མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདག་ཉིད་ཆེན་པོ་གཱྂདྷིའི་ལྷན་དུ་ཕྱག་ཚོད་ལྔ་མཉམ་གནས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

 བོད་དགེ་ལྷག་པ་དོན་གྲུབ།

བདག་ཉིད་ཆེན་པོ་གཱྂདྷཱིས་མཛད་པའི་རང་སྲིད་རང་སྐྱོང་གི་རྩ་ཆེན་ཕྱག་དེབ་དེ་ཉིད་དུས་རབས་བརྒྱ་ཕྲག་གཅིག་འཁོར་བ་དང། ལྷག་པར་བོད་རྒྱལ་ཁབ་ཀྱི་མངའ་དབང་ཆ་ཚང་རྒྱ་ནག་གི་དབང་འོག་ཏུ་ཚུད་ནས་ལོ་བརྒྱ་ཕྲག་ཕྱེད་ཕྱིན་པ་དང་། རྒྱ་ནག་ཏུ་མང་གཙོ་མངོན་འདོད་ཅན་གྱི་སློབ་ཕྲུག་གྱེན་ལངས་པ་མང་པོ་རྒྱ་གཞུང་གིས་མཉམ་གསོད་བྱས་ནས་ལོ་ངོ་ཉེར་ལྔ་འཁོར་བ་བཅས་རྗེས་དྲན་ཞུ་འོས་པའི་དོན་གནད་གལ་ཆེན་གསུམ་ལ་བརྟེན་ནས་བཀའ་ཁྲིས་གཙོ་འགན་བཞེས་ཐོག་ཉིན་ལྔའི་གཱྂདྷཱིའི་མཛད་རྣམ་གྱི་ལས་རིམ་ཞིག་དབུ་འཛུགས་གནང་པའི་ཁྲོད་དུ་ཁོ་བོའང་མཉམ་ཞུགས་ཀྱིས་ཟུར་ཉན་བྱེད་སྐལ་ཐོབ་པ་དེ་ཉིད་ཁོ་བོའི་མི་ཚེའི་ཁྲོད་ཀྱི་ཉིན་མ་བཟང་ཤོས་དང་། དེར་དུས་ཚོད་བཏང་པ་དེ་ཉིད་དོན་དང་ལྡན་པར་གྱུར་སོང་སྙམ་པའི་ཚོར་ཤུགས་དྲག་པོ་བསྐྱེད་བྱུང་། ལྷག་པར་ཉིན་དང་པོར་སློབ་གྲྭའི་དགེ་ཆེ་མཆོག་གིས་བཀའ་གནང་པ་ལྟར་སློབ་ཕྲུག་མཉམ་འཁྲིད་ཀྱི་ལས་འགན་བབས་ཏེ་ཕྱིན་མོད་ཀྱང་། ཉིན་གཉིས་པར་ཉིན་རྒྱབ་དམིགས་བསལ་དགོངས་ཞུའི་ཐོག་ཐོབ་དཀའི་ལས་རིམ་བཟང་པོ་དེར་མཉམ་ཞུགས་བྱས་ཡིན། མིའི་དུས་ཚོད་དང་བསམ་བློ་ལ་རང་དབང་མེད་པས་ཉིན་གསུམ་པར་ལས་རིམ་དེར་ཞུགས་ཐུབ་མིན་འཆད་དཀའ། ཉིན་གཉིས་པོ་དེར་ཁོ་བོར་བསླབ་བྱ་འགའ་ཞིག་ཐོབ་པ་རྒྱ་ཆེའི་ཀློག་པ་པོའི་ལྷན་དུ་མཉམ་སྤྱོད་བྱེད་ན། བྱ་བ་གང་ཡང་བདེན་པ་དང་དྲང་པོའི་རྒྱུ་མཚན་གྱི་རིགས་པའི་ཐོག་ནས་བསྒྲུབ་དགོས་ཤིང་། ནམ་ཞིག་རྒྱུ་མཚན་གྱི་རིགས་པ་མ་འདངས་ཚེ་དད་པ་དང་ཡིད་ཆེས་ཀྱིས་མདུན་སྐྱོད་བྱེད་དགོས་པ་དང། དེབ་ཆས་ཀྱི་སློབ་སྦྱོང་ལས་སྒོ་གསུམ་གྱི་སྤྱོད་ཚུལ་ངན་པ་རྣམས་བཟོ་བཅོས་བྱེད་རྒྱུ་གལ་ཆེ་ཡིན་པ་དང། སྤྱི་ཚོགས་དང་མི་བྱེ་བྲག་པའི་དབར་འགྱངས་ཁྱད་མ་བཟུང་པར་ཁྱད་མེད་གཅིག་མཚུངས་འཛིན་པའི་ཆོད་སེམས་བརྟན་པོ་དགོས་པ་དང། རང་གི་སྒོ་གསུམ་གྱི་སྤྱོད་པར་ལེགས་པར་བལྟ་དགོས་པ་དང་། བལྟས་ནས་སྤྱོད་ཚུལ་དེ་ཉིད་རང་རྒྱུད་དུ་སྦྱར་ཐུབ་མིན་བརྟག་དགོས་པ་དང། བརྟགས་ནས་མ་ཐུབ་པ་རྣམས་བཅོས་བསྒྱུར་གྱིས་ཐུབ་པ་བྱེད་དགོས་ཚུལ་གྱི་དགོངས་ཚུལ་ནི་ཧ་ཅང་གི་རླབས་ཆེན་དུ་སྣང་། བདེན་པ་རྙེད་པའི་ཐབས་ལམ་བཟང་ཤོས་ཤིག་ནི་རང་སྐྱོན་ཆུང་ཡང་ཆེན་པོ་དང་གཞན་སྐྱོན་ཆེ་ཡང་ཆུང་ངུར་བལྟ་དགོས་པར་གསུངས། དེ་ཡང་བདག་ཉིད་ཆེན་པོ་གཱྂདྷཱི་རང་ཉིད་དགུང་ན་ཕྲ་སྐབས་ཐེངས་ཤིག་སྐྱེ་སྐར་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མ་ཡུམ་གྱིས་བཀའ་གནང་པ་ལྟར་སྐྱེ་སྐར་སྲུང་བརྩི་ཞུས་ཤིང་། འོན་ཀྱང་སྐྱེ་སྐར་ཉིན་མོར་རང་གི་ཉེ་གྲོགས་ཤིག་མགྲོན་འབོད་ཞུ་རྒྱུ་བརྗེད་པ་ཕྱིས་སུ་ཁོང་གི་མཁྱེན་སྐབས་དེ་ནི་རང་སྐྱོན་ཆེན་པོར་བརྩིས་ཏེ་སྐབས་དེར་ཨམྲའི་འབྲས་བུ་ཤར་བའི་ནམ་དུས་འཁེལ་སྟབས་ཁོང་གིས་དགའ་ཤོས་སུ་འཛིན་པའི་ཨ་མྲའི་འབྲས་བུ་ནམ་དུས་དེར་གཏན་ནས་མི་བཟའ་རྒྱུའི་རང་ལ་ཉེས་ཆད་བཀལ་པ་སོགས་ནི་དེ་བས་རླབས་ཆེའི་བསླབ་བྱ་ཞིག་བསྟན་སྙམ། དེ་བཞིན་གཞན་གྱི་དབང་བསྒྱུར་ལ་ངོ་རྒོལ་བྱེད་སྐབས་ཐོག་མར་རང་སྐྱོན་ངོས་འཛིན་ཐུབ་པ་དགོས་ཤིང། དེ་ནས་རིམ་བཞིན་གཅིག་སྒྲིལ་དང་ཚོགས་པ་དགོས་ཞེས་ལོ་རྒྱུས་དང་སྦྱར་ནས་གསུངས། ལྷར་པར་གཱྂདྷིའི་ལོ་རྒྱུས་སྨྲ་བ་པོ་རང་ཉིད་ཆུང་དུས་དངོས་སུ་གཱྂདྷིའི་ལྷན་དུ་ལོ་མང་མཉམ་གནས་བྱས་མྱོང་པ་ཞིག་ཡིན་པས་ཁོང་གི་ཞལ་ནས་བདག་ཉིད་ཆེན་པོ་གཱྂདྷཱིའི་མཛད་རྣམ་ཉན་རྒྱུའི་གོ་སྐབས་དེ་ནི་དངོས་སུ་གཱྂདྷཱིའི་ལྷན་དུ་མཉམ་གནས་ཀྱི་ཚོར་བ་བསྐྱེད་པ་དང་། ལྷག་པར་མཛད་རྣམ་གསུངས་པའི་བར་ལ་མཛད་རྣམ་དང་འབྲེལ་བའི་སྙན་ཚིག་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་གྱི་སྒྲ་གདངས་དང་མཐུན་པར་གླུ་གཞས་ཀྱི་བརྒྱུད་ལམ་ནས་བོད་གཞུང་ཟློས་གར་ཚོགས་པའི་གཞས་པ་དང་གཞས་མའི་ངག་ནས་གཏོང་དུ་བཅུག་པ་སོགས་རྒྱ་གར་གྱི་གནའ་བོའི་དགའ་བྱེད་ཀྱི་གཏམ་རྒྱུད་འཆད་སྲོལ་དང་མཐུན་པར་ཉན་པ་པོའི་བློ་བྱིངས་མ་བཅུག་པ་སོགས་ཐབས་ཤེས་མཁས་པའི་ཐོག་ནས་གསུངས་པ་སོགས་མདོར་ན་ཉིན་གཉིས་ཆུ་ཚོད་ལྔའི་དུས་ཚོད་དེ་ཉིད་ཧ་ཅང་དོན་དང་ལྡན་པར་འགྱུར་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. གངས་གླག says:
    ལོ་ 16 སྔོན།

    དང་པོ་འདྲ་ཡར་ལངས་ལ་ཞུ་རྒྱུར། གཞན་ལ་བལྟ་ན་མིག་ཡོད་ཀྱང་།། རང་ཉིད་བལྟ་ན་མེ་ལོང་དགོས་ཞེས་གསུངས་པ་དང་། ཡང་མི་ལ་སྐྱོན་མེད་པ་མེད་པ་དང་ཤིང་ལ་མཛེ་མེད་པ་མེད་ཞེས་འཇིག་རྟེན་གྱི་བཤད་སྲོལ་ལྟར་མིས་ནོར་འཁྲུལ་ཤོར་པ་དེ་ལ་ནོར་བཅོས་བྱེད་རྒྱུའི་ཚབ་ལ་མི་ལ་ཟུར་ཟ་དང་ཁྱད་གསོད་བྱེད་པ་ནི་བོད་མིའི་མས་བོ་རྣམས་ཀྱི་བསླབ་བྱ་དང་མཐུན་པ་ཞིག་མ་རེད་ལ། སྤྱིར་ཡ་རབས་ཀྱི་སྤྱོདཚུལ་ལའང་མཐུན་གྱིས་མེད་པས་དེ་ལྟར་མ་གནང་པར་མཁྱེན།

    གཉིས་པར་མི་ཉག་སྐལ་བཟང་ལ་ཞུ་རྒྱུར། གཱྂདྷིའི་ལྟ་གྲུབ་ནི་ཚད་ལྡན་གྱི་ལྟ་གྲུབ་ཅིག་ཡིན་པ་དང་དེ་ཉིད་དེ་ལྟར་ཡིན་པའང་རྒྱ་གར་གྱི་རང་དབང་འཐོབ་རྕོད་དང་ལྷོ་ཨ་ཧྥི་རི་ཀའི་རང་དབང་འཐོབ་རྩོད་སོགས་ཀྱིས་བདེན་པའི་པང་པོ་གནང་ཐུབ་ཀྱིས་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་རྒྱུ་མཚན་ཡང་དག་ཅིག་གཟིགས་ནས་འདི་ལྟར་ཁོང་དམ་པ་ཉིད་ཀྱིས་ལྟ་གྲུབ་ལ་ཡི་རངས་བྱེད་ཀྱིས་ཡོད། ལྟ་གྲུབ་འདིས་བོད་རང་སྲིད་རང་སྐྱོང་ལ་ཕན་རྒྱུ་ཡོད་མེད་ནི་གཙོ་བོར་ལྟ་གྲུབ་འདི་ཉིད་ལ་ཐུག་གི་མེད་ལ་ལྟ་གྲུབ་འདི་ཉིད་བོད་མི་ཚོས་ལག་ལེན་ལ་ཇི་ལྟར་སྟར་ཐུབ་ཀྱིས་ཡོད་མེད་ལ་གཙོ་བོ་རེག་ལས་ཡོད་བསམ།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    བོད་དགེ་ལྷག་པ་དོན་གྲུབ་ལགས། བདག་ཉིད་ཆེན་པོ་གཱྂདྷིའི་དང་ལྷན་དུ་ཕྱག་ཚོད་ལྔ་སྟོང་ལྔ་བརྒྱ་ལྷག་མཉམ་གནས་ཀྱང་དེང་དུས་བོད་ཀྱི་རང་སྲིད་རང་སྐྱོང་ལ་ཕན་རྒྱུ་ཅི་ཡོད། ང་ཚོས་ང་རང་ཚོས་གཱྂདྷིའི་ལྟ་གྲུབ་འཛིན་ཕྱོགས་ལ་བསྔགས་བརྗོད་བྱས་པ་མ་གཏོགས་གཱྂདྷིའི་ལྟ་གྲུབ་ཀྱིས་ང་ཚོར་ཅི་ཡང་ཐོབ་མེད།

    Reply
  3. འདྲེ་ཡར་ལངས། says:
    ལོ་ 16 སྔོན།

    ནོར་བཅོས།  
    ཨ་རོགས། བོད་དགེ་ལྷག་པ་དོན་གྲུབ།

    བདག་ཉིད་ཆེན་པོ་གཱྂདྷཱིས་མཛད་པའི་རང་སྲིད་རང་སྐྱོང་ཟེར་བའི་ཕྱག་དེབ་དེ་དུས་རབས་བརྒྱ་ཕྲག་གཅིག་འཁོར་བ་ཡིན་ན་ལོ་དྲུག་སྟོང་གི་ཡར་སྔོན་ནས་བྲིས་པ་ཡིན་རྒྱུ་རེད་པ། ཁ་དྲོ་ད།

    Reply
  4. འདྲེ་ཡར་ལངས། says:
    ལོ་ 16 སྔོན།

    ཨ་རོགས། བོད་དགེ་ལྷག་པ་དོན་གྲུབ།

    བདག་ཉིད་ཆེན་པོ་གཱྂདྷཱིས་མཛད་པའི་རང་སྲིད་རང་སྐྱོང་ཟེར་བའི་ཕྱག་དེབ་དེ་དུས་རབས་བརྒྱ་ཕྲག་གཅིག་འཁོར་བ་ཡིན་ན་ལོ་དྲུག་བརྒྱའི་ཡར་སྔོན་ནས་བྲིས་པ་ཡིན་རྒྱུ་རེད་པ། ཁ་དྲོ་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese