། ༧གོང་ས་མཆོག་གི་དགོངས་གཞི་ལ་བསྐྱར་ཞིབ་བྱེད་དགོས་བའི་བསམ་ཚུལ་ཡོད་ན། དེ་ནི་ཅུང་ཙམ་རྗེས་ལུས་ཀྱི་བསམ་ཚུལ་རེད།

    Reply
  20. གངས་གླག says:
    ལོ་ 16 སྔོན།

    “Where the mind is without fear,
    And the head is held high”

    This is the definition of democracy. Brush up your basics, child. The meaning of democracy, if defined according to your mistaken notions, would lose its significance completely. So before posting crap, do THINK, else what you do is foolishly expose your ignorance to the world.
    thank you

    Reply
  21. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྒྱ་ནག་གི་དཔལ་འབྱོར་ཁྲོམ་ར་ཆེ་རུ་ཕྱིན་པ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་དོན་ལ་རྣམ་འགྱུར་རམ་ལྟ་སྟངས་གཞན་ཞིག་ཡོང་གི་ཡོད་པ་དེ་ཡང་དངོས་ཡོད་གནས་ཚུལ་ཞིག་རེད་འདུག་སྙམ། འདིའི་སྐོར་ནས་ངེད་ཀྱིས་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ནས་རྨོངས་འཆར་ཞིག་འབྲི་ཨེ་ཐུབ་བལྟ་གི་ཡིན། རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་སྐོར་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གླེང་སྟེགས་ཞེས་བའི་ལེ་ཚན་དུ་གསར་འགོད་པ་དཔལ་ལྡན་རྒྱལ་དང་མཉམ་དུ་གླེང་མོལ་ཞིག་བདུན་ཕྲག་སྔོན་མར་བྱས་ཡོད།

    Reply
  22. ཀླུ་རྩེད། says:
    ལོ་ 16 སྔོན།

    བརྒྱུད་ལམ་ཁག་ཏུ་ད་ལོ་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་མགྱོགས་ཚད་མྱུར་ཤས་ཏེ་རེད་ཟེར་གྱི་འདུག རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཅི་ཙམ་་གྱིས་ལེགས་པ་དེ་ཙམ་གྱིས་བོད་དོན་འདི་རྒྱང་རིང་ནས་རྒྱང་རིང་དུ་ཕུད་ཀྱི་ཡོད་པ་མ་རེད་དམ། རིག་འབྱུང་ལགས་ནས་འདིའི་སྐོར་གྱི་དཔྱད་བརྗོད་རེ་སྤེལ་ཐུབ་ན་ཀློག་པ་པོ་ཕྲན་ལྟ་བུ་གང་མང་ཞིག་ལ་ཕན་ཐོག་ཆེན་པོ་ཡོང་གི་རེད།

    Reply
  23. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    རིན་འབྱུང་བཀྲ་ཤིས་ཐུགས་རྗེ་ཆེ། ཡག་པོ་བཤད་འདུག་རྗེས་སུ་ང་ཚོ་ཚང་མས་ཁ་བཤད་དོན་ཐོག་ཏུ་འཁེལ་ཐབས་ལ་འབད་དགོས་རྒྱུ་འདུག
    པས་དེའི་འགན་ཇི་ལྟར་འཁུར་དགོས་སྐོར་རང་ཉིད་ནས་འགོ་བརྩོམ་སྟེངས་སྐོར་བཤད་དགོས་ཀྱི་འདུག

    Reply
  24. བསེ་རུ། says:
    ལོ་ 16 སྔོན།

    ཀློག་མཁན་དང་པོ་མིན་ཀྱང་། ཀློག་མཁན་གཉིས་པ་དེ་ཡིན་སྟབས།
    འདི་ལྟའི་དགོངས་ཚུལ་གསུངས་པར་གནད་ལུགས། ཁྱོད་འབྲི་མཁན་དང་ང་ཀློག་མཁན་གཉིས་ཀའི་འགན་འཁྲིའི་སྐོར་གསུངས་འདུག
    དེར་བརྟེན་རང་ཉིད་ནས་འགོ་བརྩམ་དགོས་ཀྱི་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese