མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

ཉེར་བདུན།


མི་ཞིག་གི་མི་ཚེ་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་དེ་ནི་རང་ཉིད་ལ་ཡིད་ཆེས་བྱེད་རྒྱུ་དེ་ཡིན་སྟབས། བློ་བཟང་གིས་ཀྱང་རང་ཉིད་ལ་ཡིད་ཆེས་བྱས་དེ་ཨ་ཅག་ཚེ་འཛོམ་གྱི་ཁ་ཇི་འདྲ་རྩུབ་ནའང་བཟོད་བསྲན་བྱས་དེ་ཟླ་ངོ་ཧྲིལ་བོ་གཉིས་ཀྱིས་རྗེས་སུ། ཁོང་རྒན་རྒོན་གཉིས་ཀྱིས་རེ་སྐུལ་ལྟར། ཁོ་རང་ཟ་ཁང་གི་འགན་འཛིན་གྱི་ལས་སྣེ་འཁུར་རྒྱུ་བྱས། ཟླ་གཅིག་གི་ཡོང་བབས་ལས་བརྒྱ་ཆའི་སུམ་བཅུ་ཁོ་རང་ལ་སྤྲོད་རྒྱུ་བྱས་པ་དང་། ཟ་ཁང་གི་ཕྱི་ནང་བར་གསུམ་ཚང་མ་ཁོ་རང་ལ་རྩིས་སྤྲོད་བྱས་པ་རེད།

རྒན་རྒོན་གཉིས་ལ་ཕྲུ་གུ་གསུམ་ཡོད་ལ། གཉིས་བུ་མོ་དང་གཅིག་བུ་ཡིན། བུ་མོ་ཆེ་བ་ནི་ཕྱི་རྒྱལ་དུ་བཏང་ཟིན་པ་ཞིག་དང་། བུས་ལྡི་ལུར་ཁོ་རང་གི་རེ་འདོད་ལྟར་ཆེད་ལས་ལག་རྩལ་བསྐོར་གྱི་སློབ་སྤྱོང་ཞིག་བྱེད་བཞིན་ཡོད། བུ་མོ་ཆུང་བ་བསྟན་འཛིན་འཚོ་མོས་ལྡི་ལུར་མཐོ་སློབ་འདོན་བཞིན་ཡོད་པ་རེད།

བསྟན་འཛིན་མཚོ་མོས་དགུན་ཁའི་གུང་གསེང་དུ་སླེབས་ནས་བློ་བཟང་དང་གྲོགས་པོ་ཆགས། མཚམས་རེར་ཨ་ཅག་ཚེ་འཛོམ་གྱིས་བསྟན་འཛིན་འཚོ་མོ་དང་བློ་བཟང་གཉིས་ཕྱི་རོལ་དུ་འཁྱམ་འཁྱམ་དུ་གཏོང་བཞིན་ཡོད།

བསྟན་འཛིན་འཚོ་མོ་ནི་བུ་མོ་ཁ་སངས་པོ་ཞིག་དང་བསམ་བློ་ཀུ་ཡངས་པོ་གཏོང་མཁན་ཞིག་ཡིན་པ་མ་ཟད། སེམས་པ་ཡང་བཟང་བོ་ཞིག་ཡིན་ལ། བློ་བཟང་དང་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཆགས། བསྟན་འཛིན་འཚོ་མོའི་གུང་གསེང་རྫོགས་ནས་ཕྱིར་ལྡི་ལུར་འགྲོ་ཁར་བློ་བཟང་ལ་ཁ་པར་ཨང་གྲངས་ཀྱང་སྤྲད།

རྒན་པོ་དོན་འགྲུབ་ཀྱིས། བློ་བཟང་གི་སྔ་གཞུག་བར་གསུམ་ཚང་མ་ལ་རྒྱུས་ལོན་བྱས་རྗེས་སུ། ཁ་བརྡ་དང་རེ་སྐུལ་འདི་འདྲ་བྱས། བློ་བཟང་། ངས་བལྟས་པ་ཡིན་ན་ཁྱེད་རང་ཕྱིར་གྲྭ་སར་སོང་བ་ཡིན་ན་ཡག་པོ་འདུག ཐ་མག་དང་ཨ་རག་འཐུང་བ་ཙམ་གྱིས་སྐྱོན་ནི་མ་རེད། ང་རང་ལྟ་བུ་ཞིག་ལ་མཚོན་ན་ལྔ་བརྒྱད་ལོའི་ཟིང་འཁྲུག་བྱུང་རྗེས། རྒྱ་གར་ལ་འབྱོར་ནས་རང་གི་ལྟོ་གོས་ཆེད་དུ་ཡར་མར་མང་བོ་ལ་འགྲིམ་ནས་ཚོང་བརྒྱབ་དེ་བསྡད་མཐར། སྡོམ་མགོ་མ་ཐོན་པར་གྲྭ་བ་ལོག་པ་རེད། དངོས་ནས་བཤད་ན་ང་རང་གྲྭ་བ་ལོག་འདོད་ཡོད་པ་དེ་འདྲ་མིན་ཡང་། ལས་དབང་ཟེར་ན་འདྲ། རང་གིས་མ་འཁྱོངས་པ་ཟེར་ན་རེད། གྲྭ་བ་བྱེད་རྒྱུའི་བསོད་ནམ་མེད་སོང་བ་ཡིན་ས་རེད།

ཁྱེད་རང་ད་ལྟ་ལོ་ཡང་ཆུང་ལ་རིག་པ་རྣོ་བོ་འདུག་པ་མ་ཟད། བོད་ཡིག་ཡང་ཡག་པོ་ཤེས་ཀྱི་འདུག ཁྱེད་རང་ལྟ་བུ་ཞིག་གྲྭ་བ་མི་བྱེད་ཟེར་བ་དེ་ནི་དངོས་ནས་ཕངས་པ་ཞིག་རེད་སོགས་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་ཀྱི་མྱོང་བ་གཞི་ལ་བཞག་ནས་བློ་བཟང་ལ་སྐད་ཆ་མང་བོ་ཞིག་བཤད།

བློ་བཟང་གིས། རང་ཉིད་གྲྭ་ས་ནས་གྲྭ་བ་མི་བྱེད་རྒྱུའི་བློ་ཐག་བཅད་པའི་སྔ་གཞུག་དང་། ཆོས་དགེ་བ་བྱེད་པ་ལ་ཡིན་གཅིག་མིན་གཅིག་གྲྭ་ལ་གྱོན་མཁན་ཞིག་བྱེད་དགོས་དོན་མེད་པའི་བསྐོར་གྱི་གནས་ལུགས་རང་གི་གང་ཤེས་ཆེས་མི་ཉུང་བ་ཞིག་རྒན་པོ་དོན་འགྲུབ་ལ་ཞུས།

བློ་བཟང་གིས་ཟླ་ངོ་བདུན་བརྒྱད་གཅིག་གི་རིང་དུ་ཞོགས་སྔ་བླངས་དང་དགོང་ཕྱི་ཉལ་བྱས་དེ་དཀའ་ལས་མི་ཉུང་བ་ཞིག་ཉུང་མཐར་ཧིན་སྒོར་འབུམ་གཅིག་ལྷག་གསོག་ཐུབ་ཡོད་པ་རེད། སྐབས་དེ་འདྲ་ཞིག་ལ་བློ་བཟང་གི་བསམ་པར་ད་ནི་ཕྱིར་རྡ་ས་མེག་ལོར་དུ་སོང་དེ་སློབ་སྤྱོང་རེ་བྱས་པ་ཡིན་ན་ལོ་ངོ་གཅིག་ཙམ་ལ་དཀའ་ངལ་ཡོད་ས་མ་རེད་སྙམ་ནས། རང་གི་བསམ་ཚུལ་གང་ཡོད་པ་དག་རྒན་རྒོན་གཉིས་ལ་བཤད།

རྒན་པོ་དོན་འགྲུབ་ཀྱིས། ཁྱེད་རང་དངོས་ནས་གྲྭ་བ་བྱེད་འདོད་མེད་པ་ཡིན་ན། ཕྱིར་རྡ་སར་སོང་ནས་སྒོར་མོ་ཆ་བོ་ཚར་རེག་བར་དུ་སྡོད་པ་ལས། ད་ནི་རང་གི་འཚོ་བའི་ཕྱོགས་སུ་བསམ་བློ་ཞིག་བཏང་དེ་འདི་ནས་མ་མཐའ་ལོ་གཅིག་གི་རིང་དུ་སྡོད་དང་། ལོ་གཅིག་གི་རྗེས་སུ། ངས་ཁྱེད་རང་ལ་མ་རྩ་ཞིག་འཇོག་རོགས་བྱས་དེ་ཟ་ཁང་ཞིག་གཉེར་བའམ། ཡང་ན། ཕྱི་རྒྱལ་གང་རུང་ཞིག་ལ་འགྲོ་འདོད་ཡོད་ན་དེ་རུ་གཏོང་ཆོག

བློ་བཟང་ནི་རང་གིས་ཐག་བཅད་པ་དེ་ནི་སུས་ཀྱང་འགུལ་ལྕགས་མི་ཐེབས་པ་ཞིག་ཡིན་སྟབས། མཐར་ཁོ་རང་གི་འདོད་པ་ལྟར་ལམ་ལ་ཆས་རྒྱུ་བྱས་པ་དང་། འགྲོ་ཁར་རྒན་རྒོན་གཉིས་ཀྱིས་ཁོ་རང་གི་འདོད་པ་ལྟར་ལྡི་ལུར་ཁོང་གཉིས་ཀྱི་བུས་རོགས་རམ་གནང་དེ་གློག་ཀླད་ཅིག་ཉོ་འདོད་པ་དེ་ཡང་བུ་ལ་ཁ་པར་བཏང་ནས་ཏག་ཏག་བཟོས།

བློ་བཟང་གིས། རྒན་རྒོན་གཉིས་ལ་རང་གི་སེམས་ནང་གི་སྐད་ཆ་མི་ཉུང་བ་ཞིག་བཤད་མྱོང་ལ། ལམ་ལ་ཆས་ཁར་ཡང་ཁོང་གཉིས་ཀྱི་ཁ་པར་ཨང་གྲངས་འཁྱེར་ནས་འགྲོ་བཞིན་ཡོད་ལ། མ་འོངས་པར་གལ་སྲིད་ཁོང་གཉིས་ལ་ཁོ་རང་གི་ཐུབ་པའི་རོགས་རམ་འདྲ་བྱེད་དགོས་ཐུག་ཉིན་ཁོ་རང་གི་རོགས་བྱེད་རྒྱུའི་སེམས་ཐག་བཅད་པ་དེར། རྒན་རྒོན་གཉིས་ཀྱིས་ཀྱང་བློ་སེམས་བདེ་བོའི་ངང་དུ་བློ་བཟང་ལ་ལམ་མཇུག་བྱས།

བློ་བཟང་ཟླ་ངོ་བརྒྱད་ལྷག་གི་རྗེས་སུ་ཕྱིར་རྡ་ས་མེག་ལོར་དུ་འབྱོར་ན་ཡང་། སྔོན་ཆད་དང་བསྡུར་ན་གཏན་ནས་མི་འདྲ་བར་ཕར་འགྲོ་དུས་ཀྱི་རྒྱབ་ཁུག་ཆུང་ཆུང་དེ་འཁུར་མཁན་ནི་མིན་པར། ཤོག་སྒམ་ཆེན་པོ་ལྔ་དྲུག་ཞིག་དང་། རྒྱབ་ཁུག་ནག་པོ་ཆེན་པོ་གཉིས་དང་བཅས་ཅ་ལག་མི་ཉུང་བ་ཞིག་དང་ལྷན་དུ་ཕྱིར་རྡ་ས་མེག་ལོར་དུ་འབྱོར་ཡོད་པ་རེད།

ཤོག་སྒམ་དེ་དག་ནི་གློག་ཀླད་གསར་བ་ཉོས་པའི་ཅ་ལག་རྐྱང་རྐྱང་ཡིན་ལ། རྒྱབ་ཁུག་དེ་གཉིས་ཀྱི་ནང་གི་ཅ་ལག་དག་ནི་གོན་པ་དང་། ལྡི་ལུ་ནས་རྒན་རྒོན་གཉིས་ཀྱི་བུས་ཁོ་ལ་སྤྲད་པའི་ཐབ་ཆོས་རྙིང་བའི་རིགས་རྐྱང་རྐྱང་ཡིན། བློ་བཟང་ཐད་ཀར་རང་གི་སྔོན་ཆད་སྡོད་སའི་གྲོགས་པོ་དེའི་ནང་དུ་ཕྱིན། གྲོགས་པོ་ལས་ཀ་ནས་ཕྱིར་ནང་དུ་འབྱོར་དུས། བློ་བཟང་གི་འཁུར་ཡོང་བའི་ཅ་དངོས་དེ་དག་རིག་ནས་ནང་དུ་ཡང་ཡོང་མ་འཕོད་པར། བློ་བཟང་ལ་་འདི་ཚོ་ཅི་རེད་དམ། ཁྱེད་ཀྱིས་ཟླ་ངོ་འདི་དག་གི་རིང་དུ་ག་རེ་བྱས་པ་ཡིན་ནམ།

སྐྲག་མི་དགོས། སྐྲག་མི་དགོས། ནང་དུ་ཤོག ཚང་མ་ང་རང་གི་ཉོས་པ་ཡིན།
འདི་དག་ཉོ་བྱེད་ཀྱི་སྒོར་མོ་འདི་འདྲའི་མང་བོ་ཞིག་ཇི་ལྟར་རེག་པ་རེད།


བློ་བཟང་གིས་གྲོགས་པའི་རྣམ་འགྱུར་ལ་བལྟས་དེ། ཡ་་་ ཐོག་མར་ནང་དུ་ཤོག་དང་། དེ་ནས་ཁ་བརྡ་ལྷོད་ལྷོད་བྱེད་ཅེས་བཤད་དུས། ཁོ་རང་ད་དུང་ཐེ་ཚོམ་དང་བཅས་དེ། སྒོ་ཁ་ནས་ཡར་འགྲེང་བཞིན། ང་ཁྱེད་རང་གིས་གསལ་བོ་ཞིག་མ་བཤད་ན་ནང་དུ་མི་ཡོང་ཟེར་ནས་ཧ་ལས་ཞོར་དུ་མུ་མཐུད་དུ་ཡར་བླངས་དེ་བསྡད།

བློ་བཟང་གིས་རང་ཉིད་ཀྱིས་ཟླ་ངོ་བརྒྱད་ལྷག་རིང་གི་དཀའ་ལས་ཇི་ལྟར་བརྒྱབ་མིན་དང་། སྤྱིན་བདག་བཟང་བོ་ཞིག་ལ་འཕྲད་སྟངས། སྒོར་མོ་དེ་དག་རང་གིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལས་རེག་པ་སོགས་ཞིབ་དུ་གླེང་མཐར། ཁོ་གཉིས་ཀྱིས་གློག་ཀླད་ཀྱི་ཅ་དངོས་དག་ཤོག་སྒམ་ལས་ཕྱི་རུ་བཏོན།

བློ་བཟང་གིས་དགོང་མོ་དེར་གྲོགས་པོ་དེའི་ཁ་ནས་ནོར་བུ་བཟང་མོ། ཕྱི་རྒྱལ་བ་ཞིག་དང་གཉེན་སྒྲིག་རྒྱུའི་དུས་ཚོད་གཏན་འཁེལ་བྱས་ཡོད་པ་ཐོས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ། སྔར་བཞིན་ཕེབས་ཀྱི་འདུག་ལ། སྔར་བཞིན་བལྟས་དེ་ཡོད། དགའ་བཞིན་ཡོད། བློ་བཟང་གི་དོན་དུ་སེམས་འཁྲལ་ཆེ་ཇེ་རེད། ལས་ངན་འདིས་གང་བྱེད་ཡོང་བསམ་ན་དེ་ལས་ཀྱང་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད། དེ་མཚུངས་ཀྱིས་ཤུ་རེ་བྱོས་དེ་འབྲི་ཁུལ་ཡང་བྱེད་ཀྱི་ཡོད།

    Reply
  2. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན།

    Reply
  3. karmadentse says:
    ལོ་ 17 སྔོན།

    ངས་བལྟས་ན་སྒྲུང་འདི་ཁྱེད་རང་གི་གནས་ཚུལ་རྣམས་གསལ་བོར་བྲིས་འདུག་པའི་སྣང་བ་འདུག གང་ཡིན་ཟེར་ན། ང་ཁྱེད་ལ་ཆ་རྒྱུས་ཧ་ཅང་གསལ་བོ་ཡོད། «

    Reply
  4. kalta says:
    ལོ་ 17 སྔོན།

    མཐུད་ དགོངས་གསོལ་ཞུ་ཞབས་ཀྱུ་ཆད་ཤོར་འདུག

    Reply
  5. kalta says:
    ལོ་ 17 སྔོན།

    ཁྱེད་རང་གི་སྐད་ཆ་མང་དྲག་པས་ངས་ཆ་ཚང་ཀློག་ཐུབ་མ་སོང་།
    འོན་ཀྱང་རྗེས་སུ་དུས་ཚོད་བྱུང་ན་ལྷོད་ལྷོད་བྱས་ནས་ཀློག་གི་ཡིན་པས།
    མུ་མཐད་ནས་བཀོད་རོགས་གནང་།

    Reply
  6. lha mo says:
    ལོ་ 17 སྔོན།

    གྲོགས་པོ་ལགས། རྒྱུ་རྐྱེན་གང་ཞིག་གི་དབང་གིས་ང་ཁྱོད་ཀྱི་ཟིན་བྲིས་སུ་ཡིན་རིང་ཡོང་ཐུབ་མ་སོང་དགོངས་སེལ་ཞུ་བ་དང་ཆབ་ཅིག་ཁྱོད་ཀྱིས་མཚོན་ཐུབ་ཡོད་པའི་སྒྲུང་རྩོམ་སྙན་མོ་ཞིག་བྲིས་འདུག ཧ་ཅང་ཡག་པོ་རེད། ང་ཚོ་བོད་པ་ཚང་ལ་ཡོན་ཏན་ཅན་གྱི་མི་རེ་རེ་འཚར་ལོངས་བྱུང་ན་དགོས་ངེས་ཀྱི་དུས་སུ་སླེབས་ཡོད་པས། ཁྱོད་ཀྱིས་མུ་མཐུད་ནས་སྤོབས་པ་བསྐྱེད་དེ་བསམ་བློའི་ཤེས་ཡོན་བ་ཞིག་དང་། རིག་གཞུང་ཤེས་ཡོན་པ་ཟུང་ལྡན་ཞིག་བྱེད་ཐུབ་པའི་རེ་སྨོན་ཞུ།

    Reply
  7. Baichung says:
    ལོ་ 17 སྔོན།

    ཨོ་འདི་རེད་ངས་བཤད་ལ། ནོར་བུ་བཟང་མོ་ལྟ་བུར་བློ་གཏོད་ན་གྱོང་རེག་པའི་ཉེན་ཁ་མ་གཏོགས་ཡོད་ནི་མ་རེད། ནག་མོ་དྲེད་མ་མྱིས་མི་ཐུབ། རྒྱུ་མ་རློན་པ་སོས་མི་ཆོད། ཟླ་དྲུག་བདུན་གྱི་རིང་དུ་འགྱུར་ཚར་འདུག་ག། མ་གཞི་་བློ་བཟང་འདི་དྲན་རྒྱུ་མང་པོ་ཅན་ཞིག་རེད་བརྟན་པོ་ཞིག་རེད་མི་འདུག། བློ་རྩེ་གཉིས་ཀྱིས་དོན་འགྲུབ་ཀྱི་མ་རེད་ལ ཁབ་རྩེ་གཉིས་ཀྱིས་བཟོ་བཟོ་ཡི་མ་རེད། བྱ་བ་ཅི་ཞིག་བསྒྲུབ་ན་མཐའ་འཁྱོངས་ན་ད་བཟོད་འབྲས་བུ་སྨིན་གྱི་རེད།

    Reply
  8. kawakarpo says:
    ལོ་ 17 སྔོན།

    ཁྱོད་ཀྱི་བརྩམས་སྒྲུང་འདི་ནི་ལོ་རབས་དགུ་བཅུའི་ནང་གི་ལྷ་ས་བ་མཁས་གྲུབ་ཆོས་འཕེལ་གྱི་བརྩམས་སྒྲུང་<<སྐར་མས་ཁྲེལ་དགོད་མ་གནངས>>ཞེས་པ་དེ་དང་འདྲ་བོ་འདུག ཁོང་གིས་རང་གི་གྲོགས་པོ་འགའི་དགའ་རོགས་ཀྱི་སྐོར་མཐོང་ཐོས་བྱུང་བ་དག་མི་གཅིག་གི་སྒང་ལ་སྤུངས་ནས་བརྩམས་སྒྲུང་དེ་བྲིས་པ་ཡིན་ལུགས་བརྗོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese