མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅུ་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བཅུ་དགུ


ཁ་སང་དེ་རིང་བློ་བཟང་ལ་ལས་ཀ་མེད་པར་ཉིན་མ་ཁ་ཤས་ཤིག་སོང་ཟིན་པ་ཡིན་ཡང་། དབྱིན་དགེ་མ་ལེས་ན་སྔར་རྒྱུན་ལྟར་སློབ་ཁྲིད་བྱེད་དུ་འོང་བཞིན་ཡོད། མི་རུང་བར་དབྱིན་དགེ་མ་ལེས་ན་ཡི་ཐོངས་ཆེན་གྱི་དུས་ཚོད་ཀྱང་རྫོགས་གྲབས་ཡོད་ལ། མོ་རང་ཕྱིར་རང་གི་རྒྱལ་ཁབ་དུ་འགྲོ་རན་ལ་ཡང་སླེབས་ཀྱི་ཡོད།

བློ་བཟང་གི་དབྱིན་ཡིག་གི་ཆུ་ཚད་ཀྱང་སྔར་ལས་བཟང་དུ་ཕྱིན་ཡོད་པ་མ་ཟད། དབྱིན་སྐད་ཐར་ཐོར་རེ་བཤད་རྒྱུར་ཡང་དཀའ་ངལ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། ཟླ་ངོ་གསུམ་རིང་གི་གྲུབ་འབྲས་དེ་ནི་དངོས་ནས་བློ་བཟང་ལ་མཚོན་ན་ཡར་རྒྱས་ཤིག་ཏག་ཏག་ཕྱིན་ཡོད་པ་རེད་ལ། དབྱིན་དགེ་མ་ལེས་ན་ཡིས་བློ་བཟང་གི་ཡར་རྒྱས་ཀྱི་རྣམ་པ་དེ་དག་མཐོང་དེ་འོང་དུས་དེ་ལས་ཀྱང་སེམས་ཤུགས་སྤར་བཞིན་ཡོད།

བློ་བཟང་སང་ཉིན་གཅིག་བྱས་ན་འུ་གཉིས་ཀྱི་སློབ་ཁྲིད་མཐའ་མ་དེ་ཆགས་སྲིད་པ་རེད། ཡིན་ཡང་། ཁྱེད་ཀྱི་ལས་ཀ་རེག་མིན་ཐད་དུ་ང་རང་ལ་སེམས་འཁྲལ་ཞིག་འདུག་ཀྱང་། ང་རང་གིས་བྱེད་ཐུབ་པ་དེ་འདྲ་ཡོད་ན་དངོས་ནས་ང་རང་ལ་བཤད་རོགས་བཅས་སྔོན་ཆད་བཤད་མྱོང་བའི་སྐད་ཆ་ཞིག་སླར་ཡང་བློ་བཟང་ལ་བཤད།

བློ་བཟང་གིས། མེད་མེད་མེད། དངོས་ནས་ཁྱེད་རང་གི་ལྷག་བསམ་རྣམ་དག་གིས་ང་རང་ལ་སེམས་འཁུར་གནང་བ་དེར་སེམས་གཏིང་ནས་བཀའ་དྲིན་ཆེ། ང་རང་ལ་མི་རིང་བར་ཟ་ཁང་ཞིག་དུ་ལས་ཀ་རེག་ས་ཡིན། ཁོང་ཚོས་ང་རང་ནམ་ཁོམ་ན་དེ་དུས་ལས་ཀ་བྱེད་དུ་ཡོང་ན་འགྲིག་གི་ཡོད་ཟེར། ཁ་སང་དེ་རིང་ང་རང་གིས་གུང་གསེང་བྱས་དེ་བསྡད་ཡོད་པ་ལས། ལས་ཀ་མ་རེག་པ་དེ་འདྲ་རྩ་ནས་མིན་ན། ཁྱེད་རང་གིས་སེམས་པ་ལྷོད་ལྷོད་གནང་བ་ཡིན་ན་འགྲིག་གི་རེད་ལ། ང་རང་གིས་ཁང་གླ་ཡང་འདུག་རོགས་ཀྱིས་སྤྲད་ཚར་འདུག་ཞེས་ལན་བཏབ།

བློ་བཟང་ཅུང་ཙམ་གཟུགས་པོ་བདེ་བོ་མེད་པར་ཉལ་ནས་བསྡད་ཡོད་སྐབས། དབྱིན་དགེ་མ་ལེས་ན་མཐའ་མའི་སློབ་ཁྲིད་བྱེད་དུ་ཡོང་དུས། བློ་བཟང་གཉིད་དུ་གཡུར་ནས་བསྡད་ཡོད་སྟབས། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་དུ་གཏན་ནས་མ་ཤེས་པར་ལུས་པ་རེད། སྐབས་དེར་དབྱིན་དགེ་མ་ལེས་ན་ཡིས་གློ་ལུད་ཅིག་བརྒྱབ་པ་བསྟུན་བློ་བཟང་གཉིད་ལས་སད་དེ་དབྱིན་དགེ་མ་ལེས་ན་རང་གི་ཉལ་ཁྲིའི་གམ་དུ་ཁ་རོག་གེར་བསྡད་ཡོད་པ་མཐོང་མ་ཐག ཅུང་དོགས་མི་བདེ་བའི་ཚོར་བ་དང་ལྷན་དུ་དགོངས་དག ངས་ཁྱེད་རང་ནང་དུ་འབྱོར་བ་ཡང་ཤེས་མ་སོང་ཟེར་ནས་བཤད།

དབྱིན་དགེ་མ་ལེས་ན་ཡིས། སྐྱོན་ཡོད་པ་མ་རེད། ཁྱེད་རང་གི་ཕུང་བོ་བདེ་བོ་མི་འདུག་གམ། ནད་ཚ་ལྕི་མོ་འདྲ་མིན་ན། སྨན་ཁང་དུ་སོང་ན་ཡག་པོ་མེད་འགྲོ་ཟེར་ནས་དྲིས་དུས།

བློ་བཟང་གིས་དེ་འདྲའི་ཛ་དྲག་ཞིག་མ་རེད་ལགས། དངོས་ནས་ཐུགས་རྗེ་ཆེ་ལགས། ཁྱེད་རང་ག་དུས་འགྲོ་བཞིན་ཡོད་ཅེས་ཕྱིར་དྲིས།

དེ་རིང་ཕྱི་དྲོ་ཆུ་ཚུད་དྲུག་དང་ཕྱེད་ཀའི་རླངས་འཁོར་རེད། ཁྱེད་རང་བདེ་བོ་མེད་པ་ཡིན་ན་ཉལ་ནས་བསྡད་ན་འགྲིག་གི་རེད། ང་བུད་འགྲོ ཕྱི་དྲོ་ཐུག་མིན་མི་ཤེས་སྟབས། ངས་ཁྱེད་རང་ལ་དྲན་རྟེན་ཞིག་འཁྱེར་ནས་ཡོང་ཡོད། འདིའི་སྟེང་དུ་ང་རང་གི་བསྡོད་གནས་ཁ་བྱང་དང་གློག་འཕྲིན་ཁ་བྱང་སོགས་གསལ་བོ་ཞིག་བྲིས་ཡོད། ཡིན་གཅིག་མིན་གཉིས་ལ་ང་རང་ལ་འབྲེལ་བ་བྱེད་རྒྱུ་མ་བརྗེད་ཅིག་ཟེར་ཞོར་དུ་བློ་བཟང་གི་ཉེལ་མགོའི་འགྲམ་དུ་འཇོག་ཞོར་དུ། འདི་ང་རང་རྡ་ས་དང་ཁ་གྱེས་ནས་མ་གཏོགས་ཁ་མ་ཕྱེ་རོགས་བཅས་བཤད།

བློ་བཟང་གི་མགོ་བོ་ཡར་དགྱེ་ཞོར་དུ། ཡ་ལགས། རེད་དེ། ངས་གློག་འཕྲིན་གཏོང་ཤེས་ཀྱི་མེད་པ་ཁྱེད་རང་གི་ཤེས་གསལ་རེད། ད་དུང་། ང་རང་ལ་དབྱིན་ཡིག་ཡང་ཡག་པོ་ཞིག་འབྲི་ཤེས་ཀྱི་མེད་པ་ཁྱེད་རང་གི་ཤེས་གསལ་རེད། ངས་ཚོད་ལྟ་བྱེད་ཆོག་ཟེར་ནས་ལག་རྟགས་གནང་བ་དེར་ཐུགས་རྗེ་ཆེ། ད་ཁྱེད་རང་ལ་ཁོམ་པ་ཞེ་དྲག་ཡོད་རྒྱུ་མ་རེད། ཆུ་ཚོད་གཉིས་གསུམ་ཞིག་མ་གཏོགས་མི་འདུག ཁྱེད་རང་གི་ཅ་དངོས་དེ་དག་བསྡུ་གསོག་རྒྱག་དགོས་ཀྱི་ཡོད་ངེས་རེད། ང་རང་ཕྱི་དྲོ་ཁྱེད་རང་ལམ་འཇུག་བྱེད་དུ་ཡོང་ཁོ་ཐག་ཡིན་ཞེས་བཤད།

དབྱིན་དགེ་མ་ལེས་ན་ཡིས། ཁྱེད་རང་ཡོང་མ་ཐུབ་ཀྱང་འགྲིག་གི་རེད། གཟུགས་པོ་བདེ་བོ་མེད་པ་ཡིན་དུས། མ་ཡོང་ན་ཡག་པོ་ཡོད་པ་རེད། འོན་ཀྱང་། ཡི་གེ་སྐུར་རྒྱུ་གཏན་ནས་མ་བརྗེད་ཅིག་ཟེར་ཞོར་དུ་ཡར་ལ་བླངས་དེ་འགྲོ་གྲབས་བྱས།

བློ་བཟང་གིས་ཉལ་སའི་ནང་ནས་མགོ་ཡར་དགྱེ་བཞིན་བདེ་མོ། ཕྱི་དྲོ་མཇལ་ཡོང་ཟེར་ནས་ལམ་མཇུག་བྱས།

བློ་བཟང་གིས་ཆམ་ནད་ཀྱང་དེ་འདྲའི་ལྕི་མི་ཞིག་མིན་སྟབས། ཕྱི་དྲོ་ཆུ་ཚོད་དྲུག་པ་ཙམ་ལ་མེག་ལོར་སྲང་བར་དུ་ཁ་བཏགས་གོང་ཁེ་བོ་ཞིག་ཉོས་དེ་དབྱིན་དགེ་མ་ལམ་མཇུག་བྱེད་དུ་རླངས་འཁོར་ས་ཚིགས་སུ་སོང་དུས། གྲྭ་བ་དང་ཨ་ནེ་རེ་ཟུང་། མི་སྐྱ་མི་ཉུང་བ་ཞིག་གིས་དབྱིན་དགེ་མ་ལེས་ན་བསྐོར་ནས་ཁ་བཏགས་འཐེན་བཞིན་ཡོད་པ་མཐོང་མ་ཐག ཁོ་རང་ཅུང་ཙམ་ཧ་ལས་ཞོར་དུ། དབྱིན་དགེ་མ་ལེས་ན་ཡིས་མིག་གི་རིག་སར་བུད།

བློ་བཟང་ཁྱེད་རང་ཡོང་བ་ཐུགས་རྗེ་ཆེ་ཟེར་ནས་མི་དེ་དག་གི་དཀྱིལ་ནས་བློ་བཟང་གི་ཕྱོགས་སུ་ཡོང་དུས། བློ་བཟང་ཅུང་ཙམ་དོགས་མི་བདེ་བའི་ངང་དུ་རང་གི་ཨམ་ཕྲག་ནང་གི་ཁ་བཏགས་དཀར་པོ་དེ་བླངས་ནས་དབྱིན་དགེ་མ་ལེས་ན་ཡི་སྐེ་རུ་སྐོན་དུས། དབྱིན་དགེ་མ་ལེས་ན་ཡིས་བློ་བཟང་གི་སྐེ་རུ་འཐམ་ནས་བློ་བཟང་གི་འགྲམ་པའི་ངོས་འོ་ཞིག་བསྐྱལ་དུས། བློ་བཟང་གི་སྙིང་ཆུང་ཡང་དྲག་དུ་ལྡིང་བ་མ་ཟད། གདོང་ཡང་ཚ་ལམ་མེར་གྱུར་བ་དང་བསྟུན། ཁྱེད་རང་ལམ་སྐབས་སུ་བདེ་ཐང་ཡོང་བར་སྨོན་ཞེས་བཤད།

དབྱིན་དགེ་མ་ལེས་ན་ཡིས་མིག་མཐའ་རུ་མཆི་མ་བསྐོར་ཞོར་དུ། ད་བློ་བཟང་བདེ་མོ་བྱོས། ང་རང་རླངས་འཁོར་དུ་འགྲོ་རྒྱུ་ཡིན། འདི་ལྟར་བསྡད་ན་ང་རང་ངུ་ས་རེད་ཅེས་བཤད་དེ་ཁོ་གཉིས་ལ་བཅེར་བཞིན་པའི་མི་ཚོགས་ཀྱི་གསེང་ནས་འགྲོ་ཞོར་དུ། བློ་བཟང་ཡི་གེ་སྐུར་རྒྱུ་མ་བརྗེད་ཅིག་ཟེར་ནས་མིག་ཆུ་འཕྱི་ཞོར་དུ་རླངས་འཁོར་ནང་དུ་བུད།

བློ་བཟང་ནི་བསམ་རྒྱུ་དྲན་རྒྱུ་མེད་པར་གློ་བུར་དུ། ཨ་ཁ། དབྱིན་དགེ་མ་ལེས་ན་འདིས་བསམ་བཞིན་རང་གི་ནང་དུ་འབྱོར་ནས་མོ་རང་གི་སྤྲད་པའི་ལག་རྟགས་ཀྱི་དེབ་ཆུང་དེའི་ནང་དུ་བལྟས་དུས། འདི་ལྟར་བྲིས་ཡོད་པ་རེད།

བློ་བཟང་ལགས། འདི་ན་མང་བོ་ཞིག་མེད་ཀྱང་། ཁྱེད་རང་གི་ཟླ་གཅིག་གི་ཟས་སོང་ལ་ཞལ་འདེབས་ཙམ་ཞིག་ཡིན། ཁྱེད་རང་ནི་བདག་ལ་མཚོན་ན་སློབ་ཕྲུག་གཞན་དག་མ་འདྲ་བར་དམིགས་བསལ་གྱི་སློབ་མ་ཞིག་ཡིན་ལ། ཁྱེད་རང་ང་གང་དུ་སོང་ཡང་མི་བརྗེད། ངས་ཁྱེད་རང་ལ་བཤད་འདོད་པའི་སྐད་ཆ་ཞིག་ཡོད་ཀྱང་། རྗེས་ཕྱོགས་འཕྲིན་ལམ་ནས་གླེང་ཆོག འོག་གི་འདི་ང་རང་གི་གློག་འཕྲིན་ཁ་བྱང་རེད། ཡིན་གཅིག་མིན་གཅིག་ཡི་གེ་སྐུར་རྒྱུ་མ་བརྗེད་ཅིག ལེས་ན་ནས་ཟླ་ཚེས་ལ་ཞེས་བྲིས་ཡོད་པའི་ཡིག་འབྲི་དེ་དག་ལ་ལྟ་ཞོར་དུ། མོ་རང་གི་དོན་དངོས་སུ་ང་ལ་བཤད་མ་ཐུབ་པའི་སྐད་ཆ་འདྲ་འཁུར་ནས་ཕྱིར་རང་ཡུལ་དུ་ལོག་པ་དེ་ནི་དངོས་ནས་ཡིད་ཕངས་པ་ལའང་སྙམ་ཞོར་དུ། དྲན་རྟེན་དེབ་ཆུང་དེའི་ཁ་བརྒྱབས་དེ། ཧིན་སྒོར་སུམ་སྟོང་དེ་རང་གི་ཨམ་ཕྲག་དུ་འཇུག་ཞོར་དུ་དབུགས་རིང་ཞིག་འཐེན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 11

  1. kangtuk says:
    ལོ་ 17 སྔོན།

    ངས་ལེ་ཚན་འདི་འགོ་ནས་ཀློག་དུས་ད་ཡིན་ན་ཁོ་ཅིག་རེག་སོང་བསམ་ད་
    ཨ་ཤུ་རེ་གོ་་་་་ བློ་བཟང་ལས་ངན་པོ་གོ་སྐབས་འདི་ལེན་མ་ཐུབ་ཐ། ད་ཡིན་ན་ཁོ་ལ་གྲ་ལོགས་བྱེད་ས་ཞིག་རེག་ཀྱང་བྱེད་ཐུབ་རྒྱུ་ཁེགས་པོ་རེད།

    Reply
  2. chentsasopa says:
    ལོ་ 17 སྔོན།

    བཀླགས་ཟིན་པ་ཡིན།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་འདི་ལྟར་ཀློག་དུ་ཡོང་ན། ང་རང་གིས་རང་ཉིད་ཀྱི་ལས་བྲེལ་དང་ལས་ཚེགས་ཀྱང་བརྗེད་དུ་བཞག་ནས་ཉིན་རེ་བཞིན་དུ་བློ་བཟང་གི་གཏམ་རྒྱུད་འབྲི།

    Reply
  4. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན།

    Reply
  5. shedup says:
    ལོ་ 17 སྔོན།

    དངོས་སྒྲུང་འདི་་ཀླགས་ཟིན་

    Reply
  6. l.yonten says:
    ལོ་ 17 སྔོན།

    ཀླགས་ཟིན་

    Reply
  7. samkhar says:
    ལོ་ 17 སྔོན།

    ངས་སྔོན་ནས་བཤད་པ་ཡིན། ཉི་མ་ལྷ་སྒྲོན་གང་དུ་ཡོད་མེད་ཤེས་འདོད་ཆེ།།
    ཟུར་དུ་གསལ་བཤད་གནང་ན་ཡང་འགྲིག།

    Reply
  8. དགོ་རྭ says:
    ལོ་ 17 སྔོན།

    ད་ཉི་མ་ལྷ་སྒྲོན་གང་དུ་སོང་བ་རེད། གོ་ཡ་ཚོར་བ་ཞིག་མི་འདུག།

    Reply
  9. kawakarpo says:
    ལོ་ 17 སྔོན།

    ཨ་རོ། ཕྲུ་གུའི་ཨ་མ་འདི་ཚོའི་ནང་ན་ཡང་སེམས་པར་དཀའ་ངལ་ཅན་གང་མང་ཞིག་འདུག

    Reply
  10. Baichung says:
    ལོ་ 17 སྔོན།

    ད་ནས་བཟུང་བློ་བཟང་དབྱིན་མོ་དེ་དང་དགའ་གྲོགས་ཆགས་ན་ངས་དགག་པ་མི་བྱེད། གང་ཡིན་ཟེར་ན་སྐྱེས་པ་ཕོ་ཞིག་ལ་མཚོན་ན་རང་གི་མི་ཚེའི་ནང་གི་དཀའ་སྡུག་སྐབས་མཐོང་ཆུང་མི་བྱེད་པར་ལྷད་མེད་ཀྱི་བརྩེ་བ་ཞིག་ཐོབ་ན་དེ་ནི་བརྗེད་དཀའ་བའི་ནོར་བུ་ལྟ་བུ་ཞིག་ཡིན་པས། མ་གཞི་བློ་བཟང་ཞི་ལི་དྲང་མོ་ཞིག་ཡིན་པས་རྒྱུ་འབྲས་ཀྱིས་ཤེས་འཇོན་ཉིས་ལྡན་གྱི་དབྱིན་མོ་དེ་དང་འཕྲད་པའི་སྐལ་བ་ཡིན་པ་འདྲ། གལ་སྲིད་བོད་མོ་ཞིག་ཡིན་ན་ཉི་མ་ལྷ་སྒྲོན་ལྟ་བུའི་གཡོ་སྒྱུ་ཅན་ཕྲུ་གུའི་ཨ་མ་ཞིག་མིན་ན་ཁོ་ལ་སེམས་པ་གཏད་ཁག་པོ་རེད།

    Reply
  11. sogyal says:
    ལོ་ 17 སྔོན།

    དེ་རིང་དངོས་གནས་བློ་བཟང་སྦྱིན་བདག་ཡག་པོ་ཞིག་ལ་ཐུག་འདུག་ག དེ་ནས་རིམ་པར་ཕྱི་ཡུལ་ཞིག་ཏུ་འགྲོ་ངེས་སུ་སྣང་། འོན་ཀྱང་སྒྲུང་གི་འཕེལ་རིམ་འཁྲུག་ཏུ་གཏོང་དགོས་ན་མ་ཕྱིན་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese