མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཉེར་ལྔ།


ནོར་བུ་བཟང་མོ་ལ། དངོས་ནས་དྲང་གནས་ཀྱི་འདི་འདྲའི་གོ་སྐབས་ཡག་པོ་ཞིག་རེག་ཡོང་། ཕལ་ཆེར། མོ་རང་གི་སེམས་ནང་དུ་སྔོན་ཆད་དྲན་མ་མྱོང་བའི་བྱ་བ་ཞིག་ཡིན་ཟེར་ན་ཆོག གང་ལྟར། ནོར་བུ་བཟང་མོས་བློ་བཟང་གི་སྐད་ཆའི་ཚིག་འབྲི་རེ་རེ་ནི། ཡུན་རིང་བོར་རེ་སྒུག་བྱས་པའི་སྙིང་གཏམ་རྐྱང་རྐྱང་རེད་ཟེར་ན་འགྲིག

ནོར་བུ་བཟང་མོས། རེད། ཁྱེད་རང་གི་གྲོགས་པོ་སངས་རྡོར། ང་རང་གི་ཨ་ཅེ། ཁོང་ཚོས་ཁྱེད་རང་ལ་བཤད་པའི་སྐད་ཆ་དེ་དག་ནི་བདེན་པ་ཡིན་ལ། ང་རང་ཁྱེད་ལ་དགའ་ནས་ལོ་ངོ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་། ཉིན་མ་དེ་རིང་གི་བར་དུ་འདི་ལྟར། ངོས་སུ་ཕན་ཚུན་གྱི་གདོང་ལ་བལྟས་དེ་སྐད་ཆ་གསལ་བོ་བཤད་པའི་གོ་སྐབས་མ་བྱུང་བར་ལུས་པ་རེད། གལ་སྲིད། ཁྱེད་རང་ལ་དངོས་ནས་བློ་ཐག་མ་ཆོད་པའི་སེམས་ངལ་འདྲ་ཡོད་ན། ངས་ཁྱེད་ཀྱི་བློ་ཐག་ཆོད་རེག་བར་དུ་སྒུག་ངེས་ཡིན་ཟེར་ནས་བློ་བཟང་གི་དྲི་བ་རེ་རེ་ལ་གཟབ་ནན་གྱིས་ལན་རེ་རེ་སྤྲད།

བློ་བཟང་གིས་ནོར་བུ་བཟང་མོས་བཤད་པའི་སྐད་ཆ་རེ་རེ་ནི། མི་ཞིག་གི་སེམས་ཁོང་ནས་ལྷོད་དུ་བཞུར་ཐུབ་པ་རྐྱང་རྐྱང་ལས་མུད་ཐག་ཡན་ཆད་ནས་སྐད་ཆ་བཤད་མཁན་དག་གི་ཚོར་བ་དང་གཏན་ནས་མི་འདྲ་བའི་བསམ་ཚུལ་རྙེད་དུ་བཅུགས་པ་མ་ཟད། བུད་མེད་སུས་ཀྱང་རང་ཉིད་ལ་དགའ་སའི་མི་དེར་སྐད་ཆ་འདི་ལྟར་བཤད་འཕོད་མཁན་བོད་ཀྱི་བུ་མོ་ཉུང་ཉུང་ཡིན་ན། ང་རང་ཅུང་ཙམ་ཧམ་པ་ཆེ་བ་ལྟ་བུ་ཞིག་ཆགས་སོང་དེ། ཡིན་ཡང་། འདི་ནི་ཁྱེད་ཀྱིས་དྲིས་པའི་ལན་དག་སེམས་བསམ་པའི་ལན་ལན་ཞིག་བཏབ་པ་ལས་གཞན་མིན་ཟེར་བའི་སྐད་ཆ་དེ་ནི་སེམས་ནང་དུ་ལྷུང་།

ལྷ་མོའི་སྐུ་བརྟེན་མོ་མ་ཨ་མ་རྒན་མོ་དེས་ལག་དུ་འཕྲེང་བ་ཕུར་ཞོར་དུ། དོན་དག་ག་རེ་ཡིན་ཞེས་ཁོང་གསུམ་ལ་དྲིས། སྐབས་དེར་ནོར་བུ་བཟང་མོའི་ཨ་ཅེ་ཡིས་གཉེན་སྒྲིག་གི་ཆེད་ཡིན་ལགས་ཟེར་ནས་གུས་ཉམས་དང་བཅས་དེ་ལག་ནང་གི་ཁ་བཏགས་དང་ཧིན་སྒོར་ལྔ་བཅུ་མ་དེ་མོ་མ་དེར་ཕུལ།

མོ་མ་རྒན་མོས། ཁྱེད་གཉིས་རང་དབང་རང་འཐད་ཡིན་ནམ། གཉིས་ཀྱིས་མགོ་བོ་ལྷན་གཅིག་དུ་བརྡབས། གཉེན་ཉེ་སོགས་ཀྱིས་བཀག་རྒྱ་མེད་དམ། སླར་ཡང་གཉིས་ཀྱིས་མགོ་བོ་བརྡབས། དེས་ན་བཟང་གི་ཞེས་མིག་བཙུམ་ནས་ཁ་མུར་མུར་ངང་བསྔགས་གསོག་པའི་སྐབས་དེར་དངོས་ནས་ཁང་མིག་ཆུང་ཆུང་དེ་ནི་ཅི་འདྲའི་ལྷིང་འཇག་ཞིག་ཆགས་ཡོད་པ་རེད།

ཚང་མས་སྒོ་རུ་འབུད་ཞོར་དུ་ཐུགས་རྗེ་ཆེ་ལགས་ཟེར་བཞིན། མོ་མ་དེར་གུས་ཚུལ་དང་བཅས་དེ་སྒོ་ཕྱི་རུ་ཐོན། ནོར་བུ་བཟང་མོའི་ངོ་གདོང་ཡོངས་ལ་ནམ་ཡང་བྱུང་མ་མྱོང་བ་ལྟ་བུའི་འཛུམ་མདངས་ཤིག་རྒྱས་ཡོད་པ་མ་ཟད། ཁོ་མོའི་ཨ་ཅེ་ཡི་གདོང་ལ་ཡང་འཛུམ་མདངས་ཤིག་རྒྱས་ཡོད། འོན་ཀྱང་། བློ་བཟང་གི་གདོང་ན་དེ་འདྲའི་ཧ་ལས་པའི་འཛུམ་མདངས་ཤིག་མཐོང་དཀའ་ན་ཡང་། ཁོ་གཉིས་ཀྱི་འཛུམ་མདངས་དང་འགྲོག་ནས་མུ་མཐུད་དུ་ལྷ་རྒྱལ་རིའི་འདབས་ནས་གཙུག་ལག་ཁང་གི་བསྐོར་ལམ་སྙེགས་དེ་འགྲོ་བཞིན་ཡོད།

ལྷ་མོས། བློ་བཟང་། ང་རང་གི་མི་ཚེ་ནང་དུ་རང་གི་མི་ཚེ་ལ་མོ་འདེབས་དུ་སོང་མྱོང་ལ། གཞན་གྱི་ཆེད་དུ་མོ་འདེབས་དུ་ཐེངས་མང་བོ་སོང་མྱོང་ཡོད་ཀྱང་། དེ་རིང་གི་མོ་འདི་འདྲའི་ཡག་པོ་ཞིག་འབབ་པ་དང་གཏན་ནས་འཕྲད་མྱོང་མེད། སྐུ་རིམ་ཞབས་བརྟན་གང་ཡང་མེད་པ་མ་ཟད། མོ་མས་ཀྱང་ཧ་ལས་པའི་འཛུམ་མདངས་ཤིག་དང་བཅས་ཁྱེད་གཉིས་ལ་ཁ་དྲོ། མོ་དངོས་ནས་ཡག་པོ་འདུག མགྱོགས་པོ་ཆང་ས་བརྒྱབ་པ་ཡིན་ན་ཡག་པོ་འདུག་ཟེར་ནས་གསུངས་པ་དེ་རེད། ད་གང་བྱེད་ན་དགའ་ས་རེད།

བློ་བཟང་གིས། ངས་གོང་ནས་ནོར་བུ་བཟང་མོ་ལ་བཤད་ཡོད། ང་རང་ལ་ལས་དོན་ཆེན་པོ་ཞིག་གི་ཆེད་དུ་ལྡི་ལུར་འགྲོ་དགོས་ཡོད། ཉིན་ཁ་ཤས་ལས་མི་འགོར། དེ་ནས་ཕྱིར་ཡོང་ནས་ང་ཚོས་སྐད་ཆ་བཤད་ཆོག

ཉིན་མ་ཁ་ཤས་ཀྱི་རྗེས་སུ་བློ་བཟང་ལྡི་ལུར་སོང་ནས་ནས་ཕྱིར་སླེབས་ཡོད་པ་མ་ཟད། ལྡི་ལུ་ནས་ཕྱིར་སླེབས་ཉིན་གྱི་ཞོགས་པ་དེར་བདེ་གྲོལ་ཚང་ལ་གཡར་བའི་ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་དེ་དག་ཕྱིར་སྤྲོད་ཞོར་དུ་ལྡི་ལུ་ནས་ཉོས་པའི་ལག་རྟགས་དེ་ཚོ་སྤྲད་རྗེས་སུ། བླ་འཁྱམས་པ་ལྟར། སྐད་ཆ་ཡང་མང་བོ་ཞིག་བཤད་རྒྱུ་མེད་པར་རང་གི་བསྡོད་གནས་སུ་བྱིན།

ཉིན་མ་དེ་ནས་བཟུང་བློ་བཟང་གིས་ཨ་རག་མང་བོ་ཞིག་འཐུང་བཞིན་ཡོད་ལ། ནོར་བུ་བཟང་མོས་ཀྱང་བློ་བཟང་གི་ངང་ཚུལ་དེ་དག་ལས་ཁོ་མོ་ལ་སྐད་ཆ་བཟང་ངན་གང་ཡང་ད་ལྟའི་འཆར་བཤད་རྒྱུ་མེད་པ་ཤེས་ཀྱང་། དུས་ཚོད་གང་ཡོད་ལ་བློ་བཟང་གི་ནང་དུ་སླེབས་ནས་བློ་བཟང་ལ་འདུག་རོགས་དང་། སྐད་ཆ་འདྲ་མིན་བཤད་རོགས་བྱེད་བཞིན་ཡོད།

བློ་བཟང་གྲྭ་ས་དང་ཁ་གྱེས་ནས་བཟུང་ལོ་གཉིས་གསུམ་ཞིག་འགྲོ་བཞིན་ཡོད་ཀྱང་། གྲྭ་ས་དང་ཁ་གྱེས་པའི་ཕྱིར་ཉིན་དེ་ནས་བཟུང་དེ་ཕ་ཡུལ་དུ་ཡིག་ངག་གང་རུང་ནས་འབྲེལ་བ་བྱུང་མེད། དེ་རིང་ཁོ་ལ་ངོ་ཤེས་ཤིག་བརྒྱུད་དེ་སྡེ་བའི་ནང་གི་ཁྱིམ་ཚང་ཞིག་གི་ཁ་པར་ཨང་གྲངས་རེག་ནས་ཕ་ཡུལ་དུ་ཁ་པར་བཏང་།

ཨ་རོགས། འདི་ཨ་ཕ་དོན་ཁོ་ཚང་ཨེ་རེད། ང་རྡོ་རྗེ་ཚང་གི་བུ་བློ་བཟང་ཡིན། དྲིན་ཆེན་མ། ངེད་ཚང་ལ་སྐད་ཅིག་གཏོང་རོགས་གནོང་ཟེར་ནས་བཤད་དུས།

རེད། དོན་ཁོ་ཚང་རེད། ཁྱེད་རང་གིས་ཁ་པར་གང་ནས་གཏོང་བཞིན་ཡོད།
ངས་རྒྱ་གར་ནས་གཏོང་བཞིན་ཡོད།
ཨོ། ཁྱེད་ཚང་གི་ནང་དུ་ཁ་པར་ཡོད་པ་རེད། ཁྱེད་ཀྱིས་དེར་བཏང་ན་ཐད་ཀར་ཁ་བརྡ་བྱེད་ཐུབ་ངེས།
རེད་དེ། ངས་ཁ་པར་ཨང་གྲངས་མི་ཤེས།

ཅུང་ཙམ་སྒུག་དང་ངས་ཁྱེད་རང་ལ་སྤྲོད་ཆོག་ཟེར་ནས་ཁ་པར་སྣེ་ཡི་བུད་མེད་དེས་བློ་བཟང་ལ་ཁོང་ཚང་གི་ནང་མིའི་ཁ་པར་ཨང་གྲངས་སྤྲད།

ཁ་པར་གྱི་སྡུར་སྒྲ་ལ་ཉན་ཞོར་དུ། བློ་བཟང་གིས་ཁ་པར་ལེན་མཁན་དེ་ནི་སུ་ཡིན་སྲིད། ཨ་མ་ཡིན་ན་ངས་གང་བཤད་སྙམ་བཞིན་པའི་སྐབས་སུ། ཨ་རོགས་ཟེར་ནས་སྐད་ཅིག་གོ་དུས། དེ་ནི་རང་གི་ཕ་རྒན་རྡོ་རྗེ་ཡི་སྐད་ཡིན་པ་ཤེས་ནས། ཨ་ཕ་ང་ཡིན། ཁྱེད་ཚོ་ཚང་མ་བདེ་མོ་ཡིན་ནམ་ཟེར་ནས་དྲིས།

ཕ་རྒན་རྡོ་རྗེ་ཡིས་རང་གི་བུ་བློ་བཟང་ཡིན་པ་ཤེས་ནས། ཡིན། ང་ཚོ་ཚང་མ་བདེ་མོ་ཡིན། ཁྱེད་རང་གི་གནས་ཚུལ་མ་གོ་བར་ལོ་ངོ་གཉིས་གསུམ་འགྲོ་བཞིན་ཡོད་སྟབས། ཨ་མས་ཁྱེད་རང་གི་ཆེད་དུ། རྒྱ་གར་ནས་ཡོང་མཁན་ངོ་ཤེས་མི་ཤེས་གཉིས་ལ་ཁྱེད་རང་གི་གནས་ཚུལ་དྲིས་པ་མ་ཟད། རྒྱུན་དུ་མིག་ཆུ་བཏང་ནས་ཁྱེད་རང་གླེང་བཞིན་ཡོད་པ་རེད། ད་ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡོད། གྲྭ་བ་ཡིན་ནམ།

བློ་བཟང་གྲྭ་ས་དང་གྱེས་ནས་ལོ་ངོ་གཉིས་གསུམ་ཞིག་འགྲོ་བཞིན་ཡོད་ཀྱང་། ཐ་མག་འཐེན། ཆང་འཐུང་། ཐ་མག་ནག་པོ་འཐེན་པ་སོགས་ལས་ད་དུང་བུད་མེད་ལ་ལུས་འབྲེལ་བཞག་མེད་ཀྱང་། ཐེ་ཚོམ་མེད་པར་ཕ་རྒན་ལ། ང་གྲྭ་བ་མིན། དེང་སང་དམིགས་བསལ་གྱིས་ལས་ཀ་གང་ཡང་མེད་ཅེས་བཤད།

ཕ་རྒན་གྱིས། ང་ཚོས་གོ་བ་ལྟར་ན་ཁྱེད་རང་ད་ལྟ་ཡང་གྲྭ་བ་རེད་ཟེར་གྱི་འདུག དངོས་ནས་ཤོད་དང་། གྲྭ་བ་ཡིན་དང་མིན།

དེ་ལ་གསང་དགོས་དོན་གང་ཡོད། གྲྭ་བ་མིན་ན་ཡིན་ཟེར་དགོས་དོན་མི་འདུག དངོས་ནས་གྲྭ་བ་མིན་ཞེས་ཕ་རྒན་གྱི་སྐད་ཆ་དེར་ཐད་ཀར་ལན་བཏབ།

ཕ་རྒན་གྱིས། ད་ཁྱེད་རང་གི་མིན་ཟེར་ནས་བཤད་དུས། ད་མིན་ནི་ཡིན་རྒྱུ་རེད། དེས་ན་ལས་ཀ་གང་ཡང་མེད་པར་བསྡད་ན་འཚོ་བའི་ཐད་ལ་དཀའ་ངལ་མི་འདུག་གམ། དེང་སྐབས་ས་ཆ་གང་ཞིག་ན་ཡོད།

ཟླ་གཅིག་གི་གོང་བར་དུ་གྲྭ་ས་དང་ཁ་གྱེས་པ་ནས་བཟུང་དེ་ཟ་ཁང་མི་ཉུང་བ་ཞིག་ལ་ལས་ཀ་བྱས་པ་ཡིན། འཚོ་བའི་ཐད་དུ་དཀའ་ངལ་འཕྲད་མ་སོང་། དེང་སང་ཡང་ལས་ཀ་གསར་བ་ཞིག་འཚོལ་བཞིན་པའི་སྒང་ཡིན། ལས་ཀ་རེག་ངེས་རེད། སེམས་འཁྲལ་བྱེད་མི་དགོས་པའི་བསྐོར་ཨ་མ་དང་སྤུན་ཉེ་རིང་དག་ལ་བཤད་རོགས། ད་ལྟའི་འཆར་ང་རང་རྡ་རམ་ས་ལ་ན་ཡོད་ཅེས་རང་གི་ཨ་རྒན་གྱི་དྲི་བ་དག་ལ་ལན་སྤྲད། རྗེས་ཕྱོགས་ངས་ཁྱེད་ཚོ་ལ་ཁ་པར་གཏོང་ངེས་ཡིན་ཟེར་ནས་ཨ་མ་ལ་བཤད་རོགས།

ཕ་རྒན་གྱིས། ཟ་ཁང་གི་གཡོག་པོ་རྐྱང་རྐྱང་བྱས་དེ་བསྡོད་པ་ལས་ཕྱིར་ཕ་ཡུལ་དུ་ཡོང་ནས་འཁོར་བ་ཞིག་བཟུང་དེ་ཕ་མ་ཚོས་མིག་གི་རིག་ས་ཞིག་ནས་བསྡད་ན་ཚང་མ་བློ་བདེ་བོ་རེད་འདོད་ཀི ད་ནི་ཁྱེད་རང་ཆུང་ཆུང་མ་རེད། རང་གིས་བསམ་བློ་ཞིབ་མོ་ཐོངས། འདི་ཕྱོགས་སུ་སེམས་འཁྲལ་མེད། ནང་མི་ཉེ་འབྲེལ་ཚང་མ་བདེ་མོ་རེད།

བློ་བཟང་ཁ་པར་ཁང་ནས་སྒོ་བུད་མ་ཐག ངོ་ཤེས་རྒྱ་མཚོ་རྒྱ་གར་ནུབ་ཀྱི་ཤར་ཕྱོགས་སུ་ལས་ཀ་བྱེད་དུ་སོང་ནས་དེ་རིང་གཞི་ནས་རྡ་སར་འབྱོར་བ་དང་། ཁོ་གཉིས་ཀྱིས་ལས་ཀའི་བསྐོར་ལ་སྐད་ཆ་འདྲ་མིན་སྣ་ཚོགས་རེ་བཤད།

རྒྱ་མཚོས་བློ་བཟང་ལ། ཁྱེད་རང་ས་ཁུལ་དེར་ལས་ཀ་བྱེད་དུ་འགྲོ་འདོད་ཡོད་ན། ངས་ཁྱེད་རང་ལ་ཁ་པར་ཨང་གྲངས་ཤིག་སྤྲོད་ཆོག ཁོང་ཚོ་ལ་ལས་ཀ་བྱེད་མཁན་བོད་མི་ཞིག་མ་རེག་པར་བསྡད་འདུག འདི་མི་ཚང་དེས་བུའི་ཁ་པར་ཨང་གྲངས་རེད། ཁོ་རང་དེང་སང་ལྡི་ལུར་ཡོད་པ་རེད། འགྲེལ་བ་བྱེད་ན་མགྱོགས་པོ་བྱས་ན་ཡག་གི་རེད་ཅེས་བློ་བཟང་ལ་ཁ་པར་ཨང་གྲངས་ཤིག་སྤྲད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ཡང་ཡང་ཕེབས་ཀྱི་ཡོད་པ་དེ་ནི་དངོས་ནས་དགའ་བཞིན་ཡོད། སྤྲོ་བཞིན་ཡོད། སྒུག་བཞིན་ཡོད། རེ་བས་ངང་དུ་བལྟ་བཞིན་ཡོད། ཀློག་མཁན་སྤུན་ཟླ་ཚོ་མེད་ན། ངས་ཅི་འདྲའི་དཀའ་ཚེགས་ཆེ་བའི་འཚོ་བའི་བར་གསེང་ནས་འཕག་འཚག་བྱས་ཀྱང་སྙིང་བོ་མེད་པ་རེད། ཁྱེད་ཅག་འདི་ལྟར་ཡང་ཡང་ཕེབས་དུས་སུ་བདག་གི་སེམས་ཤུགས་ཀྱང་སྔར་ལས་བསྐྱེད་བཞིན་ཡོད།

    Reply
  2. samkhar says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་གྱི་བློ་སྤོབས།།
    ཡ་གིའི་གངས་རི་ལས་མཐོ་བ།།
    སྒྲུང་རྩོམ་ཆུ་རྒྱུན་བཞིན་བཞུར་བས།།
    སེམས་ཀྱི་ས་གཞི་དག་བརླན་གྱིས།།

    Reply
  3. samkhar says:
    ལོ་ 16 སྔོན།

    བསྟན་འཛིན་ཚེ་འཚོ་ལགས། སྐུ་ཉིད་གློ་བུར་འདིར་ཐོན་བྱུང་། བར་སྐབས་ཤིག་འཇིག་རྟེན་འདི་ནས་གང་དུ་བཞུད་པ་ཡིན་ནམ།
    ངས་ཁྱེད་ཉིད་ལྷག་པར་དྲན།

    Reply
  4. Tentsetso says:
    ལོ་ 16 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ། ཡུན་རིང་ཞིག་ལ་བསམ་ཚུལ་གང་ཡང་གླེང་ཁོམ་མ་བྱུང་། དེང་སྐབས་ཕྲན་ཟུར་སྦྱོང་འཛིན་གྲྭ་ཞུགས་སྟབས་ཅུང་བྲེལ་བ་ཆེ། ཡིན་ཡང་ཉིད་ཀྱི་ཟིན་བྲིས་དག་ཁོམ་རེ་བྱུང་དུས་ཀློག་བཞིན་ཡོད། ཚེ་རིང་ བཀྲ་ཤིས།

    Reply
  5. free sopu says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  6. Baichung says:
    ལོ་ 16 སྔོན།

    གོ་བ་མ་ལོག་མ་གཏོགས་མི་རྙིང་བ་ལབ་ན་བྱིས་པ་གཉིས་རེ་གསུམ་རེའི་ཨ་མ་ཚོ་ལབ་མེད་ད།

    Reply
  7. Baichung says:
    ལོ་ 16 སྔོན།

    ལོ་རྒན་དྲུག་བཅུའི་གཉའ་ནས་མནན་ཡང་ཀུན་དགའ་དོན་འགྲུབ་མང་བས་ན།།
    སྐྲ་ལོ་རླུང་གིས་ཕྱོགས་བཞིར་འཕོ་བའི་ན་ཆུང་འཕྱོན་མ་དེ་ལ་དགའ།།
    སྟག་ཤར་གཞོན་ནུའི་བརྗིད་ཉམས་མཐོང་ན་མ་རྒན་མ་ཚོའི་སེམས་པ་ནི།།
    འཁྲུལ་སྣང་ཞིངཡང་་རྒྱོ་ཞིག་རྒྱག་པའི་རེ་བ་ཉིན་མཚན་ཀུན་དུ་འཆང་།།

    ཝ་དམར་གྲ་ཁ་ཡག་པ་ལས། སློག་རིལ་རྣ་རྩ་དྲོ་ན་བཟང་གི་འདོད་ཀྱིན་ཡོད་ན་མ་གཏོགས། བློ་བཟང་ཡ ངའི་ཁ་ལ་ཉོན། རྗེས་མར་གོས་གསར་བ་གོན། མི་རྙིང་བར་འགྲོགས་ལོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese