མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅོ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བཅོ་བརྒྱད།


བློ་བཟང་གིས་སྤྱིན་བདག་མས་གསུངས་པ་ལྟར་དུ་ལས་མཚམས་མི་འཇོག་ཐབས་མེད་བྱུང་བ་རེད། སྤྱིན་བདག་མས་བཤད་ན། དེང་སང་ངེད་ཅག་ལ་ཚོང་ཡག་པོ་མེད་པ་མ་ཟད། མི་རིང་བར་ཟ་ཁང་ཡང་སྒོ་རྒྱག་རྩིས་ཡོད། ཁྱེད་རང་གིས་ད་ལྟ་ནས་ལས་ཀ་ཞིག་བཙལ་ན་རེད། ཉིན་མ་བཅོ་ལྔའི་རྗེས་སུ་ཁྱེད་རང་གིས་ལས་ཀ་ཞིག་རེག་སོང་བ་ཡིན་ན་ཡག་པོ་རེད། མ་རེག་ན་ངས་ཁྱེད་རང་ལ་ལས་ཀ་གཞན་ནས་རེག་གི་འདུག་མིན་ལ་ལྟ་རོགས་བྱེད་ཆོག་ཟེར་ནས་ཁ་ཡག་ཞིག་དང་བཅས་བཤད།

བློ་བཟང་གིས་ལགས་སོ། ང་རང་གིས་ཐབས་ཤེས་རེག་ངེས་ཡིན་ཟེར་ནས་ཕོར་བ་མུ་མཐུད་དུ་འཁྲུ་བཞིན་བསྡད། ཉིན་གུང་གི་གུང་གསེང་གི་བར་གསེང་ལ་ཐུག་ཡོད་པ་ལྟར། བློ་བཟང་གི་སེམས་ནང་དུ་འདྲ་མིན་ཞིག་དྲན་ཞོར་དུ་ཐ་མག་རྐང་གཅིག་ལ་མེ་བསྒོས་དེ་སེམས་པ་ཅུང་སྐྱོ་ཞོར་དུ་རང་གི་བསྡོད་གནས་སུ་འབྱོར་ནས། ཁོ་རང་གིས་ཁ་ལག་ཟོས་ཟིན་ན་ཡང་། དབྱིན་དགེ་མ་ལེས་ན་ལ་སྔོ་ཚལ་ཞིག་དང་འབྲས་ཤིག་བཙོས་དེ་སྒུག་ནས་བསྡད།

ཐག་ཐག་ཐག སྒོ་བརྡུང་བའི་སྒྲ་གོ་བ་དང་ལྷན་དུ་བློ་བཟང་གིས་སྒོ་ཕྱེ་དུས། དེ་ནི་དབྱིན་དགེ་མ་ལེས་ན་མ་ཡིན་པར། ཁོ་རང་གི་འདུག་རོགས་གྲོགས་པོ་དེ་རེད། རྒྱུ་མཚན་ནི་གྲོགས་པོ་དེ་ནི་དེ་རིང་ལས་ཀའི་གུང་གསེང་ལ་འཁེལ་ཡོད་སྟབས། ནང་དུ་ངལ་གསོ་བྱེད་དུ་ཡོང་བ་ཡིན་པ་བློ་བཟང་གིས་ཤེས་དེ། ཡ་ཨ་རོགས་ཁ་ལག་ཟོས་ཨེ་ཡོད། མེད་ན་འདི་ན་སྔོ་ཚལ་ཞིག་དང་འབྲས་ཤིག་བཙོས་ཡོད་ཅེས་བཤད།

བློ་བཟང་གི་འདུག་རོགས་ཀྱིས། ཁྱེད་རང་གིས་ཟ་ཁང་ནང་དུ་ཁ་ལག་ཟོས་ཡོད་རྒྱུ་རེད། དེ་ཡིན་ན་ཁ་ལག་འདི་ང་རང་ཡོང་བར་ཤེས་དེ་ཟོས་པ་ཡིན་ནམ་ཟེར་ནས་དྲིས་དུས། བློ་བཟང་གིས་མགོ་ཕུར་ཕུར་བྱེད་ཞོར་དུ། དེ་མིན། ངས་ཁྱེད་རང་དེ་རིང་གུང་གསེང་ཡིན་པ་བརྗེད་འདུག དེ་དུས་ཁོས་འདུག་རོགས་ཧ་ལས་པའི་ངང་དུ་དེ་ན་སུ་ལ་བཟོས་པ་ཡིན། དམྱལ་བ་བོ་དགའ་རོགས་འདྲ་ཡོང་རྒྱུ་ཡོད་པ་མིན་འགྲོ་ཟེར་ནས་དགོད་ཞོར་དུ་དྲིས།

བློ་བཟང་གིས། མིན་མིན། ང་ལ་དགའ་རོགས་ཤིག་གང་ན་ཡོད། དེ་ཡོད་ན་ཁྱེད་རང་གིས་མི་ཤེས་པ་ག་ལ་སྲིད། ང་རང་ལ་དབྱིན་དགེ་མ་ཞིག་ཡོད་པ་དེ་ཁྱེད་རང་གི་བརྗེད་སོང་ངམ། ཁོ་མོ་ངས་བཟོས་པའི་ཁ་ལག་ཟ་རྒྱུར་དངོས་ནས་དགའ་བོ་འདུག དེའི་སྟབས་ཀྱིས་ངས་མོ་རང་ལ་ཁ་ལག་སྟབས་བདེ་ཞིག་བཟོས་པ་ཡིན་ཞེས་བཤད།

བློ་བཟང་གི་འདུག་རོགས་ཀྱིས། ཡ་ཡ་། མ་རབས་ཁྱོས་ཟ་ལེ་རྒྱལ་འཁྲབ་ན་འདོད་པ་ཡིན་ནམ། དེ་ཡང་མི་བཟང་རྒྱུ་མེད་ཀི རེད་དེ། ཁྱེད་རང་ལ་རྨི་ལམ་ནང་གི་དགའ་ས་ཞིག་ཡོད་པ་མ་ཡིན་ནམ་ཟེར་ནས་དོགས་འདྲི་ཞིག་བྱས།

བློ་བཟང་གིས་ད་འདྲ་མི་འདྲ་མ་བཤད། དངོས་ནས་ང་རང་གི་དབྱིན་དགེ་མ་དེ་ནི་རང་གི་དགེ་རྒན་ཞིག་གི་ཚད་དུ་བཟུང་ཡོད་པ་ལས་རང་གི་དགའ་རོགས་ཤིག་ལ་བསམ་མྱོང་མེད་པ་མ་ཟད། ད་ལྟའི་བར་དུ་ངེད་གཉིས་ཀྱི་བར་དུ་ཁ་བཙོག་ཞིག་ཀྱང་བཤད་མྱོང་མེད་ལ། ང་རང་གིས་ཟ་ལེ་རྒྱལ་འཁྲབ་འདོད་ཅིག་གཏན་ནས་མེད། ཡོད་ན་ཟ་ཁང་ནང་དུ་ལས་ཀ་བྱེད་དུ་འགྲོ་དགོས་དོན་མེད་པར་སྲང་བར་དུ་འཁྱམ་ནས་འཁྲབ་བསྡད་ན་འགྲིག་གི་རེད་ཅེས་ལན་བཏབ།

འདུག་རོགས་ཀྱིས་བློ་བཟང་གིས་དེ་ལྟར་བཤད་པ་ཐོས་མ་ཐག རེད་རེད། ངས་ཁྱེད་རང་ལ་ཀུ་རེ་རྩེ་བ་ཡིན། དངོས་ནས་རེད། ཁྱེད་རང་གི་བསམ་བློ་གཏོང་སྟངས་མི་ཉུང་བ་ཞིག་ངས་ཤེས་ཀྱི་ཡོད། ད་ང་གྲོགས་པོ་ཞིག་གི་ས་རུ་འགྲོ་རྒྱུ་ཡིན། ཁྱེད་རང་གི་དགེ་རྒན་མ་ཡོང་གྲབས་ཡོད་ངེས་རེད། ཁྱེད་གཉིས་ལ་བར་ཆད་མི་གཏོང་ཟེར་ནས་ཕྱིར་འགྲོ་གྲབས་བྱེད་ཀྱི་ཡོད་པའི་སྐབས་ཏག་ཏག་དེར། སྒོ་ཡང་བརྒྱབ་མེད་པའི་དབྱིན་དགེ་མ་ལེས་ན་ཡིས་ཧ་ལོ་ཟེར་ནས་སྒོ་སྲུབས་ནས་འཚམས་འདྲི་བྱས།

བློ་བཟང་གིས་འདུག་རོགས་ཀྱིས་ཁོ་གཉིས་ལ་བདེ་མོ་བྱོས་ཟེར་ནས་བུད་སོང་བའི་ཤུལ་དུ། བློ་བཟང་གི་རྣམ་འགྱུར་སྐྱོ་ཉམས་ཤིག་དང་བཅས་དེ། དབྱིན་དགེ་མ་ལེས་ན་ལགས་ལ་སྔོ་ཚལ་ཉུང་ཉུང་ཞིག་དང་འབྲས་རླུང་བཙོས་ཉུང་ཉུང་ཞིག་ལྕགས་སྡེར་ཞིག་གི་ནང་དུ་བླུགས་དེ་སྤྲད་དུས། དབྱིན་དགེ་མ་ལེས་ན་ཡིས་བློ་བཟང་གི་གདོང་དུ་ལྟ་ཞོར་དུ། བློ་བཟང་ཁྱེད་རང་ལ་སེམས་འཁྲལ་ཞིག་ཡོད་པ་འདྲ། དེ་རིང་ཁྱེད་ཀྱི་གདོང་གཤིས་ཡག་པོ་མི་འདུག ན་ཡི་ཡོད་དམ་ཟེར་ནས་དྲིས།

མེད་མེད་མེད།
དེས་ན་ཁྱེད་རང་གི་ལས་ཀ་ལ་འགྱུར་ལྡོག་འདྲ་བྱུང་བ་རེད་དམ།


བློ་བཟང་གིས་ད་ནི་དྲང་མོ་ལན་འདེབས་མི་བྱེད་ཐུ་མེད་ཡིན་པས། རེད། ངས་ལས་ཀ་གསར་བ་ཞིག་འཚོལ་དགོས་ཀྱི་འདུག སྤྱིན་བདག་མས་ད་ནི་ཚོང་ཡང་ཡག་པོ་མེད་པའི་ལས་མི་དེ་འདྲའི་མང་བོ་ཞིག་མི་དགོས་སྟབས། གསར་བ་སུ་ཡིན་ན་དེ་ལས་གནས་ནས་དགོངས་པ་སྤྲོད་ཀྱི་འདུག་ཟེར་ནས་བཤད།

དབྱིན་དགེ་མ་ལེས་ན་ཡིས། དེ་ན་ཁྱེད་རང་གི་གང་ཞིག་བྱེད་རྩིས་ཡོད། ལས་ཀ་གཞན་པ་འདྲ་རེག་གི་རེད་དམ་ཟེར་ནས་དྲིས་དུས། རེག་གི་རེད། ཡིན་ཡང་། ད་ལྟ་ནང་བཞིན་སློབ་སྤྱོང་གི་གོ་སྐབས་རེག་ས་དེ་འདྲ་རེག་ཁག་པོ་རེད་ལ། གླ་ཆ་ཡང་ཡག་པོ་ཡོད་པ་མ་རེད། འོན་ཀྱང་། སྐྱོན་མེད་ཀི་ཟེར་ནས་བཤད།

དབྱིན་དགེ་མས་ངས་ཁྱེད་རང་ལ་དངོས་ནས་རོགས་རམ་འདྲ་བྱེད་ཐུབ་ས་དེ་འདྲ་འདུག་གམ་ཟེར་ནས་དྲིས། བློ་བཟང་དེ་བས་ཀྱང་དོགས་མི་བདེ་བར་གྱུར་ནས། གང་ང་གང་ང་། ང་རང་མི་གཅིག་གི་འཚོ་བ་ལ་དེ་འདྲའི་སེམས་འཁྲལ་བྱེད་དགོས་དོན་ཡོད་པ་མ་རེད་ལ། ང་རང་ལས་ཀ་བྱེད་རྒྱུར་དགའ་བོ་ཡོད། ཐུགས་རྗེ་ཆེ་རོགས་རམ་འདྲ་དངོས་ནས་བྱེད་དགོས་ས་མེད་ཅེས་བཤད།

སློབ་ཁྲིད་ཀྱི་སྐབས་སུ་བློ་བཟང་གིས་འཛུབ་དཀྲིས་་དང་ཨ་ལོང་གི་མིང་སོགས་ཡང་ཡང་བློ་རུ་སྐྱོར་ནས་ཨ་ལོང་དང་འབྲེལ་བའི་མི་རིགས་སོ་སོའི་ཁྱད་ཆོས་སོགས་གླེང་དེ་འོང་དུས། དབྱིན་དགེ་མས་དེང་སང་མི་འདི་ཚོས་ཨ་ལོང་འདོག་ས་མགོ་ནས་རྐང་འཐུལ་བར་དུ་ཁྱད་པར་མེད་པར་བྱེད་ཀྱི་ཡོད་པ་རེད་ལ། ཐ་ན་འདི་རུ་ཡང་འདོག་མཁན་ཡོད་པ་རེད་ཅེས་མོ་རང་གི་མོ་མཚན་ཐད་དུ་འཛུབ་མོ་བཙུགས་དུས། བློ་བཟང་གིས་ཤ་གསེང་རུས་གསེང་དུ་ཚ་ཚག་ཞིག་རྒྱག་ཞོར་དུ་ངོ་གདོང་ཡང་འགྱུར་བ་ལེས་ན་ཡིས་མཐོང་མ་ཐག

མོ་རང་གིས་བཤད་པ་འགྲིག་མ་སོང་བསམ་ཞོར་དུ། དགོངས་དག ང་རང་ལ་དེ་འདྲའི་ཨ་ལོང་མེད་ཀྱང་། དེང་སང་དེ་འདྲའི་འདོག་མཁན་ཡོད་པ་རེད་ཟེར་ནས་གསལ་བཤད་བསྐྱར་མ་ཞིག་བྱས་དུས། བློ་བཟང་དེ་ལས་ཀྱང་ངོ་ཚ་ནས་ཁ་རོག་གེར་ལན་གང་ཡང་མ་བཏབ་པར་མགོ་སྒུར་ནས་ཀློག་དེབ་སྟེང་ནས་གང་ཞིག་མ་རྙེད་པ་ལྟར་བསྡད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ལ་འགྱུར་བ་མེད་པར་ཉིན་རྒྱུན་དུ་བློ་བཟང་ལས་ངན་པོ་འདི་ལ་སེམས་འཁུར་དང་བཅས་དེ་མི་རིགས་ཤིག་གི་འགན་ཁྲིའི་བསྐོར་ལ་ཡང་སེམས་འཁྲལ་གནང་བཞིན་འདུག་པ་དེ་ནི་དངོས་ནས་ཧ་ལས་པའི་ཡག་པོ་རེད། ཡིན་ཡང་། ལོ་རྒྱུས་ཤིག་ལ་འགྱུར་བ་གཏོང་ཐུབ་མེད་ལ། བཟང་ངན་གང་དུ་ཐུག་ཀྱང་ངས་འབད་བརྩོན་བྱེད་ཀྱི་ཡོད་ན། སྤུན་ཟླ་དག་གིས་མུ་མཐུད་དུ་རང་རང་གི་བསམ་ཚུལ་རེ་གསུང་རྒྱུར་རེ་བ་ཡོད་ལགས།

    Reply
  2. sogyal says:
    ལོ་ 16 སྔོན།

    བཀླགས་ཟིན། སྒྲུང་གི་བྱུང་རིམ་ཇེ་ལེགས་སུ་ཕྱིན་པའི་སྣང་བ་བྱུང་།

    Reply
  3. free sopu says:
    ལོ་ 16 སྔོན།

    བཀླགས་ཟིན་སང་ཉིན་མཇལ།

    Reply
  4. chentsasopa says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་གཙོས་དྲ་གྲོགས་བདེ་མོ་ཡིན་ནམ། ང་ཕྱིར་སྤེབས་ནས་ཡོད།

    Reply
  5. l.yonten says:
    ལོ་ 16 སྔོན།

    ཨ་ཨ་ཨ་ངས་བློ་བཟང་ལས་ངན་དེ་བརྗེད་གྲབས་འདུག ཁྱོད་ཀྱི་སྒྲུང་རྩོམ་གྱི་ཁ་བྱང་མཐོང་མ་ཐག་གཞི་ནས་དྲན་གསོལ་བྱུང་། དགོངས་དག་རྗེ་ལུས་ཅུང་ཐེབས་སོང་།

    Reply
  6. samkhar says:
    ལོ་ 16 སྔོན།

    འཁྲབ་གཞུང་རྒྱུན་མཐུད་འཁྲབ་ཚན་གློག་བཞིན་ཡོད།
    འཁྲབ་ཁྲིད་པ་གཅིག་དང་། མི་སྣ་ཆ་ཚང་བ་ཞིག་བྱུང་ན་གློག་བརྙན་ཞིག་འཁྲབ་ན་ཨེ་རེད།
    ཧ་ཧ་ཧ་བོད་པར་དེ་འདྲའི་དཔལ་འབྱོར་གྱི་འགྲོ་སོང་་་་

    Reply
  7. mekor says:
    ལོ་ 16 སྔོན།

    ཨ་རོགས་དམྱལ་བ་པོ་ཡུམ་དུམ་པ་དངོས་སྒྲུང་ཡག་པོ་ཞིག་མ་རེད་ན། མུ་འགོད་བྱོས་ཨ ངའི་རེ་བ་ཡིན སྐར་ཁྲི་ལགས་ཕྱི་མོ་ཁ་ཤས་ལ་གཞན་དང་མ་འདྲ་བའི་སྒྱུ་རྩལ་འདུག་པས་དངོས་གནས་སྐྱིད་པོ་འདུག བོད་མོ་ཚོ་ལ་དེའི་ཕྱོགས་ཙམ་ཡང་མི་འདུག་་ བོད་མོ་ཚོ་གཡག་ཉར་ཉར་བྱེད་པ་ལས་ཅི་ཡང་མེད རང་ཉིད་ཁོ་ནའི་ཤུགས་ལ་བརྟེན་དགོས་པས་མཚམས་རེར་ཉོབ་སྣང་ཡང་ཡོང་གི་འདུག ཧཧཧཧཧཧཧཧཧཧཧཧ

    Reply
  8. Baichung says:
    ལོ་ 16 སྔོན།

    ལས་ཟད་ནི་མིན་ན་ཕྱི་མོ་ཞིག་ལས་བོད་མོ་དགའ་ནི་རེད། མ་འོངས་བར་ཕྲུ་གུ་ཞིག་ཡོད་ན་བོད་རིགས་གཙང་མ་རེད་མོ གོ་ཐོས་ལ་ཕྱི་མོ་ཚོ་སྐྱིད་པོ་ཡོད་རེད་ལབ་ཀྱི་འདུག་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese