མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མའི་ཚ་མོ་ཞིག་ཏང་ལ་ཞུགས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བཅིངས་འགྲོལ་དམག་མི་ཡིན་པའི་ཏཱ་ལའི་བླ་མའི་ཚ་མོ་ཞིག་གིས་རང་ཉིད་ད་ལོར་གུང་ཁྲན་ཏང་ལ་ཞུགས་ཡོད་ཚུལ་ཞིན་ཧྭ་གསར་ཁང་ལ་བཤད་འདུག་པ་མ་ཟད། ཁོ་མོས་ཏཱ་ལའི་བླ་མ་མཆོག་ཕྱིར་རང་གི་ཕ་ཡུལ་ལ་ཕེབས་རྒྱུར་རེ་བ་གནང་གི་ཡོད་ཚུལ་ཀྱང་བཤད་འདུག

ང་རང་ཏང་ནང་ལ་ཞུགས་པར་སྤོབས་པ་ཆེན་པོ་བྱུང་། ཅེས་རང་ལོ་ ༣༥ སོན་པའི་བདེ་ཡངས་སྒྲོལ་མས་བཤད་འདུག་ལ། ཁོ་མོ་དེང་སྐབས་མི་དམངས་བཅིངས་འགྲོལ་དམག་མི་ཞིག་ཡིན་འདུག ཁོ་མོས་ལོ་འདིའི་ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་གུང་ཁྲན་ཏང་ནང་ལ་ཞུགས་པའི་དམ་འབུལ་བྱས་འདུག

ངས་ཏང་ནང་ལ་ཞུགས་པར་དམ་འབུལ་བྱས་སྐབས་ངའི་མིག་གཉིས་མཆི་མས་ཁེངས་སོང་། ངས་རང་ཉིད་འཛམ་གླིང་ནང་གི་མི་སྐྱིད་ཤོས་དེ་ཡིན་པར་ཚོར་བྱུང་། ཞེས་ཁོ་མོས་སྐབས་དེའི་ཚོར་སྣང་ཡང་བཤད་འདུག

ངའི་རྨོ་རྨོ་བློ་གསལ་སྐྱིད་ནི་ཏཱ་ལའི་བླ་མའི་སྤུན་ཉེ་ཞིག་ཡིན། ཏཱ་ལའི་བླ་མ་ ༡༩༥༩ ལོར་བྲོས་བྱོལ་ལ་ཕེབས་སྐབས་ཁོང་གིས་ངའི་རྨོ་རྨོ་དང་མོའི་ཁྱིམ་མི་ཚོ་ཁོང་དང་མཉམ་དུ་འབྲོ་རྒྱུའི་རེ་བསྐུལ་བྱས་ཀྱང་ངའི་རྨོ་རྨོས་ཉན་ཡོད་པ་མ་རེད། ཅེས་བཤད་འདུག

ཡང་བདེ་ཡངས་སྒྲོལ་མས་མོ་རང་ཏང་ལ་ཞུགས་རྒྱུའི་སྙན་ཞུ་ཐེངས་དང་པོ་དེ་ ༡༩༩༥ ལོར་བྲིས་པ་དང་ཐེངས་གཉིས་པ་དེ་ ༡༩༩༨ ལོར་བྲིས་འདུག་ཀྱང་། ཁོ་མོ་དང་ཏཱ་ལའི་བླ་མའི་བར་གྱི་དམིགས་བསལ་གྱི་འབྲེལ་བ་དེ་ལ་བརྟེན་ནས་ད་བར་དུ་ཏང་ནང་ལ་ཞུགས་རྒྱུར་ཆོག་མཆན་སྤྲད་མེད་ཚུལ་ཡང་མོས་བཤད་ཡོད་པ་རེད། ཡིན་ཡང་། ཁོ་མོས་རང་ཉིད་ནི་གུང་ཁྲན་ཏང་ཡོན་གྱི་རྣལ་མ་ཞིག་ཡིན་ཆོག་པའི་ཚོར་སྣང་ལ་བརྟེན་ན་ནིང་དང་ད་ལོ་གཉིས་ཀར་བསྐྱར་དུ་སྙན་ཞུ་གཉིས་ཕུལ་བར་བརྟེན་ངོས་ལེན་བྱས་སོང་ཟེར།

བདེ་ཡངས་སྒྲོལ་མ་ནི་ ༡༩༩༣ ལོར་མཐོ་རིམ་སློབ་གྲྭ་མཐར་ཕྱིན་ཞིང་། མོའི་ནང་མི་ཚོས་མོ་རང་ཕྱི་རྒྱལ་ལ་སློབ་གཉེར་བྱེད་པར་གཏོང་རྒྱུའི་གོ་སྐབས་ཤིག་སྤྲད་ཀྱང་ཁོ་མོས་ཆུང་དུས་ཀྱི་རྨི་ལམ་ལྟར་མི་དམངས་བཅིངས་འགྲོལ་དམག་གི་ནང་དུ་ཞུགས་པ་རེད་ཟེར།

ཁོ་མོས་བཤད་དོན། ང་རང་ཆུང་དུས་སུ་ནམ་རྒྱུན་བཅིངས་འགྲོལ་དམག་གི་སྨན་པ་ཚོ་བོད་ཀྱི་འབྲོག་ཁུལ་ལ་མང་པོ་བསྐྱོད་དེ་བོད་རིགས་ནད་པ་ཚོར་སྨན་བཅོས་བྱེད་ཀྱིན་པའི་དཀའ་ཁག་དེ་ཚོ་མཐོང་མྱོང་། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་དེ་དས་བཟུང་སོ་སོ་རྗེས་མ་བཅིངས་འགྲོལ་དམག་མི་ཞིག་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན་ཟེར།

བདེ་ཡངས་སྒྲོལ་མསབཤད་པ་ལྟར་ན། ཁོ་མོའི་ནང་མི་ཚོས་ད་ལྟ་ཡང་ཧོང་ཀོང་ན་ཡོད་པའི་ཏཱ་ལའི་བླ་མའི་སྐུ་སྤུན་ཞིག་ལ་འབྲེལ་བ་བྱེད་ཀྱིན་ཡོད་ལ། ཁོ་མོའི་པ་ལགས་ཀྱིས་ ༡༩༨༩ ལོ་དང་ ༡༩༩༣ ལོར་རྒྱ་གར་དུ་བསྐྱོད་དེ་ཏཱ་ལའི་བླ་མར་མཇལ་མྱོང་ཚུལ་ཡང་བཤད་འདུག

མོས་བཤད་དོན། ཏཱ་ལའི་བླ་མ་དགུང་ལོ་ ༥ ཡིན་དུས་སོ་སོའི་ཕ་ཡུལ་མཚོ་སྔོན་དང་ཁ་བྲལ་བ་རེད། དེའི་རྗེས་ནས་དགུང་ལོ་ ༡༨ ཡིན་དུས་ཤིག་ལ་ཐེངས་ཤིག་ཕྱིར་ཕ་ཡུལ་ལ་ཕེབས་མྱོང་བ་རེད། ད་སྐབས་ཁོང་ཉིད་རྒན་པོ་ཆགས་ཡོད་པ་རེད། མི་རྒན་པ་ཚོས་སོ་སོའི་ཕ་ཡུལ་དྲན་གི་རེད། ངས་ཁོང་ཉིད་སོ་སོའི་ཕ་ཡུལ་ལ་གཟིགས་སྐོར་གནང་བར་ཕེབས་རྒྱུར་རེ་བ་དང་སྨོན་ལམ་རྒྱག་གིན་ཡོད་ཟེར།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 34

  1. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    གལ་ཏེ་ཁོ་མོས་བཤད་པ་ཚང་མ་བདེན་ན་མོ་ཡང་རྒྱ་ནག་གི་གཡོ་འོག་ཏུ་ཚུལ་འདུག།

    Reply
  2. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཇོ་རྣམ་ལགས། ངས་ཤིན་ཧྭ་གསར་འགྱུར་ཆ་ཚང་མཐོང་ཐུབ་མི་འདུག་པས་གཤམ་དུ་ལུང་རིགས་ལགས་ཀྱིས་ཕྲན་ལ་གནང་བའི་འབྲེལ་ཐག་འདིར་གཟིགས་པར་འཚལ། ཐུགས་རྗེ་ཆེ།
    http://news.xinhuanet.com/english/2009-11/03/content_12380602.htm

    Reply
  3. རྒྱང་རིང་ནས། says:
    ལོ་ 16 སྔོན།

    གནས་དོན་འདི་ཙམ་ལ་ཧ་ལས་ཧེ་ཐོར་དགོས་པ་མ་རེད་གང་ཡིན་ཞེ་ན་ ༧གོང་ས་མཆོག་གི་ཚ་མོ་ཡིན་ན་ཡང་རང་གིས་རྣམ་དཔྱད་བོན་སྤྱོད་དེ་ལུས་འགུལ་གྱི་ཁ་ཕྱོགས་ཞིག་ལ་གཏན་པ་རེད་ དེ་ནི་རང་གི་བསམ་པའི་རང་དབང་རེད་།

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲ་ཤིས། ལགས་ཀྱིས་གསུངས་པ་ལྟར་དབྱིན་ཡིག་གསར་འགྱུར་དུ་མི་གསལ་བའི་གནས་ཚུལ་དེ་དུས་བབ་རྩོམས་སྒྲིག་ཁང་ནས་ཁཱུང་གང་ནས་འདྲང་མིན་གསལ་པོར་གསུང་རོག །

    Reply
  5. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཁོ་མོ་དངོས་ནས་ཅིང་གྲོལ་དམག་ལ་འཛུལ་ཡོད་ན་དངོས་ནས་འཕང་པོ་ཞིག་རེད།
    གང་ལགས་ཞེ་ན་ཁོ་མོ་ནི་རྒྱལ་བ་རིན་པོ་ཆེའི་ཚ་མོ་ཞིག་ཡིན་པའི་ཆ་ནས་དམར་ཤོག་དང་དམངས་གཙོ་གཉིས་གདམས་ཀ་མི་ཤེས་དེ་ཕ་མ་སྤུན་ཆེད་རྣམས་ཡིད་སྐྱོ་དགོས་པ་ཞིག་དང་རང་ཉིད་བསེམས་ལྷོད་ལ་ཕབ་ནས་བསམ་བློ་གཏིང་ཟབ་ཞིག་གཏང་ན་ཚེ་དངོས་ནས་ངོ་ཚ་དགོས་པ་ཞིག་རེད། ། ། །

    Reply
  6. white-tiger says:
    ལོ་ 16 སྔོན།

    སུ་རེད་ སུ་མ་རེད་

    Reply
  7. རྟ་རྫི་གདོང་ནག says:
    ལོ་ 16 སྔོན།

    ཡང་རྒྱ་རྒན་འདི་བ་ཚང་གིས་ཅི་ཞིག་འཁྲབ་བཞིན་ཡོད་མེད་ཤེས་དཀའ་ལ། ཡང་སྙིང་ྋགོང་ས་མཆོག་གི་ཚ་མོ་ཏིང་ལ་ཞུགས་པར་དེ་འདྲའི་ཨུ་སྒྲོགས་བྱེད་དགོས་དོན། ཏིང་གི་བསྟན་པ་ཉམས་བཞིན་པའི་སྒང་ཡིན་རྒྱུ་རེད། ྋགོང་ས་མཆོག་གི་མཚན་བེད་སྤྱད་དེ་ཏིང་མི་བསྡུ་ཐབས་དང༌། རྒྱ་བོད་མི་རིགས་གཉིས་ལ་མགོ་སྐོར་གཏོང་བའི་བྱེད་ཐབསགསར་བ་ཞིག་རེད། ཕྱོགས་གཞན་ཞིག་ནསབོད་རིགས་ཏང་མི་ཚོར་རྣམ་རྟོག་དང་ཡིད་ཆེས་མེད་པའི་སྣང་ཚུལ་ཞིག་བསྟན་པ་ཙམ་རེད།

    Reply
  8. བློ་བཟང་ལུང་རྟོགས། says:
    ལོ་ 16 སྔོན།

    ན་ནིང་རྒྱ་རིགས་མཁས་དབང་ཅིག་གིས་རྩེད་མོ་བཅས་བཤད་རྒྱུར། ཏཱ་ལའི་བླ་མ་གུང་ཁྲན་ཏང་ཡོན་མ་བྱས་པར་དུ་རྒྱ་གཞུང་གིས་ཁོང་ལ་ཡིད་ཆེས་བྱེད་ཀྱི་མ་རེད་ཟེར། ཚ་མོ་ཞིག་གུང་ཁྲན་ཏང་ནང་ཞུགས་པར་གསར་འགྱུར་ནང་བཀོད་པ་འདིས་ཤུགས་ནས་༧གོང་ས་མཆོག་གུང་ཁྲན་ཏང་ནང་ཞུགས་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་འདྲ། གོ་རིམ་འདི་ལ་གཟིགས་དང་
    ༡
    རང་བཙན་རྩད་མི་ཆོག
    ༢
    རང་དབང་གླེང་མི་ཆོག
    ༣
    རང་སྐྱོང་ས་བབ་ཆེ་དྲགས་འདུག
    ༤
    བཙན་བྱོལ་གཞུང་ངེས་ལེན་མེད།
    ༥
    ཏྭ་ལའི་བླ་མ་ཕྱོགས་བསྐྱོད་བྱས་མི་ཆོག

    མི་ལོ་ལྔ་བཅུའི་རྒྱ་གཞུང་གི་གཡོ་སྒྱུའི་སྲིད་ཇུས་ཁྲོད་ད་ནི་ང་ཚོ་བོད་རིགས་ཚང་མ་གུང་ཁྲན་ཏང་ཡོན་བྱེད་དགོས་པའི་དུས་ལ་བསྐྱལ་ཡོད་པ་རེད། འདི་ནི་ང་ཚོས་རྒྱ་གཞུང་ལ་བསྟུན་དྲགས་པའི་ཉེར་ལེན་ཡིན། ང་ཚོ་གོ་རིམ་དེ་ལ་ཕྱིར་སློག་རྒྱབ་ཀྱང་ད་དུང་ཕྱིས་དྲགས་མེད།

    Reply
  9. དུག་ཚེར། says:
    ལོ་ 16 སྔོན།

    ད་ཡང་གཡོ་སྒྱུ་ཅི་ཞིག་འཁྲབ་གྱིན་ཡོད་མི་ཤེས། གཅིག་བྱས་ན་ཆབ་སྒྲགས་རྫིན་མ་ཞིག་ཡིན་རྒྱུ་རེད

    Reply
  10. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ཏྰ་ལེ་བླ་མའི་ཉེ་འབྲེལ་ཏང་ལ་ཞུགས་པ་འདི་ཡག་རྟགས་ཤིག་ཡིན་མིན་མི་ཤེས་

    Reply
  11. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ།་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་ཁ་དམག་ཁོ་ན་རྒྱབ་ནས་མ་བསྡད་པར་༸གོང་ས་མཆོག་གི་བཀའ་བཞིན་ནང་ཁུལ་རྡོག་རྩ་ཆིལ་བསྒྲིལ་བྱས་ཏེ་རང་ཡུལ་བསྐྱར་ལེན་གྱི་བློ་གྲོས་གསར་པ་རེ་འཚོལ་ཐབས་ལ་འབད་ན།་རིང་པོར་མ་ཐོབ་པར་རང་ཡུལ་རང་ལ་དབང་བའི་ཉི་མ་ཞིག་གཏན་གཏན་ཤར་ངེས་རེད།་དེ་ཚང་མས་དུསa་རྒྱུན་དུ་སེམས་ལ་དྲན་དགོས་པ་དེ་གལ་ཆེན་པོ་རེད།་

    Reply
  12. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མ་སྤུན་མཆེད་ས་ཡ་དྲུག་ཡོད། སྤུན་མཆེད་ཁ་ཤས་རྒྱ་ནག་སྲིད་གཞུང་གིས་སྲོག་ཐོག་བཏང་ཚར་ད་དུང་མང་པོ་བཏང་རྒྱུ་ཡིན་པར་འདྲ།

    Reply
  13. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    བདེ་ཡངས་སྒྲོན་མ་ཏང་ལ་ཞུགས་པ་དེར་ཧ་ལས་རྒྱུ་ཅི་ཡང་མེད་མོད། ཞིན་ཧྭ་གསར་ཁང་གིས་ཁྱབ་བསྒྲགས་བྱས་པ་དེར་བསམ་བློ་རན་ཡོད་ཚོད་འདུག

    Reply
  14. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    བདེ་ཡངས་སྒྲོན་མ་ཏང་ལ་ཞུགས་པ་དེར་ཧ་ལས་རྒྱུ་ཅི་ཡང་མེད་མོད། ཞིན་ཧྭ་གསར་ཁང་གིས་ཁྱབ་བསྒྲགས་བྱས་པ་དེར་བསམ་བློ་རན་ཡོད་ཚོད་འདུག

    Reply
  15. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    བདེ་ཡངས་སྒྲོན་མ་ཏང་ལ་ཞུགས་པ་དེར་ཧ་ལས་རྒྱུ་ཅི་ཡང་མེད་མོད། ཞིན་ཧྭ་གསར་ཁང་གིས་ཁྱབ་བསྒྲགས་བྱས་པ་དེར་བསམ་བློ་རན་ཡོད་ཚོད་འདུག

    Reply
  16. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    བདེ་ཡངས་སྒྲོལ་མ་ཏང་ནང་ཞུགས་པ་དེར་འགྲིག་མིན་གྱི་སྐད་ཆ་བཤད་དགོས་དོན་མི་འདུག་མོད། འོན་ཀྱང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དེ་རྒྱ་ནག་གཞུང་གིས་རྐང་བཙུགས་ནས་དྲིལ་བསྒྲགས་བྱས་པ་རེད་སྙམ་པའི་དོགས་པ་ཡོད་ལ། ད་དུང་ཁོ་ཚོས་ཡིན་མདོག་མདོག་གིས་རྒྱ་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་ལྟ་བུར་ཁྱབ་བསྒྲགས་བྱས་པ་ཙམ་དུ་སྣང་འོང།

    Reply
  17. རྒྱ་རགས། says:
    ལོ་ 16 སྔོན།

    བཀླགས་ཟིན།
    ཞིན་ཧྭ་གསར་ཁང་གིས་བསྒྲགས་པའི་སྐྱག་རྫུན་ཞིག་ལ་ངོ་མཚར་སྐྱེ་རྒྱུ་ཅི་ཡོད། ༼ང་རང་ཆུང་དུས་སུ་ནམ་རྒྱུན་བཅིངས་འགྲོལ་དམག་གི་སྨན་པ་ཚོ་བོད་ཀྱི་འབྲོག་ཁུལ་ལ་མང་པོ་བསྐྱོད་དེ་བོད་རིགས་ནད་པ་ཚོར་སྨན་བཅོས་བྱེད་ཀྱིན་པའི་དཀའ་ཁག་དེ་ཚོ་མཐོང་མྱོང་།༽ཧ་ཧ་ཧ་་་་་་་་་་་། སྐད་ཆ་དེར་ལྟོས་དང་ཁྱོད་ཚོས་བདེན་པ་རེད་བསམ་ཀྱི་འདུག་གམ། མོ་ལོ་༣༥ཡིན་ན་མོ་ཆུང་དུས་ཞེས་པ་དེ་ག་དུས་རེད། དེ་དུས་བཅིངས་འགྲོལ་དམག་གི་སྨན་པ་འབྲོག་ཁུལ་དུ་སྐོར་སྐྱོད་བྱེད་ཀྱི་ཡོད་ཡ་་ཧ་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་། སྐྱག་རྫུན་ཡང་ལབ་མ་ཤེས་པ་རེད།

    Reply
  18. རྒྱ་མ་ཁྲི་ཁང་། says:
    ལོ་ 16 སྔོན།

    དཀོན་མཆོག་ལགས་ཁྱེད་ཀྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རང་རེད་།་་ཁྱེད་ལ་མཐའ་གཅིག་ཏུ་རྒྱབ་
    སྐྱོར་ཞུ་རྒྱུ་ཡིན་།།
    རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་དབུ་ཁྲིད་དང་ང་ཚོ་བོད་ཕྲུག་མི་རབ་གསར་པ་ཡོངས་སུ་རྫོགས་པ་དེ་ཁོང་གི་ཚ་བོ་ཚ་མོ་ཤ་སྟག་ཡིན་པས་
    ང་ཚོ་ཚང་མའི་རེ་བ་དེ་བདེ་གཡང་སྒྲོལ་མའི་བསམ་ཚུལ་དང་གཅིག་མཚུངས་སུ་རྒྱལ་བ་རིན་པོ་ཆེ་གང་མགྱོགས་བོད་དུ་ཞབས་གསོར་འཁོད་ཐུབ་རྒྱུའི་ཆེད་འབད་པ་ཉིན་མཚན་ལྟོས་མེད་བྱ་རྒྱུ་ཡིན་།།
    རྒྱ་གཞུང་ནས་གནས་ཚུལ་དེ་འདྲ་སྤེལ་བ་དེ་ཡི་ཐོག་ནས་དོན་དངོས་ཐོག་རྒྱ་གཞུང་གི་དཔོན་རིགས་མཐོ་གྲས་ཕལ་མོ་ཚེས་བོད་མིའི་སེམས་གཏིང་གི་རེ་འདུན་གང་ཡིན་ད་ེགསལ་ཤེས་རྟོགས་ཐུབ་ཀྱིན་
    ཡོད་པ་དེ་ཧ་ཅང་གི་གསལ་པོརེད་།
    དེར་བརྟེནབོད་མི་ཡོངས་ཀྱིས་རྒྱ་གཞུང་ནས་བོད་མིའི་སེམས་གཏིང་གི་དཀའ་གང་ཡིན་་ཤེས་རྟོགས་ཐུབ་ཀྱི་མིན་འདུག་སྙམ་པའི་བློ་དོགས་ནི་རྩ་བ་ནས་མི་དགོས་པ་ཞིག་རེད་།

    Reply
  19. དཀོན་མཆོག says:
    ལོ་ 16 སྔོན།

    ་ཧ་ཧ་ཧ་ཧ་ཧ་། ཧ་ལས་ནས་མགོ་གཞུག་སློག་དགོས་པ་དེ་འདྲ་གང་མ་རེད།
    ཏཱ་ལའི་བླ་མ་མཆོག་ལ་ཚ་བོ་ཚ་མོ་གཅིག་གཉིས་ག་ལ་ཚད།
    ཏཱ་ལའི་བླ་མ་མཆོག་ལ་ཚ་བོ་ཚ་མོ་ས་ཡ་དྲུག་ལྷག་ཙམ་ཡོད

    Reply
  20. སློབ་དཔོན་ says:
    ལོ་ 16 སྔོན།

    ༼ ཏཱ་ལའི་བླ་མའི་ཚ་མོ་ཞིག་ཏང་ལ་ཞུགས་པ ༽ཅེས་པའི་གནས་ཚུལ་འདི་ལ་དོ་སྣང་དེ་རྩམ་བྱེད་དགོས་དོན་མི་འདུག་སྙམ་སྤྱིར་༧་རྒྱལ་བ་རིན་པོ་ཆེ་སངས་རྒྱས་ཡིན་པའི་རྒྱུ་མཚན་དུ་བྱེད་ནས་དེ་སྔོན་ཁོང་གི་སྤུན་ཉེར་རེ་གཟུང་ལ་ལྷ་སྲ་ཅེས་འབོད་པའི་དུས་དེར་ཡིན་ན་གནས་ཚུལ་འདི་ཆེས་དགོས་མཁོ་ཅན་གྱི་གནས་ཚུལ་ཞིག་དང་གསར་པ་ཞིག་རེད་།།

    Reply
  21. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    M-mG-GÛ-»P-Dô-¤ô-»P- Brainwishing ¸ï¼-z-ºhÛ-zbPÅ-¤ïh-qºÛ-¼ï-z-»ôhü

    Reply
  22. ནད་པ says:
    ལོ་ 16 སྔོན།

    དགུང་གྲངས་བདུན་བཞིར་ཕེབས་པའི་༸ གོང་ས་སྐྱབས་མགོན་ཏྭ་ལའི་བླ་མས་ཉེ་འཆར་སུད་སིར་བསྐོང་ཚོགས་གནང་བའི་རྒྱ་བོད་ལྷན་ཚོགས་ཀྱི་ཐོག་ཏུ་གུང་ཁྲན་ཏང་གཟི་བརྗིད་དང་ལྡན་པའི་ངང་ནས་རྒན་ཡོལ་དུ་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་གསུངས་ཡོད།

    བོད་ནང་ཡོད་པའི་༸ གོང་ས་ཏྭ་ལའི་བླ་མའི་ཚ་མོ་བདེ་དབྱངས་སྒྲོལ་མས་རང་ཉིད་གུང་ཁྲན་ཏང་གི་མི་དམངས་བཅིང་གྲོལ་དམག་ནང་བཞུགས་ཏེ་གུང་ཁྲན་ཏང་ཡོན་རྣལ་མ་ཞིག་བྱེད་རྒྱུར་ཧ་ཅང་དགའ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དེས་གུང་ཁྲན་ཏང་སྲ་བརྟན་དུ་གཏོང་རྒྱུ་ཁོ་མོའི་དམིགས་ཡུལ་ཡིན་སྲིད།

    ལོ་ན་ཕྲ་བའི་ཚ་མོ་ཆུང་ཆུང་འདིས་སྐུ་ན་བགྲེས་པའི་༸གོང་ས་མཆོག་ས་ཡིད་ལ་དྲན་ཏེ་ལན་གཅིག་ཕ་ཡུལ་བོད་ལྗོངས་སུ་ཆིབས་སྒྱུར་བསྐྱང་ཐུབ་རྒྱུའི་རེ་བ་ཆེན་པོ་གནང་བཞིན་ཡོད་པ་དེར་ཞིབ་ཏུ་བསམས་ཚེ་ངོ་མ་དགའ་འོས་པ་ཞིག་ཀྱང་རེད།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲ་ཤིས་ལགས། ཁྱོད་ལ་ཐུགས་ཁག་མི་འདུག ཧྲང་ཧེ་ཉིན་རེའི་གསར་ཤོག་སོགས་ཀྱིས་ཆ་ཚང་བཀོད་མི་འདུག དྲ་གནས་མང་པོ་ཞིག་གིས་གོང་གི་དོན་ཚན་དེ་དག་བཀོད་མི་འདུག རྒྱ་གར་དུས་བབ་གསར་ཤོག་གི་དྲ་ངོས་ནའང་ཆ་ཚང་མི་འདུག

    ཡིན་ཡང་ཞིན་ཧྭ་གསར་ཁང་གིས་ཆ་ཚང་འདི་བཀོད་འདུག

    Reply
  24. མཚོ་ཚང་བཀྲ་ཤིས། says:
    ལོ་ 16 སྔོན།

    ཕྲན་གྱིས་གཤམ་གྱི་འབྲེལ་ཐག་ནས་མཐོང་བ་ཡིན་ལགས།
    http://eng.tibet.cn/news/today/200911/t20091104_516238.htm
    འབྲེལ་ཐག་འདིའི་ནང་ཆ་ཚང་འཁོད་མི་འདུག

    Reply
  25. མཚོ་ཚང་བཀྲ་ཤིས། says:
    ལོ་ 16 སྔོན།

    ལུང་རིགས་རྒྱལ་ལགས། ངས་གོང་གི་འབྲེལ་ཐག་ནས་ཆ་ཚང་མཐོང་ཐུབ་སོང༌། ཁ་གསལ་བཟོས་པར་ཐུགས་རྗེ་ཆེ་ཞུ།

    Reply
  26. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲ་ཤིས་ཀྱིས་གོང་དུ་དྲངས་པའི་དབྱིན་ཡིག་གི་གསར་འགྱུར་འདི་ཆ་ཚང་བོ་ཞིག་མ་རེད།

    Deying Drolma said her family still keeps in touch with a brother of the Dalai Lama who resides in Hong Kong. She said her father even visited the Dalai Lama in India in 1989 and 1993.
    “The Dalai Lama left his hometown in Qinghai (in northwest China) when he was five and returned only once at the age of 18,” she said. “He is an old man now. And old people tend to miss their hometown. I wish he can come back to have a visit.”
    འདི་ནི་གོང་གི་གསར་འགྱུར་དེའི་འཕྲོས་རེད། གཤམ་གྱི་འབྲེལ་ཐག་དེའི་ནང་དུ་གཟིགས་རོགས། http://news.xinhuanet.com/english/2009-11/03/content_12380602.htm

    Reply
  27. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཏང་ནང་ལ་ཞུགས་པ་དེར་ཡ་མཚན་དགོས་པ་གང་ཡང་མི་འདུག ཡང་གཅིག་བཤད་ན། ཏྰ་ལའི་བླ་མའི་ཚ་མོ་ཡིན་ན་ཏྰ་ལའི་བླ་མ་འདྲ་ཞིག་ཡོང་དགོས་ཟེར་བ་འདི། རྟ་ཆེ་ན་རྟ་ལུད་ཀྱང་ཆེ་དགོས་པར་འདོད་པ་ལྟ་བུ་རེད། ད་ལྟ་བོད་མི་ཏང་ཡོན་པ་ཁྲི་འབུམ་མང་པོ་ཡོད་པ་རེད། ད་དུང་ངཚོས་ཀྱང་རྒྱ་ནག་དང་མཉམ་གནས་བྱ་རྒྱུའི་སྐད་ཆ་བཤད་ཀི་ཡོད་པ་རེད། རྒྱ་ནག་གུང་བྲན་ཏང་དེ་ཏང་མིས་རྩ་མེད་བཟོ་དགོས་པ་ཞིག་ཆགས་འདུག་པས། འདི་འདྲ་བའི་མི་མང་པོ་དེར་ཞུགས་ནས་དེ་རུལ་ཟད་དུ་བཏང་ན་དགེ་ལས་སྐྱོན་མི་འདུག

    Reply
  28. མཚོ་ཚང་བཀྲ་ཤིས། says:
    ལོ་ 16 སྔོན།

    Dalai Lama’s grand niece joins Communist Party of China

    2009-11-04 07:22:00 | by: | From: Xinhua
    Tools: Print Size Adjust
    A grand niece of the 14th Dalai Lama told Xinhua on Tuesday that she had joined the Communist Party of China (CPC).
    “I’m proud to join the CPC,” said 35-year-old Deying Drolma, grand niece of the Dalai Lama and now a soldier of the People’s Liberation Army (PLA). She took her oath to be a member of the CPC on June 26.
    “My grandmother Khyi Losel is a cousin of the Dalai Lama. When he fled to India in 1959, he asked her and her family to go with him but she refused. She told us we shall never betray our motherland,” said Deying Drolma.
    Deying Drolma wrote her first two applications to join the CPC in 1995 and 1998, but didn’t submit them out of concerns of her “special relationship” with the Dalai Lama, she said.
    “Last year and this year, I filed two more applications to the Party as I felt myself a qualified candidate.” And she was accepted.
    Deying Drolma joined the PLA after she graduated from high school in December 1993.
    “When I was a child, I often saw PLA doctors who traveled a lot and underwent great difficulties to relieve herdsmen in Tibet from diseases,” said Deying Drolma. “I was touched and have decided to become a PLA soldier ever since then.”

    བདེ་ཡངས་སྒྲོལ་མསབཤད་པ་ལྟར་ན། ཁོ་མོའི་ནང་མི་ཚོས་ད་ལྟ་ཡང་ཧོང་ཀོང་ན་ཡོད་པའི་ཏཱ་ལའི་བླ་མའི་སྐུ་སྤུན་ཞིག་ལ་འབྲེལ་བ་བྱེད་ཀྱིན་ཡོད་ལ། ཁོ་མོའི་པ་ལགས་ཀྱིས་ ༡༩༨༩ ལོ་དང་ ༡༩༩༣ ལོར་རྒྱ་གར་དུ་བསྐྱོད་དེ་ཏཱ་ལའི་བླ་མར་མཇལ་མྱོང་ཚུལ་ཡང་བཤད་འདུག

    མོས་བཤད་དོན། ཏཱ་ལའི་བླ་མ་དགུང་ལོ་ ༥ ཡིན་དུས་སོ་སོའི་ཕ་ཡུལ་མཚོ་སྔོན་དང་ཁ་བྲལ་བ་རེད། དེའི་རྗེས་ནས་དགུང་ལོ་ ༡༨ ཡིན་དུས་ཤིག་ལ་ཐེངས་ཤིག་ཕྱིར་ཕ་ཡུལ་ལ་ཕེབས་མྱོང་བ་རེད། ད་སྐབས་ཁོང་ཉིད་རྒན་པོ་ཆགས་ཡོད་པ་རེད། མི་རྒན་པ་ཚོས་སོ་སོའི་ཕ་ཡུལ་དྲན་གི་རེད། ངས་ཁོང་ཉིད་སོ་སོའི་ཕ་ཡུལ་ལ་གཟིགས་སྐོར་གནང་བར་ཕེབས་རྒྱུར་རེ་བ་དང་སྨོན་ལམ་རྒྱག་གིན་ཡོད་ཟེར།

    གོང་གི་བདེ་དབྱངས་སྒྲོལ་མའི་སྐད་ཆ་འདི་དག་དབྱིན་ཡིག་གསར་འགྱུར་ནང་གསལ་མི་འདུག་པ་གང་ཡིན་ནམ།

    Reply
  29. བསེ་རུ། says:
    ལོ་ 16 སྔོན།

    ཁོ་མོའི་དམིགས་ཡུལ་ཡང་གཞན་ཕན་གྱི་བསམ་བློ་གཞི་རྩར་བྱས་ཏེ་ཏང་ནང་ཞུགས་པ་ཞིག་རེད་མི་འདུག་གམ།
    དངོས་གནས་གཞན་ཕན་གྱི་སེམས་ཁམས་ཡོད་པའི་བོད་རིགས་ཏང་ཡོན་པ་གང་མང་ཡོད་ན་ཆོག་ཅིང་། ཁོ་ཚོའི་སེམས་ཁམས་ཀྱི་དབུས་སུ་ཡོད་པའི་བླ་སྲོག་ནི་༸གོང་ས་མཆོག་ཡིན་པའི་ཡིད་ཆེས་ཡོད།།

    Reply
  30. མཚོ་ཚང་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། གནས་ཚུལ་འདི་ངས་ཀྱང་ཁ་སང་ཕྱི་ཚེས་ 14 ཉིན་གྱི་ཤིན་ཧྭ་གསར་ཁང་ནས་སྤེལ་བའི་གནས་ཚུལ་ནང་མཐོང་བྱུང་། སྤྱིར་ཕ་ཡུལ་སྐུ་འབུམ་ལ་མཚོན་ན་ཡབ་གཞིས་ཚང་གི་དགའ་ཉེས་སྤུན་མཆེད་ཚང་མའི་ནང་བདེ་དབྱངས་སྒྲོལ་མ་འདྲ་བ་གཅིག་ཀྱང་མེད་ཅེས་ངས་ཁ་ཚོན་བཅད་ནས་བཤད་ཐུབ༎ གང་ལྟར་ངས་ཁོ་མོའི་ལོ་རྒྱུས་ཆ་ཚང་ཞིབ་འཇུག་བྱས་ཏེ་དྲ་གྲོགས་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱེད་ངེས་ཡིན།

    Reply
  31. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཏང་ནང་བཞུགས་པ་ཙམ་གྱིས་སྐྱོན་མི་འདུག སེམས་པ་བོད་ལ་ཆགས་ཡོད་ན། ཏང་གི་སྒྲིག་གཞིར་རྒྱ་མི་ཏང་ཡོན་ཚོ་ཡང་འགལ་ཚར་ཡོད་རེད།

    Reply
  32. ཉིམ་རྒྱལ། says:
    ལོ་ 16 སྔོན།

    གུང་ཁྲན་སྲིད་ཇུས་གསེར་རེད།
    ལག་པ་བརྡབ་ན་གཟི་བརྗིད་རེད།
    ཤིན་ཧྭ་གསར་འགྱུར་ཟློག་སྒྲུག་རེད།
    དེ་ལ་བལྟས་ན་སྨྱོ་རོགས་རེད།

    Reply
  33. རྭ་ལོ། says:
    ལོ་ 16 སྔོན།

    བདེ་ཡངས་སྒྲོལ་མ་གུང་ཁྲན་ཏང་ཡོན་ཞིག་རེད། རྒྱ་ནག་གཞུང་གི་བཤད་སྟངས་གཞིར་བྱས་ན། ཁོ་མོས་རང་ཉིད་ཁ་བྲལ་རིང་ལུགས་པར་འབྲེལ་བ་ཡོད་པ་ཁས་ལེན་བྱས་པ་མ་རེད་དམ། བོད་རིགས་གཞན་རྣམས་ལ་འདི་འདྲའི་རང་དབང་གི་གཏམ་བཤད་ཅིག་སྤེལ་དབང་ཡོད་དམ།

    Reply
  34. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་རིགས་སྤྱི་མ་བཤད། བདེ་ཡངས་སྒྲོལ་མ་གཅིག་པུ་མིན་པར། བོད་རིགས་གུང་ཁྲན་ཏང་ཡོན་ཕལ་ཆེ་བས་ཏཱ་ལའི་བླ་མ་མཆོག་ཕྱིར་ཕ་ཡུལ་ལ་ཕེབས་རྒྱུར་རེ་བ་རྒྱག་གིན་ཡོད་པ་དེ་ཡང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ན་ཡག་པོ་ཡོད་པ་རེད།
    ཞིན་ཧྭ་གསར་ཁང་གི་གནས་ཚུལ་སྤེལ་སྟངས་འདི་ག་རེ་ཡིན་མིན་ཤེས་ཁག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese